Terdzo-SHI-010: Difference between revisions
From Rinchen Terdzö
m (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ") |
m (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ") |
||
Line 48: | Line 48: | ||
ཨོཾ་ཨཱཿཧཱུྃ། དབྱིངས་རིག་སྟོང་གསལ་ཐིག་ལེའི་དཀྱིལ་འཁོར་དུ། །རང་བྱུང་ལྷུན་གྲུབ་འོད་གསལ་འདུས་མ་བྱས། །ཐོག་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དང་། །ཨོ་རྒྱན་ལ་སོགས་བཀའ་བརྒྱུད་བླ་མ་དང། །ཡི་དམ་ལྷ་དང་བཀའ་སྲུང་དམ་ཅན་བཅས། །དངོས་གྲུབ་ཀུན་གྱི་འབྱུང་གནས་ཐམས་ཅད་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །བླ་མེད་བརྗོད་དཀའ་འོད་གསལ་སྙིང་པོ་མཆོག །ཨོ་རྒྱན་ཐུགས་བཅུད་རྣལ་འབྱོར་བདག་གི་སྙིང་། །མཁའ་འགྲོའི་སྙིང་ཁྲག་ཀློང་གསལ་སྙིང་ཐིག་གི། །དམར་ཁྲིད་ཟབ་མོ་གནད་ཀྱི་མན་ངག་ནི། །རྗེས་འཇུག་སློབ་མ་ལས་ཅན་སྐྱེས་བུའི་དོན། །ལེགས་པར་འདིར་དགོད་ལྷ་དང་རིག་འཛིན་སོགས། །ཆོས་བདག་མཁའ་འགྲོས་རྗེས་སུ་གནང་བར་མཛོད། །དེ་ལ་དམ་ཆོས་ཀློང་གསལ་སྙིང་ཐིག་གི་གསང་ཆེན་གནད་ཀྱི་དམར་ཁྲིད་འདི་ལ་དོན་བཅུ་སྟེ། དེ་ཡང་ཐོག་མར་བླ་མ་དང་སློབ་མ་བརྟག་པ། གནས་དང་ཡོ་བྱད། དུས་དང་རྟེན་འབྲེལ། གདམས་པ་དང་མཐུན་རྐྱེན་ལ་སོགས་བརྟག་པ་རྣམས་ནི་ཞིབ་ཏུ་གཞུང་གི་ཁྲིད་ལས་བླང་ཤེས་པར་བྱའོ། །དང་པོ་ཐུན་མོང་གི་སྔོན་འགྲོས་བསོད་ནམས་ཀྱི་ཚོགས་གསག་པ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོས་འཁོར་འདས་རུ་ཤན་དབྱེ་བ་དང་། རྣལ་འབེབ་སོར་འཇོག་གིས་སྒོ་གསུམ་རྣལ་དུ་དབབ། བླ་མའི་རྣལ་འབྱོར་གྱིས་བྱིན་རླབས་ཀྱི་བཀའ་དབབ། བྱུང་གནས་འགྲོ་གསུམ་གྱིས་གནས་ལུགས་ཀྱི་མཚང་བཙལ། ངོ་སྤྲོད་བཙན་ཐབས་ཀྱིས་གནས་ལུགས་ཀྱི་ཞལ་བསྟན། གཞི་ཁྲེགས་ཆོད་ཀྱི་ཁྲིད་ཀྱིས་གོལ་མེད་ཀྱི་མཐའ་གཅད། བོགས་འདོན་གེགས་སེལ་གྱིས་ཉམས་ལེན་མཐར་བསྐྱལ། ཐོད་རྒལ་གྱི་ཁྲིད་ཀྱིས་ཟབ་ལམ་གྱི་གནད་བསྟན། མཐའ་རྟེན་གྱི་མན་ངག་གིས་ཆོས་ཟད་ཀྱི་མཐར་བསྐྱལ་བའོ། །དང་པོ་ཐུན་མོང་གི་སྔོན་འགྲོ་ལ་བརྒྱད་དེ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ། ཚོགས་གསག་མཎྜལ། ཉམས་ཆག་གསོ་ཞིང་ཚོགས་གསག་པ། ཀུ་སུ་ལུའི་རྣལ་འབྱོར། སྒྲིབ་པ་སྦྱོང་བ་ཡིག་བརྒྱའི་བཟླས་པའོ། །འདི་ལྟར་ཐུན་མོང་གི་སྔོན་འགྲོ་ཡན་ལག་བརྒྱད་པོ་རྒྱས་པར་ཆོས་སྤྱོད་ལམ་རིམ་དང་། བསྡུས་པ་ཆོས་སྤྱོད་ཡིད་བཞིན་ནོར་བུར་ཤེས་པར་བྱའོ།། །།གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོས་འཁོར་འདས་རུ་ཤན་དབྱེ་བ་ལ་གསུམ་སྟེ། ཕྱི་དང་། ནང་དང་། གསང་བའི་རུ་ཤན་དབྱེ་བའོ། །དང་པོ་ཕྱི་ལྟར་རུ་ཤན་དབྱེ་བ་ནི། དང་པོ་ཕྱི་ལྟར་ལུས་ངག་ཡིད་གསུམ་ཡིན་ཞིང་། དགོས་ཆེད་ནི། དང་པོ་ལུས་རུ་ཤན་ཕྱེ་བས། ཕྱི་ལྟར་ལུས་ཀྱི་འབྱུང་བ་ཆ་སྙོམས་པས་ཚེ་རིང་ནད་དཀོན། ནང་ལྟར་ལུས་ཀྱི་སྒྲིབ་པ་དག་པས་གྲུབ་པ་མྱུར་དུ་ཐོབ་པ་དང་། གསང་བ་ནི་ཡེ་ཤེས་དངོས་སུ་འཆར་བས་སྣང་བ་བཞིའི་འཕེལ་མྱུར་དུ་རྫོགས་པས་རྡོ་རྗེའི་སྐུ་ཐོབ་པའི་དགོས་པ་ཡོད་དོ། །རྒྱུད་ཀྱི་དགོས་ཆེད་ཡོན་ཏན་ལ་སོགས་པའི་ལུང་རྣམས་འདིར་མ་སྤྲོས་པས་གཞུང་དུ་ཤེས་པར་བྱའོ། །དང་པོ་ལུས་ཀྱི་དབྱེ་བ་དངོས་ནི། བདེ་བའི་སྟན་ཐོག་ཏུ་ལུས་རྡོ་རྗེ་སྐྱིལ་ཀྲུང་རྐང་མཐིལ་སྤྲད། རྒལ་ཚིགས་དྲང་པོར་བསྲང་། ལུས་ཉྭ་བཞི་བསྒྲིམ་ཅིང་ལྟག་རྩ་དྲང་པོར་འཐེན། ལག་གཉིས་ཐལ་མོ་སྤྱི་བོར་ཤད་རྐྱང་། ལྟ་སྟངས་བར་སྣང་ལ་ཧ་རེ་གཏད། དམིགས་པ་ཡིད་ཀྱི་ཡུལ་ཡང་ནམ་མཁའི་མཐོངས་སུ་ཐ་ལེ་གནས་པའི་ངང་ནས། ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཁྲང་ངེ་བ་ཞིག་ཡིད་ཡུལ་དུ་བསྒོམ། དེ་ལྟར་ཅི་ཙམ་ཁམས་ཀྱིས་ལྕོགས་པའི་བར་དུ་བྱ་ཞིང་། དེ་ཡང་དང་པོ་མི་གཅིག་ཟན་ཟ་ཡུན་ཙམ། དེ་ནས་ཅི་ཙམ་ལྕོགས་པས་ཉིན་མཚན་གཉིས་ལ་སྙིང་རུས་བསྐྱེད་པར་བྱའོ། །དེ་ལྟར་བསྒོམས་པས་རྩ་གཙོ་བོ་གསུམ་འཁོར་ལོ་ལྔ་ལ་སོགས་པ་རྣམས་གནད་དུ་ཚུད་པས་མཐར་ཐུག་རྡོ་རྗེའི་སྐུ་ཐོབ་ཅིང་། གནས་སྐབས་སུ་བར་ཆད་སེལ་ཞིང་སྲུང་བའི་མཆོག་ཏུ་ཡང་འགྱུར་རོ། །དེ་ལྟ་བུའི་འདུག་སྟངས་ལ་ཡུན་དུ་གནས་པར་བྱ་ཞིང་། མ་ལྕོགས་པ་དང་ཧ་ཞེས་སྒྲ་སྟོང་པ་ཞིག་བཏོན་ལ་དེ་དང་དུས་མཉམ་དུ་རང་གི་རིག་པ་ཨ་དཀར་པོར་གནས་པ་དེ་སྤྱི་གཙུག་གི་ནམ་མཁའ་ལ་རྒྱང་གིས་སོང་བར་བསམ་པ་དང་། དུས་མཉམ་དུ་ལུས་ཕྱི་གན་དུ་ཕྲས་ཀྱིས་འགྱེལ། དུར་ཁྲོད་ཀྱི་རོ་བཞིན་དུ་ཁྲེས་སེ་བསྐྱུར། གཏད་མེད་འཛིན་མེད་ཀྱི་ངང་རྩ་བྲལ་དུ་ཁྲེས་སེ་བཞག་གོ །དེ་ལྟར་ཞག་གསུམ་མམ་གཉིས་ལ་སོགས་པ་འབད་པས་བརྩོན་ན་ལུས་ཀྱི་རུ་ཤན་ཕྱེད་ཅིང་། སྤྱིར་ནི་ལུས་ངག་ཡིད་གསུམ་ཀའི་རུ་ཤན་ཕྱེད་དོ། །ཅིའི་ཕྱིར་ཞེ་ན། ལུས་རྡོ་རྗེའི་འདུག་སྟངས་ཀྱིས་ལུས། ཡིད་དམིགས་མེད་ཀྱི་ནམ་མཁའ་ལ་གཏད་པས་ཡིད། ངག་ཏུ་ཧ་ཞེས་བརྗོད་པས་རླུང་གི་གནད་ཀྱིས་ངག་གི་རུ་ཤན་ཕྱེད་དེ། དེ་ནི་རྫོགས་ཆེན་སྤྱི་སྐད་ཀུན་དང་མི་འདྲ་སྟེ། འདི་ཉིད་ཟབ་པས་འདི་ཉིད་རང་གིས་སེམས་ཀྱི་གཞི་རྩ་ཆོད་པ་དང་གནས་ལུགས་མཐོང་བ་འབྱུང་ངོ་། །ས་མ་ཡ། གཉིས་པ་ངག་འཁོར་འདས་རུ་ཤན་དབྱེ་བ་ནི། ཡང་བདེ་བའི་གདན་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ་མིག་བར་སྣང་ལ་བལྟ་སྟངས་ཧད་པོར་གཏད་ལ། སྣང་བ་ཟིལ་གྱིས་གནོན་ཅིང་། དེའི་ངང་ནས་ངག་ཏུ་ཧཱུྃ་དྲག་ངར་དང་ལྡན་པར། རླུང་ཐངས་རེ་ལ་ཧཱུྃ་ཉི་ཤུའམ་སུམ་ཅུ་རེ་ཙམ་སྒྲ་གྲགས་སྟོང་དུ་ལྷང་ལྷང་བཟླས་ཤིང་རང་གི་ཁ་ནས་ཧཱུྃ་གཅིག་ཐོན་གཉིས་ཐོན་གྲངས་མེད་དུ་ཐོན་ནས་ཉེ་ལོགས་ཐོ་ཕྱི་ཐམས་ཅད་ཧཱུྃ་དུ་རོང་རོང་ཁེངས་པར་བསམ་ཞིང་། དེ་ནས་ཧཱུྃ་རྣམས་ཕྱིར་ཤིག་ཤིག་སོང་བས་ནམ་མཁའི་མཐའ་དང་མཉམ་པར་བློས་ཁྱབ་ཚད་ནས་ཕར་ཧཱུྃ་རྣམས་རོང་རོང་སོང་བར་བསམ་ཞིང་ངག་ཏུ་ཡང་འུ་རུ་རུ་བཟླ་འོ། །ཡང་ཚུར་རོང་རོང་ཉེ་བར་འདུས་ཏེ། ལུང་པ་ཐོ་ཕྱི་ཐམས་ཅད་ཁེངས་པར་གྱུར་ནས། ཡང་རང་གི་ཁར་གཅིག་བྱུང་གཉིས་བྱུང་མང་དུ་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་ཧཱུྃ་གིས་ཁེངས་ཏེ་དྲག་ཏུ་བཟླས་པས་རང་ལུས་རྩེ་མའམ་ཚགས་འུ་ལྟ་བུར། ཧཱུྃ་རྣམས་ལུས་ཀྱི་སྤྱི་བོ་དང་རྐང་མཐིལ་གཡས་གཡོན་རྒྱབ་མདུན་ཐམས་ཅད་དུ་གོ་མཚམས་མེད་པར་བཏང་ནས་ཅི་ལྟར་གཅིག་ནས་ཧཱུྃ་གིས་ལུས་བར་སྣང་ལ་ཁྱེར་ཏེ། ནམ་མཁའ་ལ་ཡེམས་ཡེམས་ཡོད་པར་བསམ་ཞིང་བཟླས་ལ། ལུས་ངལ་ཏེ་ཆད་པ་དང་ཕཊ་ཅེས་སྒྲ་སྟོང་པ་ཞིག་བརྗོད་ནས་རང་གི་རྒྱུད་ཐོག་ཏུ་རང་ངོ་ལ་བལྟ་སྟེ་མཉམ་པར་གཞག་གོ །འདི་ལ་ཡང་ཞག་གསུམ་གཉིས་ལ་སོགས་སྐབས་དང་སྦྱར་རོ། །དེ་ལྟར་ཡུན་དུ་སྦྱངས་པས། སྤྱིར་ལུས་ངག་ཡིད་གསུམ་གྱི་རུ་ཤན་ཕྱེད་ཅིང་། རྫོགས་ཆེན་སྤྱི་སྐད་ཀུན་དང་མི་འདྲ་སྟེ་འདི་ཁྱད་པར་འཕགས་ཏེ། ཅིའི་ཕྱིར་ན། ལུས་ཆོས་བདུན་དང་ལྡན་པ་དང་། ཧཱུྃ་གིས་ཚགས་འུ་ལྟར་སྦྱངས་པས་ལུས་ཀྱི་རུ་ཤན་ཕྱེད་ཅིང་། ངག་ཧཱུྃ་བཟླས་པས་ངག །ཡིད་སྤྲོ་བསྡུའི་དམིགས་པས་ཡིད་ཀྱི་རུ་ཤན་ཕྱེད་ཅིང་། འདི་ཉིད་ཀྱིས་རང་གི་སེམས་གནས་འགྱུ་རྩད་ཆོད་པར་འགྱུར་རོ། །ས་མ་ཡ། གསུམ་པ་ཡིད་འཁོར་འདས་རུ་ཤན་དབྱེ་བ་ནི། ཡང་ལུས་ཆོས་བདུན་དང་ལྡན་པར་བྱས་ཏེ། རང་གི་སྙིང་གི་དཀྱིལ་དུ་སེམས་ཉིད་ཨ་དཀར་པོ་མཐེ་བོང་ཙམ་པ་གསལ་ལ་འཚེར་བ་ཞིག་བསྒོམས་ལ། ཨ་དེ་ལས་འོད་མཆེད་པས་རང་ལུས་ཐམས་ཅད་ཨའི་འོད་ཀྱིས་གང་ནས་ལུས་དང་ཨའི་འོད་དབྱེར་མེད་དུ་ཁྲུག་གིས་འདྲེས། རང་ལུས་འོད་ཀྱི་གང་བུར་གྱུར་པ་དེ། ཀོ་མོག་ཏུ་རྡོ་སྐྱུར་བའམ། འཇའི་དཀྱིལ་འཁོར་ལྟར་དུ་རིམ་པ་བཞིན་དུ་འོད་དུ་ཡ་ལ་ལ་མཆེད་ནས་སོང་བར་བསམ་ཞིང་། དེ་ནས་ཡང་རིམ་པ་ལྟར་དུ་འོད་ཚུར་ལ་འོ་ལོ་ལོ་འདུས་ནས་སྔར་བཞིན་སྙིང་གར་ལམ་བྱུང་ནས་གསལ་བ་དེ་ལ་ཕཊ་ཅེས་སྒྲ་སྟོང་པ་ཞིག་བརྗོད་ལ་དམིགས་པའི་སྤྲོ་བསྡུ་དེ་རྣམས་རྦད་ཀྱིས་བཅད་ལ་དམིགས་མེད་ཀྱི་ངང་ལ་ཁྲེས་སེ་བསྐྱུར། རྩ་བྲལ་གྱི་ངང་དུ་ལྷན་གྱིས་བཞག་གོ །དུར་ཁྲོད་ཀྱི་རོའམ་སྐྱེས་བུ་ཁོང་གི་སྙིང་ཕྱུང་བ་ལྟར་དུ་གཏད་མེད་དུ་ཁྲེས་སེ་བཞག་གོ །དེ་ནས་དམིགས་པའི་སྤྲོ་བསྡུ་གོང་གི་ཨ་དེ་མཐིང་ཁར་བསྒྱུར་ཏེ། དམིགས་པ་སྔར་བཞིན་དུ་གསལ་བར་བསྒོམ། དེ་ནས་ཨ་སེར་པོ། དམར་པོ། ལྗང་གུ་ལ་སོགས་ལ་རིམ་པར་གོང་མ་ལྟར་འཕྲུལ་ཤེས་པར་བྱ་སྟེ། དེས་ནི་ཡིད་ཀྱི་སྒྲིབ་པ་དུག་ལྔ་སྦྱང་ཞིང་དག་པར་འགྱུར་ཏེ། ཨ་དཀར་པོ་བསྒོམས་པས་གཏི་མུག །མཐིང་ག་བསྒོམས་པས་ཞེ་སྡང་། སེར་པོ་བསྒོམས་པས་ང་རྒྱལ། དམར་པོ་བསྒོམས་པས་འདོད་ཆགས། ལྗང་གུ་བསྒོམས་པས་ཕྲག་དོག་དག་སྟེ་དུག་ལྔའི་ས་བོན་བཅད་དེ། ཡེ་ཤེས་ལྔ་རང་བཞིན་གྱིས་རྒྱས་པར་འགྱུར་རོ། །དེས་ན་འདིས་རང་གི་ལུས་ངག་ཡིད་གསུམ་གྱི་རུ་ཤན་ཕྱེད་པར་འགྱུར་ཏེ། ལུས་དང་ཨ་འོད་དབྱེར་མེད་དུ་བསྲེས་པས་ལུས། ཕཊ་ཀྱི་སྒྲ་སྐད་ཀྱིས་རྩའི་དྭངས་སྙིགས་ཕྱེད་པས་ན་ངག །དམིགས་པའི་སྤྲོ་བསྡུས་ཡིད་ཀྱི་རུ་ཤན་ཕྱེད་དེ། དེས་ན་རྫོགས་ཆེན་སྤྱི་སྐད་ཀུན་ལས་ཁྱད་པར་འཕགས་ཏེ། འདི་ཉིད་རང་གིས་རིག་པའི་གྲུངས་ཐོན། གནས་ལུགས་ཀྱི་མཚང་རིག་པ་དག་ཀྱང་འབྱུང་ངོ་། །ས་མ་ཡ། དེ་ལྟར་ལུས་ངག་ཡིད་གསུམ་རུ་ཤན་ཕྱེད་པ་ལ་བརྟེན་ནས། ད་ཕྱིན་ཆད་ལུས་ངག་ཡིད་གསུམ་འཁོར་བར་མི་ལྡོག་པ་དང་། ལུས་ངག་ཡིད་གསུམ་གྱི་འཛིན་པ་དང་ཞེན་པ་ལས་གྲོལ་བ་དང་། གནས་སྐབས་སུ་ཡང་ཡོན་ཏན་མྱུར་དུ་སྐྱེ་བ་དང་། མཐར་ཐུག་ཏུ་ལུས་ངག་ཡིད་གསུམ་སྐུ་གསུམ་དུ་གྲོལ་བར་འགྱུར་རོ། །དེ་ལྟར་རུ་ཤན་ཕྱེད་པའི་རྟགས་སུ། ལུས་རྟགས་སུ་ལུས་དང་པོ་ན་ཞིང་ཟུག་པ་ལུས་ཞིག་པ་ལྟ་བུ་དང་། ཡང་ཞིང་བདེ་བ་དང་། བཀྲེས་སྐོམ་མེད་པ་དང་། ལུས་ཡོད་དུ་མི་ཚོར་བ་ལ་སོགས་པ་འབྱུང་ངོ་། །ཡང་ལུས་ཉམས་ཀྱིས་འདར་བ་དང་། འཕྲིག་པ། འཕར་བ། བྲོ་རྒྱག་པ་དང་། གར་བྱེད་པ་ལ་སོགས་འབྱུང་ཡང་སྲིད་དོ། །ངག་གི་རྟགས་སུ། སཾསྐྲྀཏའི་སྐད་དང་། ངུ་བ་དང་། དགོད་པ་དང་། དབྱངས་ལེན་པ་དང་། གླུ་ལེན་པ་ལ་སོགས་པ་ངེས་མེད་དུ་འབྱུང་ངོ་། །ཡིད་ཀྱི་རྟགས་སུ། རྣམ་རྟོག་རྒྱུན་ཆད། སེམས་གཏད་མེད། དྲན་པ་འོལ་པོ་རྗེས་མེད། མོས་གུས་དང་། དག་སྣང་དང་། སྙིང་རྗེ་དང་། ད་ནི་འཁོར་བ་དང་རུ་ཤན་ཕྱེད་པས་འཁོར་བར་ཟློག་མི་སྲིད་བསམ་པའི་དགའ་བ་དང་ཉམས་ལ་སོགས་པ་འབྱུང་ངོ་། །དེས་ན་འདི་ནི་ཀུན་ལས་ཁྱད་པར་འཕགས་སོ། །ས་མ་ཡ། དོན་གཉིས་པ་ནང་གི་རུ་ཤན་དབྱེ་བར་བྱ་སྟེ། ཅི་ལྟར་དབྱེ་ན། རང་གི་ལུས་འདི་རིགས་དྲུག་ཏུ་སྐྱེ་བའི་རྒྱུའམ་ས་བོན་ཡིག་འབྲུ་དྲུག་ཡོད་དོ། །འདི་དྲུག་གཉེན་པོའི་ཡེ་ཤེས་ཀྱིས་སྦྱང་སྟེ། དེ་ཡང་རང་གི་སྤྱི་བོ་ན་ལྷའི་ས་བོན་ཨ། མགྲིན་པ་ན་ལྷ་མིན་གྱི་ས་བོན་སུ། སྙིང་ཁ་ན་མིའི་ས་བོན་ནྲྀ། ལྟེ་བ་ན་བྱོལ་སོང་གི་ས་བོན་ཏྲི། གསང་གནས་ན་ཡི་དྭགས་ཀྱི་ས་བོན་པྲེ། རྐང་མཐིལ་ན་དམྱལ་བའི་ས་བོན་དུ། དེ་རྣམས་གནས་པས་དེ་རྣམས་ཡེ་ཤེས་ཀྱི་མེས་སྦྱང་སྟེ། རང་གི་སྙིང་ཁ་ཆོས་ཀྱི་འཁོར་ལོའི་དཀྱིལ་རྩ་དབུ་རྐྱང་རོ་གསུམ་ལས། དབུས་དབུ་མ་ལ་ཧཱུྃ། གཡས་རོ་མ་ལ་ཨཱོྃ། གཡོན་རྐྱང་མ་ལ་ཨཱཿགནས་པར་བསྒོམས་ལ། དེ་ནས་འབྲུ་གསུམ་ལས་ཡེ་ཤེས་ཀྱི་མེ་འབར་བས་ལུས་ཀྱི་ནང་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ས་བོན་དྲུག་པོ་ཤིང་སྡོང་ཁོང་རུལ་གྱི་ནང་ལ་མེ་འབར་བ་ལྟར་དུ་འུར་སྒྲ་དང་བཅས་ཏེ་འབར་བས། སྤྱིར་ནི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དང་ཉམས་ཆག །ཁྱད་པར་དུ་རིགས་དྲུག་ཏུ་སྐྱེ་བའི་ས་བོན་རྣམས་ནག་ཐུལ་གྱིས་འཚིག་པར་བསམ་ཞིང་ངག་ཏུ་ཨོཾ་ཨཱཿཧཱུྃ། ཞེས་འབུམ་ཚོ་བདུན་ནམ་ལྔའམ་གསུམ་ལ་སོགས་ཅི་རིགས་བཟླ་ཞིང་། ཐུན་མཚམས་སུ་ཕཊ་ཕཊ་ཅེས་དྲུག་བརྗོད་པས། ས་བོན་བསྲེགས་པའི་ཐལ་བ་ནག་ཕུང་ངེ་འདུག་པ་དེ་རྣམས་སྤྱི་བོ་ནས་རིམ་པར་ཕཊ་གཅིག་གིས་མགྲིན་པར་རྒྱང་ངེ་འཕོས། གཉིས་པས་མགྲིན་པའི་ས་བོན་བསྲེགས་སྙིང་གར་འཕོས། དེ་བཞིན་དུ་ཕཊ་ལན་རེ་བཞིན་དུ་ལྟེ་བ། གསང་གནས། རྐང་མཐིལ་ལས་ཀྱང་ཕཊ་ཅེས་ཐ་མ་དེ་ལ་ཕྱིར་རྒྱང་ངེ་ཐོན་པར་བསམ། རྗེས་སུ་དམིགས་པའི་འཕྲོ་འདུ་རྣམས་རྦད་བཅད་ལ་སྤྲོས་མེད་ཀྱི་ངང་ལ་ལྷོད་ཀྱིས་ཀློད། རྩ་བྲལ་གྱི་ངང་ལ་ལྷན་གྱིས་བཞག །དེས་ནི་རིགས་དྲུག་ཏུ་སྐྱེ་བའི་རྒྱུའམ་ས་བོན་མེད་དོ། །དཔེར་ན་ཐབ་ཀྱི་མེ་བསད་པས་མཐོངས་ཁུང་གི་དུ་བ་ཆད་པ་དང་མཚུངས་ཏེ། རྫོགས་ཆེན་སྤྱི་སྐད་ཀུན་དང་མི་འདྲ་སྟེ་འདི་ཉིད་རང་གིས་རུ་ཤན་ཕྱེད་པར་འགྱུར་ཏེ། ཤིན་ཏུ་ཟབ་པས་འདི་ལ་འབད་པར་བྱའོ། །ཞག་གསུམ་ལ་སོགས་གནས་སྐབས་དང་བསྟུན་ནོ། །འདི་ནི་རིགས་དྲུག་གི་སྐྱེ་སྒོ་གཅོད་པའི་སྤུ་གྲི་སྟེ་ཤིན་ཏུ་ཟབ་བོ། །ས་མ་ཡ། དེ་ནས་ལུས་ངག་ཡིད་གསུམ་རྣལ་དུ་དབབ་པ་ཤིན་ཏུ་གལ་ཆེ་སྟེ། ཅིའི་ཕྱིར་ན། གོང་གི་སྔོན་འགྲོ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་ལ་སོགས་ལུས་ངག་ཡིད་གསུམ་རྩོལ་བ་ལ་འབད་པས་ལུས་ཀྱི་འབྱུང་བ་དང་ཁམས་འཁྲུགས་པས་དངོས་གཞིའི་གནས་ལུགས་རྒྱུད་ལ་མི་སྐྱེ་བས་དེ་དག་སོར་གཞུག་པའི་ཕྱིར་ལུས་ངག་ཡིད་གསུམ་རྣལ་དུ་དབབ་སྟེ། ཅི་ལྟར་དབབ་ན། དབེན་པའི་གནས་སུ་བདེ་བའི་གདན་ལ། ལུས་ངག་ཡིད་གསུམ་ཆ་ནས་ཀློད་དེ་མི་བཅོས་པར་གར་བདེ་བར་བཞག་ཅིང་། ལུས་ངག་ཡིད་གསུམ་རྣམ་རྟོག་བསམ་བློ་རྐྱེན་དབང་དུ་མི་བཏང་བས་ལུས་མི་འགུལ། ངག་མི་སྨྲ། སེམས་མི་སྤྲོ། ཅི་བདེ་རུ་གནས་པར་བྱའོ། །དེ་ལ་ཡང་ཞག་གཅིག་གཉིས་གསུམ་གང་ཡང་རུང་བར་བྱ་ཞིང་། དེ་ལྟར་ཕབ་པའི་ཡོན་ཏན་གྱིས། རང་སེམས་ཤུགས་སམ་ངང་གིས་གནས་ཤིང་། བདེ་བ་རང་བབ་ཀྱི་སྒོམ་ཞིག་ཅིས་ཀྱང་འབྱུང་བས། དེས་ན་རྣལ་དུ་འབེབ་པ་འདི་ཟབ་བོ། །ས་མ་ཡ། དེ་ནས་སོར་གཞུག་པ་ནི། བདེ་བའི་སྟན་ལ་རང་ཉིད་ལུས་དྲང་པོར་བསྲང་ཆོས་བདུན་དང་ལྡན་པས། སྙིང་གར་གསེར་གྱི་རྡོ་རྗེ་རྒྱ་གྲམ་བསམ། དེའི་ལྟེ་བ་ལ་ཧཱུྃ་མཐིང་ནག་ཚོན་གང་བ་ཞིག་གསལ་བར་བསྒོམ། རྡོ་རྗེའི་ལྟེ་བའི་འོག་ཏུ་རང་གི་རིག་པ་ཨ་དཀར་པོ་བུང་བའམ་སྲན་མ་ཙམ་བསྒོམ། དེ་ནས་ཨ་དེ་རྒྱང་ངེ་ཐོན། སྟེང་གི་ཧཱུྃ་དེ་ལ་བསྐོར་བ་རང་འཁོར་ཉི་ཤུ་སུམ་ཅུ་ལྔ་བཅུ་བརྒྱ་ལ་སོགས་པ་བསྐོར་བར་བསམ་ཞིང་། གསལ་བདོ་བ་ལ་ཕཊ་ཅེས་བརྗོད། ཨ་དེ་སྐད་ཅིག་ཡལ་བར་བསམ་ལ། སེམས་མ་བཅོས་སྤྲོས་བྲལ་གྱི་ངང་དུ་ལྷོད་དེ་ཀློད་ལ། འདི་ལ་ཡང་ཞག་གཅིག་ཙམ་མམ། གང་ཡང་རུང་བར་སྦྱང་ངོ་། །དེས་ནི་དམིགས་པ་དང་སེམས་ཀྱི་ཁ་ལོ་གང་དུ་ཡང་བསྒྱུར་དུ་རུང་བ་དང་། མཉེན་བཙལ་ལམ་དུ་འཇུག་པ་ཀུན་ཀྱང་འགྲུབ་པར་འགྱུར་རོ། །དེས་ན་འདི་ནི་ཤིན་ཏུ་ཟབ་བོ། །ས་མ་ཡ། བཞི་པ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་འཕོ་བའི་ཚུལ་དུ་བླང་ཞིང་། རང་རིག་བླ་མའི་རྣལ་འབྱོར་གྱིས་རང་བྱུང་རང་ཞལ་མཇལ་བའི་གནད་འདི་ལ་བཞི་སྟེ། དང་པོ་གསོལ་བ་གདུང་ཡུས་ཀྱི་ཚུལ་དུ་གདབ་པ། བྱིན་རླབས་བཀའ་བབས་ཀྱི་ཚུལ་དུ་བླང་བ། གཉིས་མེད་དུ་བསྲེ་བ། རང་རིག་དོན་གྱི་བླ་མ་དང་མཇལ་ཐབས་སོ། །དང་པོ་གསོལ་བ་གདབ་པ་ནི། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་པས། རང་ཡི་དམ་དུ་གསལ་བའི་སྤྱི་གཙུག་གི་ནམ་མཁར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་དབུས་པདྨ་འདབ་མ་སྟོང་དང་ལྡན་པའི་སྟེང་ཉི་ཟླའི་གདན་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། རྩ་བའི་བླ་མ་དེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཀུན་འདུས་པའི་བདག་ཉིད། རིགས་ཐམས་ཅད་འདུས་པའི་གཙོ་བོ། སྐུས་ཞིང་ཁམས་ཐམས་ཅད་ལ་ཁྱབ་པ། ཞིང་ཁམས་ཐམས་ཅད་སྐུ་ལ་སྣང་བ། གཟི་བརྗིད་འོད་དང་ལྡན་པ། སྐུ་དར་ལ་བབ་པ། ཉི་མ་འབུམ་ལས་འོད་ཟེར་ཆེ་བ། དྲན་པ་ཙམ་གྱིས་འཁོར་བའི་དུཿཁ་སེལ་བ། གསོལ་བ་བཏབ་ན་མཆོག་ཐུན་གྱི་དངོས་གྲུབ་རྩོལ་མེད་དུ་འབྱུང་བ་ཞིག་བསྒོམ། རྩ་བའི་བླ་མའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། རང་གི་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་དང་། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བླ་མའི་ཐུགས་ཀར་ཐིམ་པའམ། མཐའ་སྐོར་དུ་ཁྲ་ཁྲིག་གེར་བཞུགས་པར་བསམ། དེའི་སྤྱི་བོར་ཨོ་རྒྱན་པདྨ་ཨ་ཙར་བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན་སྤྲུལ་སྐུའི་ཆ་ལུགས་སུ་དཀར་དམར་མདངས་དང་ལྡན་པ་ཞིག་བསྒོམ། དེའི་སྤྱི་བོར་མཁས་མཆོག་ཤྲཱི་སིཾ་ཧ་པཎྜི་ཏ་དམར་ལ་འོད་ཆགས་པ་སེ་འུའི་མདོག་ལྟ་བུ་སྤྱན་རྩ་དམར་ཧྲིག་གེ་བ་ཞིག་བསྒོམ། དེའི་སྤྱི་བོར་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེ་སྐུ་མདོག་དཀར་པོ་དབུ་གཙུག་ཏོར་ཕྱག་གཡས་པ་ས་གནོན་གཡོན་མཉམ་གཞག་ཤཱཀ་ཐུབ་དཀར་པོའི་ཆ་ལུགས་ལྟ་བུ་ཞིག་བསྒོམ། དེའི་སྤྱི་བོར་རྒྱལ་བ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་པས་དྲིལ་བུ་འཛིན་པ། རྒྱན་དུ་མས་སྤྲས་པའི་འོད་ཟེར་ཅན་ཞིག་བསྒོམ། དེའི་སྤྱི་བོར་དྲུག་པ་རྡོ་རྗེ་འཆང་ཆེན་སྐུ་མདོག་མཐིང་ཁ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་རུས་པའི་རྒྱན་དྲུག་གིས་སྤྲས་པ་ཞིག་བསྒོམ། དེའི་སྤྱི་བོར་ཆོས་སྐུ་ཀུན་བཟང་ཡབ་ཡུམ་སྐུ་མདོག་མཐིང་གའམ་དཀར་པོ། ཕྱག་མཉམ་གཞག་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་པ། དེ་རྣམས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་མ་འདྲེས་པ་སོ་སོར་གསལ་བ་ནམ་མཁའི་འཇའ་ཚོན་ལྟ་བུ་ཞིག་བསྒོམ། རིམ་པ་བཞིན་དུ་བླ་མ་དེ་རྣམས་ཐོ་བརྩེགས་སུ་ཁྲིག་གེ་བཞུགས་པར་བསྐྱེད། ཐམས་ཅད་ཀྱང་རང་ལ་བུ་གཅིག་པུའི་མ་ལྟར་བརྩེ་བ་ཆེན་པོའི་སྤྱན་རམ་མེར་གཟིགས་པར་བསམ། རང་ལ་ཕ་མས་གཙོར་བྱས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས་བསྐོར་བར་བསམ་ལ། དེར་བཀའ་བརྒྱུད་ཀྱི་བླ་མ་དེ་རྣམས་ལ་གུས་པའི་སྒོ་ནས་རིག་པ་ཅེ་རེ་བ་ཞིག་བལྟས་ལ། ཀྱེ་མ་བཀའ་བརྒྱུད་ཀྱི་བླ་མ་འདི་རྣམས་བདེ་ཆེན་དག་པའི་ཞིང་དུ་སངས་རྒྱས་ཀྱང་། བདག་ད་རུང་འཁོར་བ་དུ་ཁའི་གྲོང་ཁྱེར་ལ་སྤྱོད་དགོས་པ་བདག་རེ་ཕམ་སྙམ་དུ་ཡི་མུག་ག་ཆད་བློ་སྨད་དེ། འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་འདི་ནས་དགྲ་མི་ཤ་བོ་བཙོན་དོང་ནས་ཐར་བར་འདོད་པ་ལྟ་བུའི་གདུང་ཤུགས་ཀྱིས་བདག་གི་གཙོར་བྱས་ཐམས་ཅད་ཀྱིས་གསོལ་བ་གདུང་ཡུས་ཀྱི་ཚུལ་དུ་འུ་རུ་རུ་མས་ཡར་བཏབ་པས། རིམ་པ་བཞིན་སྤྱི་བོའི་བླ་མ་རྣམས་ཀྱང་འོག་མས་གོང་མ་ལ་རིམ་པས་མས་ནས་ཡར་རིམ་པས་འུ་རུ་རུ་གསོལ་བ་འདེབས་པར་བསམ་ལ། བླ་མ་ལ་བློ་ཡིས་གཏད་པ་ཅི་ཤེས་ཀྱིས་རེ་ལྟོས་སྐྱབས་གནས་ཐམས་ཅད་ཁ་ཙམ་མ་ཡིན་པར་བློ་ལིང་ལིང་གཏད་ལ། རྟོག་པས་བར་མ་ཆོད་པར་སྙིང་གི་དཀྱིལ་ནས་གསོལ་བ་ཕུར་ཚུགས་སུ་བཏབ་བོ། །གསོལ་འདེབས་ནི་ལོགས་ནས་ཤེས། དེ་ནི་གསོལ་བ་ཕུར་ཚུགས་སུ་བཏབ་པའོ། །གཉིས་པ་བྱིན་རླབས་བཀའ་བབ་ཀྱི་ཚུལ་དུ་བླང་བ་ནི། རང་གིས་གསོལ་བ་ཕུར་ཚུགས་སུ་བཏབ་པས། གོང་གི་བླ་མ་དེ་རྣམས་ཀྱིས་ཐུགས་བརྩེ་བ་ཆེན་པོས། བདག་ལ་མ་བཟོད་པའི་ཚུལ་དུ་དགོངས་པ་གཏད་ནས་གོང་ནས་རིམ་པ་བཞིན། ཀུན་བཟང་ཡབ་ཡུམ་རྡོ་རྗེ་འཆང་ལ་ཐིམ། རྡོ་རྗེ་འཆང་རྡོ་རྗེ་སེམས་དཔའ་ལ་ཐིམ། དེ་བཞིན་དུ་རིམ་པས་མར་ལ་གཅིག་ལ་གཅིག་འོད་དུ་ཐིམ་ནས་རྩ་བའི་བླ་མ་ལ་ཐིམ། དེ་ནས་ཕྱོགས་བཅུའི་བླ་མ་སངས་རྒྱས་བྱང་སེམས་ཐམས་ཅད་བླ་མ་ལ་ཐིམ། དེ་ནས་བླ་མའི་སྤྱི་བོ་ནས་ཨོཾ་དཀར་པོ་འོད་ཟེར་ཐིག་ལེའི་ཚུལ་དུ་རང་གི་དཔྲལ་བར་ཐིམ་པས་བུམ་དབང་སྐུའི་དངོས་གྲུབ་ཐོབ་པར་བསམ། དེ་བཞིན་དུ་མགྲིན་པ་ནས་ཨཱཿདམར་པོ། ཐུགས་ཀ་ནས་ཧཱུྃ་མཐིང་ག་རྣམས་རིམ་པར་བདག་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། དབང་བཞི་རིམ་པར་ཐོབ་ཅིང་། བླ་མའི་སྐུ་ལས་འོད་ཟེར་ཁ་དོག་ལྔའི་དབྱིག་ཆེན་པོ་བབ། རང་གི་ལུས་ངག་ཡིད་གསུམ་ལ་ཐིམ། སྐུ་གསུང་ཐུགས་ཀྱི་དབང་བཞི་ཡོངས་རྫོགས་ཆེན་པོ་ཐོབ་པར་བསྒོམ། དེ་ནས་བླ་མ་ཡང་རང་གི་སྤྱི་བོ་ནས་མར་ཐིམ་ནས། བདག་གི་སྙིང་པདྨ་འདབ་བརྒྱད་གྱེན་དུ་ཁ་ཕྱེ་བའི་དཀྱིལ་དུ་ལམ་བྱོན་པར་བསམ། རིག་པ་ཁ་ནང་དུ་ལོག་ལ་འདི་ལྟར་བསྒོམ་སྟེ། ཨེ་མ་སངས་རྒྱས་ཆོས་ཀྱི་སྐུ་ནི་སྤྲོས་པའི་མཐའ་དང་བྲལ། ལོངས་སྐུའི་གདུལ་བྱར་ནི་བདག་མ་གྱུར། བླ་མ་སངས་རྒྱས་སྤྲུལ་པའི་སྐུ་ཁོ་ན་བདག་གི་བླ་མ་འདི་ཡིན་ཨང་སྙམ་དུ་བླ་མའི་ཡོན་ཏན་སྐུ་དྲིན་ལ་བསམ་སྟེ། སངས་རྒྱས་དངོས་སུ་འདུ་ཤེས་བློ་རྩེ་གཅིག་ཏུ་བླ་མ་སྤྲུལ་སྐུར་ཐག་ཆོད་པའི་མོས་པ་བྱའོ། །གསུམ་པ་བླ་མ་དང་གཉིས་མེད་དུ་བསྲེ་བ་ནི། རང་གི་སྙིང་དཀྱིལ་ན་བཞུགས་པ་དེ། སྐད་ཅིག་གིས་ཧཱུྃ་མཐིང་ག་ཞིག་ཏུ་གྱུར། ཡང་ཧཱུྃ་དེ་ཉིད་གནས་གྱུར་ཏེ། ཐིག་ལེ་འོད་ལྔ་དང་ལྡན་པ་ཞིག་ཏུ་གྱུར། ཐིག་ལེ་དེ་སྙིང་ཁ་ནས་འོད་དུ་ཙེར་ཡལ་ཚེ་རྒྱ་ཆེར་མཆེད་ནས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་དུ་ཁྲུག་གིས་འདྲེས་པས། གོང་གི་བླ་མ་དེ་རྣམས་ཀྱི་བྱིན་རླབས་དང་རྟོགས་པ་རང་རྒྱུད་ལ་བུམ་པ་གང་བྱོའི་ཚུལ་དུ་འཕོས་ཤིང་ཐོབ་པར་བསམ་ལ་དེའི་ངང་དུ། སྤྲོས་མེད་དུ་ཁྲེས་སེ། ཝང་ངེ་། ཤིག་གེ །ཧྲིག་གེ །མ་བཅོས་པར་ཟང་ཐལ་ལེར་གཞག་གོ །འོ་དེ་ལྟར་གནས་པའི་བློ་བྲལ་གྱི་ཤེས་པ་རྗེན་པ་སྔ་ཕྱིའི་རྟོག་པ་རྒྱུན་ཆད་རང་བྱུང་གསལ་དྭངས་འཛིན་མེད་དེ་ཀ་གོང་གི་བླ་མ་དེ་རྣམས་ཀྱི་ངོ་བོ་དེར་གནས་པ་ཡིན་པས། རང་རིག་དོན་གྱི་བླ་མ་དང་ཞལ་མཇལ་བ་ཞེས་བྱའོ། །བཞི་པ་རང་རིག་དོན་གྱི་བླ་མ་དང་མཇལ་ཚུལ་གྱིས་ངོ་སྤྲད་པ་ནི། གོང་དུ་བླ་མ་རྣམས་ལ་གསོལ་བ་ཕུར་ཚུགས་སུ་གདུང་ཡུས་ཀྱི་ཚུལ་དུ་བཏབ་པའི་རྗེས་སུ། རང་དང་དབྱེར་མེད་དུ་ཐུགས་ཡིད་བསྲེས་ཏེ་རང་རིག་དོན་གྱི་བླ་མ་ཀུན་ཏུ་བཟང་པོ་དང་མཇལ་བས་ཕྱིའི་བྱིན་རླབས་གཞན་ལ་ལྟོས་པའི་སྐྱོན་དང་བྲལ་བའོ། །དེ་ལས་རྒྱས་པ་གཞུང་གཏེར་མ་ལས་ངོ་སྤྲད་དོ། །དེ་ནི་རྫོགས་པ་ཆེན་པོའི་སྤྱི་སྐད་ཀུན་ལས་ཁྱད་པར་དུ་འཕགས་ཏེ། འདི་ཉིད་ཟབ་ཅིང་ངོ་མཚར་ཆེ་སྟེ་འདི་ལ་ནན་ཏན་བསྐྱེད་ན་བྱིན་རླབས་དང་རྟོགས་པ་ཐམས་ཅད་ཐོད་རྒལ་དུ་འབྱུང་བར་འགྱུར་རོ། །ས་མ་ཡ། སྤྱི་དོན་ལྔ་པ་དངོས་གཞི་ཁྲེགས་ཆོད་ཀྱི་དམར་ཁྲིད་འདི་ལ་དྲུག་སྟེ། དང་པོ་བྱུང་གནས་འགྲོ་གསུམ་གྱི་རྩད་གཅད། གཉིས་པ་ངོ་སྤྲོད་བཙན་ཐབས་སུ་གདབ། གསུམ་པ་རླུང་བུམ་པ་ཅན་གྱི་དཀྱིལ་འཁོར་ལ་བརྟེན་ནས་རླུང་རིག་དྭངས་སྙིགས་དབྱེ་ཞིང་རང་བཞིན་གྱི་མཚང་བཙལ་བ། བཞི་པ་ཞི་གནས་ལ་བརྟེན་ནས་ཁྲེགས་ཆོད་ཀྱི་གཞི་བཙལ་བ། ལྔ་པ་ལྷག་མཐོང་ལ་བརྟེན་ནས་གནས་ལུགས་ཀྱི་ངོ་བོ་བལྟ་བ། དྲུག་པ་རྗེས་སྐྱོང་ལ་བརྟེན་ནས་སྤྲོས་བྲལ་མཐར་བསྐྱལ་པའོ། །དང་པོ་བྱུང་གནས་འགྲོ་གསུམ་རྩད་གཅད་པ་ནི། རེ་རེ་ལ་ཡང་དཔྱད་བསྒོམ་དང་འཇོག་བསྒོམ་བྱ་སྟེ། དང་པོ་སེམས་ཀྱི་བྱུང་ས་ལ་ཡང་། ཕྱི་སྣང་བའི་ཡུལ་ལ་དཔྱད་དེ་བསྒོམ་པ་ཕྱི་ནང་སྣོད་བཅུད་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་རི་བོ་རི་བྲན། མདོར་ན་གང་ལས་བྱུང་། ཅི་ལྟར་བྱུང་། བྱུང་ཚུལ་ཅི་ལྟར་རིག་པས་དཔྱད་དེ་ལེགས་པར་བརྟག་ཅིང་བསྒོམ་མོ། །དེ་ནས་ཡང་རང་གི་ལུས་སྟོད་སྨད་ཡན་ལག །དོན་སྙིང་ཕྱི་ནང་ཐམས་ཅད་དུ་གང་ན་གནས། ཇི་ལྟར་གནས་ལེགས་པར་བརྟག་གོ །དེ་ནས་འཇོག་བསྒོམ་བྱ་སྟེ། སེམས་ཉིད་རང་གི་སྟེང་དུ་ལེགས་པར་བཞག་སྟེ། སེམས་ཞེས་མི་དྲན་དགུ་དྲན། མི་རིག་དགུ་རིག་འདི། གང་ནས་བྱུང་། མཚན་ཉིད་ཇི་ལྟ་བུ་ཞེས་རང་གིས་རང་ལ་ལེགས་པར་བརྟག་གོ །དེ་ལྟར་དུ་བླ་མས་འཕྲུལ་ཤེས་པར་བྱས་ཏེ། གནས་ས་དང་འགྲོ་ས་ཐམས་ཅད་ལེགས་པར་རྩད་གཅོད་བྱ་ཞིང་། ཁྱད་པར་དུའང་ཁ་ལྟ་དྲེད་པོ་དང་། ལས་དང་པོ་པ་རྣམས་ལ་ཕུ་ཐག་འཁྲོལ་བར་གཅད་པར་བྱའོ། །དེ་ཡང་སེམས་ཉིད་ཆོས་སྐུ་རྣལ་མ་འདི། འགྲོ་བ་རིགས་དྲུག་ཏུ་འཁྱམས་ཤིང་འཁྲུལ་པའི་རྒྱུ་མཚན་ཅི་ལྟར་འདུག །དེའི་ངོ་བོའམ་ཁ་དོག་དང་། དབྱིབས་མཚན་ཉིད་ཅི་ལྟར་འདུག་ལེགས་པར་བརྟག་ཏུ་གཞུག་གོ །འདི་རྣམས་ཀྱི་དུས་སུ་བླ་མས་དྲི་བ་དང་ཁྲིད་ལུགས་མཁས་པར་ཤེས་པར་བྱའོ། །དེ་ཡང་འགྱུ་བྱེད་ཀྱི་རྟོག་པ་ཅི་ལྟར་བྱུང་། གང་ལས་བྱུང་། དངོས་པོར་གྲུབ་བམ་མ་གྲུབ། གྲུབ་ན་ཅི་ལྟར་གྲུབ། མ་གྲུབ་ན་སྟོང་པ་ཡིན་ནམ་ཅི་ལྟར་ཡིན་ལེགས་པར་བརྟག་གོ །དེ་ནས་ཡང་གྲུབ་ན་དེའི་མཚན་ཉིད་གཟུགས་ཁ་དོག་ཅི་ལྟར་འདུག །སྟོང་པ་ཡིན་ན་ཅི་ལྟར་སྟོང་། ནམ་མཁའ་ལྟ་བུའི་སྟོང་པ་ཡིན་ནམ། རླུང་དང་བྲག་ཆ་ལྟ་བུའི་སྟོང་པ་ཡིན་ནམ། འོན་ཏེ་ཅི་ལྟར་སྟོང་ལེགས་པར་བརྟག་གོ །དེ་ནས་ཡང་སེམས་དང་རྣམ་རྟོག་གཉིས་གཅིག་གམ་ཐ་དད། གཅིག་ན་སྣང་བ་དང་སྟོང་པ་གནས་འགྱུ་གཉིས་སོ་སོར་ཅིས་འབྱུང་། གྱེས་དུས་སུ་གྱེས་མཚམས་གང་ནས་གྱེས། འཁྲུལ་པའི་རྩ་བ་གང་ནས་བྱུང་། བདག་དང་གཞན་གཉིས་སུས་བྱས། དེ་རྣམས་ལེགས་པར་བརྟག་གོ །དེ་ལྟར་ཐག་ཆོད་ཀྱི་དྲི་བ་གཙང་མ་ཞིག་མ་བྱུང་བར་ལ་བརྟག་པར་བྱའོ། །དེ་ནས་བླ་མས་དང་པོ་བྱུང་ས་མེད་དེ་ཆོས་སྐུ། གནས་ས་མེད་དེ་ལོངས་སྐུ། འགྲོ་འོང་མེད་དེ་སྤྲུལ་སྐུར་ངོ་སྤྲད་དོ། །དེ་ཡང་མ་འགགས་པའི་རྩལ་རང་སེམས། སེམས་སྟོང་པ། སྣང་སྟོང་གཉིས་མེད་ཟུང་འཇུག་ལྷུན་གྲུབ། མདོར་ན་སྣང་སྲིད་འཁོར་འདས་ཐམས་ཅད་རང་རིག་རང་བྱུང་རང་གྲོལ་དུ་ངོ་སྤྲད་དོ། །དེ་ཡང་སྟོང་ལུགས་ཀྱང་། འབྱུང་བ་ནམ་མཁའ་ལྟ་བུའི་རིས་མེད་སྟོང་པ། རླུང་དང་བྲག་ཆ་ལྟ་བུའི་ཆད་སྟོང་ལ་སོགས་པ་མ་ཡིན་ཏེ། ཡུལ་དང་ཡུལ་ཅན། ཁ་དོག་སྤུ་རིས་མཚན་མ་གཟུགས་ཅན་མ་ཡིན་པའི་སྟོང་པ། འོན་ཏེ་མེད་པ་མ་ཡིན། རྩལ་འགག་མེད་རིག་བཅས་རང་གསལ། རང་གི་རང་རིག་རྗེན་ནེ་བ། ཧྲིག་གེ་བ། འདི་ཞེས་གདགས་བྱ་མ་རྙེད་པའི་རང་བཞིན་ངེས་ཤེས་དང་བཅས་པའོ། །དེ་ལྟར་ཕུ་འཁྲོལ་གདར་ཤ་ཐག་ཆོད་དུ་བྱས་ནས། སྐབས་འདིར་རྫོགས་ཆེན་ཀུན་གྱི་ཐུན་མོང་མ་ཡིན་པའི་ཁྱད་པར་ངོ་སྤྲོད་བཙན་ཐབས་སུ་གདབ་པར་བྱ་སྟེ། དབེན་ཞིང་ཉམས་དགའི་རི་བོའི་རྩེའམ། སྤང་གཤོང་ངམ། ཆུ་གླིང་ངམ། ནེའུ་ཐང་ལ་སོགས་མིས་མི་མངོན་པའི་གནས་སུ་ཁྲི་མཐོན་པོ་དར་གྱི་བལྡབས་ཁྲི་ལ་སོགས་པའི་སྟེང་དུ་བླ་མ་ཉིད་ཟབ་བེར་དར་གྱི་ན་བཟའ་ལ་སོགས་གཟི་བརྗིད་དང་ལྡན་པར་བྱས་ལ། དབུ་ལ་པད་ཞྭ་ལེགས་པར་གསོལ། སྟེང་དུ་གདུགས་དང་མཐའ་སྐོར་གཡས་གཡོན་དུ་འཕན་དང་རྒྱལ་མཚན་ལ་སོགས་བཀོད་པའི་རྒྱན་རྣམས་དང་ལྡན་པར་བཤམ། རྣལ་འབྱོར་སྐྱེད་ཆོག་རྣམས་བླ་མའི་རྣལ་འབྱོར་ལྟར་བྱས་ཏེ། བླ་མ་ལ་གསེར་གཡུའི་མཎྜལ། མཁའ་འགྲོ་ཆོས་སྐྱོང་ལ་གཏོར་ཚོགས་རྣམས་ལེགས་པར་བཤམས་ལ། དེ་ནས་སློབ་མ་རྣམས་ཀྱིས་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་མོས་གུས་ཐུན་མོང་མ་ཡིན་པ་བྱས་ལ། ངག་གིས་གསོལ་བ་འདེབས་ཤིང་ལུས་ཀྱིས་བསྐོར་བ་བརྒྱ་སྟོང་། ངག་ཏུ་ཡིག་བརྒྱ་བཟླས་ཤིང་ལུས་ཀྱིས་བརྐྱང་ཕྱག་བྱས་ཏེ། དེ་རྗེས་བླ་མ་ལ་གསེར་གྱི་མཎྜལ་ལན་བདུན། སྨན་གྱི་མཎྜལ་ལན་བདུན། འབྲུའི་མཎྜལ་ལན་བདུན་འབུལ་ཞིང་། མོས་གུས་མཆི་མ་འབྱུང་བ་བྱས་ཤིང་གསོལ་བ་ཕུར་ཚུགས་སུ་གདབ་ཅིང་དེ་ལྟར་ལུས་མ་ཆད་བར་དུ་འབད་ལ། དེའི་རྗེས་སུ་བླ་མའི་མདུན་དུ་ཐམས་ཅད་ལུས་ཆོས་བདུན་དང་ལྡན་པས་ལུས་དྲང་པོར་བསྲང་སྟེ། དྲན་པ་མངོན་དུ་བཞག་ལ། བླ་མ་ལ་གསོལ་བ་བཏབ་རྗེས་སུ། བླ་མའི་གནས་བཞི་ནས་དབང་བཞི་བླངས་ནས། བླ་མའི་སྐུ་གསུང་ཐུགས་ཀྱི་རྟོགས་པ་དང་བྱིན་རླབས་ཐུགས་རྗེ་ཐམས་ཅད་རང་གི་ལུས་ངག་ཡིད་གསུམ་ལ་སྐད་ཅིག་ལ་འཕོས་པར་བསམ་ལ། སྙིང་ནས་གུས་པ་བྱ། བླ་མས་ཀྱང་ཐུགས་རྒྱུད་ཀྱི་རྟོགས་པ་བྱིན་རླབས་སློབ་མ་རྣམས་ལ་འཕོས་པར་དམིགས་པ་དྲག་ཏུ་གཏད་ལ། དེ་ནས་འདི་སྐད་དུ་ངོ་སྤྲད་པར་བྱ་སྟེ། འོ་རིགས་ཀྱི་བུ་རྣམས་སྔ་ཕྱིའི་སེམས་རྟོག་པ་མ་འཕྲོ་བར་ཞོག་ཅིག་བྱ། དར་ཅིག་ན་ཡང་། བུ་ཀུན་སེམས་གསལ་དུ་རེ་བའི་ཤེས་པས་མ་བསླད། གསལ་བའི་ཉམས་ལ་མ་ཞེན། གནས་པ་ལ་མ་ཞེན། འགྱུ་བ་ལ་མ་འཛིན། ཚོགས་དྲུག་གི་སྣང་བ་གསལ་སྟོང་རྗེན་པའི་རང་སྣང་ལ་དེར་འཛིན་མ་བྱེད་པར་རང་ངོ་གསལ་སྟོང་དུ་རྗེན་ནེ་ཞོག་ཅིག །ཡུལ་མེད་བློ་བྲལ་དུ་ཟང་ཐལ་ལེ་ཞོག་ཅིག་བྱ། གསལ་བདོ་བ་ལ་ཕཊ་ཅེས་ཐུན་གསུམ་མམ་བདུན་ལ་སོགས་པ་བྱ། དེའི་དུས་སུ་སྤྲོས་མེད་ཀྱི་དོན་སྐད་ཅིག་ལ་མི་སྐྱེ་མི་སྲིད་པས། འོ་རིགས་ཀྱི་བུ་ད་ལྟའི་སེམས་ཉིད་རང་གསལ་རྗེན་པ། འཛིན་མེད་ངང་དྭངས། སྤྲོས་བྲལ་ཁྲེས་སེ་བ། ལྷང་ངེ་བ། ཧྲིག་གེ་བ། དེར་སྣང་གི་རྩལ་མ་འགགས་པ་ལ་དེར་འཛིན་མ་ཞུགས་པའི་ཉམས་སུ་མྱོང་དུ་ཡོད་པ། ཚིག་གིས་སྨྲ་མི་ཤེས་པའི་རྗེན་ནེ་བ་ཟང་ངེ་བ་འདི། གནས་ལུགས་དོན་གྱི་རྫོགས་པ་ཆེན་པོ་ཞེས་ཀྱང་བྱ། ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། རིག་པའི་རྩལ་དབང་ཞེས་ཀྱང་བྱ། ལྷག་མཐོང་། ལྟ་བ། རྟོགས་པ། ཁྲེགས་ཆོད། མིང་གི་རྣམ་གྲངས་དུ་མར་ཕྱེ་ཡང་། དོན་གདོད་མའི་གནས་ལུགས་རང་བཞིན་རྣམ་དག །རང་རིག་ཀུན་ཏུ་བཟང་པོ་དོན་གྱི་གཤིས་ལུགས་སྐྱོན་མེད་དེ་འདི་ཀ་ཡིན་པས། ད་འདི་ངོ་ཤེས་ནས་འདི་དོན་ཉམས་སུ་བླང་བ་དང་མ་བྲལ་བར་གྱིས་ཤིག །འདི་མ་རྟོགས་པའི་དུས་ནའང་། གདོད་ནས་འདི་གནས་པ་ཡིན་ཏེ། རང་ངོ་རང་གིས་མ་རིག་གློ་བུར་གྱི་དྲི་མས་རྟོག་པ་སྣ་ཚོགས་སུ་ཤར་བ་ཡིན་ནོ། །ད་དུས་དེ་རིང་ནས་ཁྱེད་རྣམས་ཀྱི་ལས་ཀྱི་མཐའ་ཟད། རང་བྱུང་གི་ཞལ་མཇལ། སངས་རྒྱས་ལག་ཏུ་གཏད་པ་ཡིན་པས། ད་ཕན་ཆད་གནས་ལུགས་འདི་དང་མ་བྲལ་བར་གྱིས་ཤིག །ཚེ་གཅིག་གིས་སངས་རྒྱས་འཐོབ་པར་གདོན་མི་ཟའོ། །ཞེས་རྒྱས་པར་ངོ་སྤྲད་དོ། །འདི་ནི་དབུལ་པོས་ཡིད་བཞིན་གྱི་ནོར་བུའི་གཏེར་རྙེད་པ་དང་འདྲ་སྟེ། རང་རིག་གཅེར་བུར་ངོ་སྤྲད་པས་སངས་རྒྱས་ཀྱི་དགོངས་པ་ལ་ལོངས་སྤྱོད་པར་འགྱུར་བ་ཡིན་ནོ། །ཞེས་མྱོང་རིག་ལེགས་པོས་རྒྱས་པར་ངོ་སྤྲོད་གནད་དུ་ཐེབས་པར་བྱའོ། །འདི་ནི་ཤིན་ཏུ་ཟབ་སྟེ་ངོ་མཚར་ཆེའོ། །ས་མ་ཡ། དེ་ནས་དངོས་གཞི་ཁྲེགས་ཆོད་ཉམས་སུ་ལེན་པའི་སྔོན་འགྲོར་རླུང་བུམ་པ་ཅན་ལ་བརྟེན་ནས་རིག་པ་དྭངས་སྙིགས་དབྱེ་བ་ནི། ལུས་ཆོས་བདུན་དང་ལྡན་པས་ཡི་དམ་གྱི་ལྷ་བསྒོམ། རླུང་རོ་རྐྱང་གཉིས་ཕྱོགས་ཕྱོགས་སུ་གཉིས་གཉིས་དང་དབུས་ཕྱོགས་སུ་གཅིག་འབུད་ལ། དེ་ནས་འཇམ་ལ་རིང་བར་རྔུབ་སྟེ། ལྟེ་འོག་ཏུ་ཏིག་བསྐྱུར། འོག་རླུང་ཅུང་ཟད་འཐེན། མིག་སྣ་རྩེ་ནས་མཐོ་གང་གི་ནམ་མཁར་གཏད། རིག་པ་མདུན་གྱི་ནམ་མཁར་ཁྲུ་གང་ཙམ་པ་འདིར་ཨ་དཀར་ལམ་མེ་བ་ལ་གཏད། རྗེས་སུ་རླུང་དལ་བུས་གཏང་། མཆུ་དང་སོ་གཉིས་མ་རེག་ཙམ་ཐ་མལ་དུ་གཞག་གོ །དེ་ལ་ཞག་གཉིས། དེས་རླུང་རིག་དྭངས་སྙིགས་ཕྱེད། ཡེ་ཤེས་ངང་དྭངས་སུ་འཆར་རོ། །དེ་ནས་ཡང་འཕྲུལ་འཁོར་གོང་བཞིན་བྱ། མིག་སྣ་རྩེར་དབབ། རང་ངོ་རང་གིས་བལྟ། རྟོག་པའི་བརྟག་དཔྱད་མི་བྱ། དྲན་པ་ཡུལ་ཟིན་ཙམ་དུ་བྱ་སྟེ་རང་བབ་ཏུ་བསྒོམ། གསལ་བདོ་བ་ལ་ཕཊ་ཅེས་བཤིག །དེའི་རྗེས་ལ་བལྟ། དེའི་ཚེ་སེམས་ཆེད་དུ་སྤྲོས་ཀྱང་མི་འཕྲོ་བར་ཧྲིག་གེར་གནས་པ་ཞིག་འབྱུང་། དེ་ལ་ཞག་གཅིག་ཏུའམ་ཅི་རིགས་སུ་བསྒོམ། དེ་ནས་འཕྲུལ་འཁོར་གོང་བཞིན་ལ། རིག་པ་ལ་ངར་བསྐྱེད། མིག་ལྟ་སྟངས་བར་སྣང་ལ་ཧད་པོར་གཏད། རིག་པ་ཡང་སྙིང་ནང་ནས་མིག་ལ་བརྒྱུད་དེ་བར་སྣང་དུ་སྐྱ་ཏ་ལེ་ཡོད་པ་ལ་དམིགས་པ་རྒྱ་བསྐྱེད། ཡིད་ཙམ་གཏད་དེ་རང་རིག་ངར་དང་བཅས་ཏེ་བསྒོམས་པས་རྟོག་པ་ཟིལ་གྱིས་ནོན། སྣང་སྟོང་གི་ཕུ་འཁྲོལ་བར་བྱའོ། །དེའི་ཚེ་ཞི་གནས་བྱ་བ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་རྟོག་མེད་དུ་ལྷན་ནེ་བ་དང་། ཡང་རིག་པ་དྭངས་སྙིགས་ཕྱེད་པས་སྔར་བས་འགྱུ་རྟོག་རགས་སུ་སོང་བ་ལྟ་བུ་གང་ཤར་འཕྲའུ་ཙམ་ཡང་དྲན་པས་ཟིན་པ་ཙམ་ཡང་འབྱུང་སྟེ། འདི་ལ་ཞི་གནས་བྱ་བ་རླུང་རིག་རྣལ་དུ་ཕེབ་པ་ཡིན་ནོ། །སྒོམ་ཆེན་འགའ་ཞིག་འདི་ལ་ཞེན་ཞིང་སྒོམ་གྱི་ངོ་ཏིར་འདོད་པ་མང་ཡང་ཅུང་ཟད་མིན་པས། དེ་ནས་བླ་མས་གནས་པ་ལ་མི་ཞེན། འགྱུ་རྟོག་ལ་སྐྱོན་དུ་མི་བལྟ་བར་ཉམས་སུ་ལེན་པར་གདམས་པ་སོགས་བླ་མའི་མྱོང་བས་མཁས་པར་ཁྲིད་ཤེས་པར་བྱའོ། །དེ་ནས་སྤྲོས་བྲལ་ལྷག་མཐོང་གི་ངོ་སྤྲོད་ལེགས་པར་ཁྲིད་པར་བྱ་སྟེ། དེ་ལ་གང་ཤར་གྱི་ངོ་བོ། ཤར་གྲོལ། མཉམ་གྲོལ། ཅི་ལྟར་འགྱུ་ཞིང་འཕྲོ་ཡང་དོན་རང་བཞིན་དུ་མ་གྲུབ་སྟེ། འགྱུ་རྟོག་གསལ་ལ་སྟོང་སྟེ། ཡུལ་མེད་རྗེན་པ་སྟོང་པའི་རང་རྩལ་ལས་གྲུབ་སྟེ། བརྗོད་མེད་སྤྲོས་བྲལ། དོན་ལ་མདངས་མ་འགགས་ཙམ་དུ་ཅིར་ཡང་སྣང་བས། སྣང་བའི་ངོ་བོ་སྟོང་པ་ཡུལ་མེད་བློ་བྲལ་དུ་ཤེས་ཤིང་། དེའི་དོན་དང་མི་འབྲལ་བ་ནི་ལྷག་མཐོང་ཞེས་བྱའོ། །དེ་ལྟ་བུ་ལ་ཡུན་གང་ཡང་རུང་བར་བླ་མས་དྲི་བ་རེ་བྱས་ཤིང་སྒོམ་དུ་གཞུག་གོ །དེ་ལྟར་སྒོམ་ཚེ་དང་པོ་གནས་པ་བདེ་ཤས་དང་བཅས་པ་ལ། འགའ་ཞིག་ཅུང་ཟད་ཆགས་པ་བྱུང་སྟེ། ཅི་ལྟར་ཞིག་ནས། འགྱུ་རྟོག་འཆར་སྒོ་ཐམས་ཅད་སྟོང་གསལ་སྐྱེས་གྲོལ་ཤར་གྲོལ། རང་ལ་རང་ཡིད་ཆེས། དགོད་བྲོ་བ། འགག་མེད་ཀྱི་སྣང་བ་ཅི་ལྟར་སྣང་ཡང་། དེར་འཛིན་མེད་པ་ཁྲེས་སེ་ཐལ་ལེ། ཕུགས་སུ་བློ་བདེ་ཐག་ཆོད་ཏིང་ངེ་བ་ཞིག་འབྱུང་ངོ་། །ད་རུང་བླ་མས་མྱོང་བས་དྲི་བ་མཐའ་གཅད། གནས་སྐབས་སྐྱོན་རྣམས་བཅོས་ཤིང་བསྒོམས་པས། རང་ངོ་ལ་གསལ་འགྲིབ་མེད་པའི་སྤྲོས་བྲལ་ཉི་མ་ཤར་བ་བཞིན་ནང་ནས་ལྷག་གིས་འཆར་ཏེ། ཚིག་ཐ་སྙད་དང་བྲལ་བ། གདིང་གོ་ཡུལ་དུ་མ་ལུས་པའི་ཉམས་རྟོགས་གསལ་པོ་ཞིག་ངེས་ཤེས་དང་བཅས་པ་འབྱུང་ངོ་། །ཡང་འདིའི་དུས་སུ་འགའ་ཞིག་ལ་ཐམས་ཅད་སྟོང་པར་འདུག་སྙམས་པས་རྒྱ་འབྱམས་དང་ཁ་ལྟ་སྟོང་སྐད་དང་། ཡང་སྣང་སྟོང་གི་ཕུ་འཁྲོལ། ཐམས་ཅད་རང་རིག་ཏུ་ཐག་ཆོད་དུ་འབྱོར་ཀྱང་། ཉམས་ཀྱི་ཞེན་པ་ཅུང་ཟད་ཀྱིས་སངས་རྒྱས་ཟེར་བ་དེ་འདིར་འདུག་ཐག་ཆོད། འདི་ལས་ཕར་མེད་བསམ་པའི་སྒོམ་ཐོག་ནས་ཕྲ་འཛིན་བག་ཙམ་འབྱུང་བས། ད་རུང་ནན་གྱིས་བསྒོམས་པས། ཅི་ལྟར་ཞིག་ནས་ཐམས་ཅད་རང་གྲོལ་དཔེར་ན་ནམ་ཟླ་དྲོས་ཚེ་འཁྱག་རོམ་ཆུ་རུ་ཞུ་བ་དང་འདྲ་སྟེ། གཅིག་གྲོལ་ཀུན་གྲོལ་མཚན་མ་རང་གྲོལ་དུ་སོང་ནས་ཐམས་ཅད་མཉམ་ཉིད་ཆོས་སྐུར་རྟོགས་པས། རོལ་པ་གཅིག་ཏུ་སོང་བ་དེའི་རྗེས་བསྐྱང་ངོ་། །དེ་ལ་མཐར་འདོན་གེགས་སེལ་བོགས་འདོན་རྣམས་རྒྱས་པར་གཞུང་ལས་ཤེས་པར་བྱའོ། །སྤྱི་དོན་དགུ་པ་ལམ་ཟབ་མོ་ཐོད་རྒལ་ལ་གཉིས་ཏེ། དངོས་གཞི་སྣང་བ་ལ་ཅི་ལྟར་འཁྲིད་པ་དང་། མཐའ་རྟེན་གྱི་རྗེས་སོ། །དང་པོ་རྟེན་གྱི་གང་ཟག་ཆས་སུ་ཞུགས་པ། བྱ་བ་དགུ་ཕྲུགས་སུ་གཏང་བ། ལུས་ངག་ཡིད་གསུམ་ལ་སོགས་རྒྱས་བཤད་སྒྲོམ་དུ་གཞུག་པ་རྣམས་འདིར་ཡི་གེས་འཇིགས་པས་ཐོད་རྒལ་གྱི་ཁྲིད་གཞུང་ལས་འདི་སྐབས་སུ་བླང་བ་ཤེས་པར་བྱའོ། །དངོས་གཞི་ལ་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ། ལུས་ངག་ཡིད་གསུམ་གྱི་གནད་གཟིར་བའོ། །དང་པོ་ལུས་ཀྱི་གནད་ལ་གཉིས་ཏེ། རྩ་བའི་འདུག་སྟངས་དང་། ཡན་ལག་གི་འདུག་སྟངས་སོ། །དང་པོ་རྩ་བའི་འདུག་སྟངས་ལ་གསུམ་སྟེ། སེང་གེ །གླང་ཆེན། དྲང་སྲོང་ངོ་། །དང་པོ་ནི་གཞུང་ལས་འབྱུང་བ་བཞིན། བྱ་བ་དགུ་ཕྲུགས་སུ་བཏང་ལ། དབེན་པའི་གནས་སུ་བདེ་བའི་གདན་ལ། སེང་གེའི་འདུག་སྟངས་བྱ་སྟེ། ལུས་ཁྱི་ཚུགས་རྐང་མཐིལ་གཉིས་སར་ཕབ་སྟེ། ལག་པ་རྡོ་རྗེ་ཁུ་ཚུར་རྐང་པའི་མཐེ་བོང་རྩར་དབབ། རོ་སྟོད་སེང་གེ་ལྟར་བརྒྱང་། རྩལ་མཇིང་པ་ལ་བོར་ཏེ་ཡིད་ཙམ་དགྱེ་བར་བྱ་སྟེ། མིག་སྨིན་ཕྲག་གི་མཁའ་ལ་གཏད་དོ། །ལུས་མི་འགུལ། མིག་མི་འགུལ། རླུང་ཤིན་ཏུ་དལ་བ་ལ་ཡིད་ཙམ་ཕྱིར་འཛིན་པ་ལ་བསླབས་ནས་དབང་པོ་ཡུལ་ལ་གཏད་དོ། །དེ་ལྟར་བསྒོམས་པས་ཐོག་མར་རང་གི་སྨིན་ཕྲག་ཏུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ་འཇའ་ཚོན་ལྟ་བུའམ། རྨ་བྱའི་མདོངས་ལྟ་བུ་ཞིག་འཆར་རོ། །དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ། ཀོ་མོག་ཏུ་རྡོ་བསྐྱུར་བ་ལྟ་བུའམ་ཕུབ་ཀྱི་སྦ་སྐོར་ལྟ་བུའི་ནང་དུ་ཐིག་ལེ་ཡུངས་འབྲུའམ་སྲན་འབྲུ་ཙམ་དུ་འཆར་རོ། །དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ། ཕྲ་བ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུ་དང་། མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུ་དང་། ལྕགས་ཚགས་ལྟ་བུ་དང་། མེ་ཏོག་དྲྭ་བ་རླུང་གིས་བསྐྱོད་པ་ལྟ་བུ་ལ་སོགས་དེ་དག་ཐམས་ཅད་ཀྱང་ཉིས་འབྲེལ་དང་སུམ་འབྲེལ་ལ་སོགས་སུ་འཆར་རོ། །དེ་ནི་རང་གི་རིག་པ་ལུ་གུ་རྒྱུད་ཐིག་ལེ་ཉག་གཅིག་བྱ་བ་དེ་ཡིན་ནོ། །དེ་ཡང་དབྱིངས་རིག་འདུ་འབྲལ་མེད་པར་ཉི་མ་དང་ཟེར་གྱི་ཚུལ་དུ་གནས་སོ། །དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། དེ་རྣམས་ཀྱང་གནས་ལུགས་ཙིཏྟའི་ནང་ན་གནས་ནས་ལམ་དབང་པོའི་མངོན་སུམ་དུ་འཆར་ཏེ། དེས་ན་ཡིད་དཔྱོད་འཛིན་པའི་ལྟ་བ་ཚིག་དང་བློས་བྱས་ཤེས་རབ་ལ་སོགས་རྟོག་དཔྱོད་ཀྱི་ལྟ་བ་ནུབ་པའོ། །དེ་ནས་ལོངས་སྐུ་ནི། གླང་ཆེན་ཉལ་བ་ལྟ་བུར་ཁ་སྦུབ་ཏུ་ཉལ། པུས་མོ་དང་བྲང་སྤྲད། རྐང་སོར་ཕྱིར་ཕུལ། གྲུ་མོ་ས་ལ་བཅར། ལག་གཉིས་ཨོག་ཀོ་བརྟེན། མཇིང་པ་གྱེན་ལ་བཏེགས་ཏེ། མིག་གཉིས་སྨིན་ཕྲག་གི་ཟུར་ལ་ཧྲིག་པོར་བལྟའོ། །དབྱིངས་རིག་གི་འཆར་ཚུལ་རྣམས་གོང་དང་མཚུངས་སོ། །དེ་ནས་དྲང་སྲོང་སྤྲུལ་སྐུའི་བཞུགས་སྟངས་བྱ་སྟེ། ལུས་ཙོག་པུར་བྱས་ལ། ལོང་བུ་གཉིས་གཤིབ། རྐང་མཐིལ་སར་ཕབ། པུས་མོ་བྲང་ལ་བཅར། ལག་གཉིས་པུས་མོ་ལ་འཁྱུད། རྒལ་རུས་དྲང་པོར་བསྲང་། མཇིང་པ་བག་ཙམ་བསྟོད། མིག་ཕབ་ཟློག་ཏུ་ཟིམ་བུར་ཉམས་སུ་བླང་ངོ་། །དབྱིངས་རིག་འཆར་ཚུལ་རླུང་གནད་ལ་སོགས་པ་རྣམས་གོང་དང་མཚུངས་སོ།། །།དེ་ནས་ཡན་ལག་གི་འདུག་སྟངས་བདུན་གྱིས་ཉམས་སུ་བླང་སྟེ། དང་པོ་ཁྱུང་གི་འདུག་སྟངས་ནི། རྐང་མཐིལ་གཉིས་སྤྲད། ལུས་དྲང་པོར་བསྲང་། ལག་གཉིས་རྡོ་རྗེའི་ཁུ་ཚུར་བརླ་སྟེང་དུ་སྦུབ། མཇིང་པ་ཅུང་ཟད་གུག་སྟེ། མིག་གཉིས་སྨིན་ཕྲག་གི་མཁའ་ལ་ཟིམ་བུར་གཏད་དེ་ཉམས་སུ་བླང་ངོ་། །གཉིས་པ་གཅན་གཟན་སྟག་གི་འདུག་སྟངས་ནི། ཡང་རྐང་མཐིལ་གཉིས་སྤྲད། རྡོ་རྗེའི་ཁུ་ཚུར་སྒྲོ་བའི་རྩར་ཕབ། ལྟག་རྩ་འཐེན། མགྲིན་པ་དགུག །མིག་གཡས་གཡོན་གཉིས་སྨིན་ཕྲག་ལ་དྲིལ་ཏེ་ཐད་སོར་བལྟའོ། །གསུམ་པ་སྐྱེས་བུ་ནི། ལུས་གནད་འདུག་ཚུལ་དྲང་སྲོང་ལྟ་བུ་ལ། ལག་གཉིས་བསྣོལ་ཏེ་བར་ལྷུ་གཉིས་ལ་འཁྱུད་དེ། མཇིང་པ་བག་ཙམ་གྱེན་དུ་བཏེག་ལ་ཧྲིག་པོར་བལྟས་ཏེ་བསྒོམ་མོ། །བཞི་པ་ཝ་ཡི་འདུག་སྟངས་ནི། རྐང་པ་གཉིས་ལོང་བུ་གཤིབ་སྟེ་མཐིལ་ས་ལ་ཕབ། ལག་གཉིས་མཐེ་བོང་བཅངས་པའི་ཁུ་ཚུར་རྐང་མགོའི་གཞོག་གཉིས་སུ་དབབ། དཔུང་མགོ་འཐེན་ཅིང་བརྒྱང་། སྒལ་ཚིགས་དྲང་པོར་བསྲང་། མིག་གཉིས་ཅུང་ཟད་ཟིམ་བུས་གཡས་གཡོན་གྱི་ཟུར་ལ་ཁྲིད་དེ་ཉམས་སུ་བླང་ངོ་། །ལྔ་པ་བྱ་རྒོད་ནི། རྐང་པ་རྡོ་རྗེའི་འདུག་སྟངས་ཅུང་ཟད་མདུན་དུ་བརྐྱང་བར་བྱ། ལག་གཉིས་ཁུ་ཚུར་རྒྱབ་ཏུ་དཔྱི་མགོའི་རྩར་བཙུག་སྟེ། སྒལ་ཚིགས་དྲང་པོར་བསྲང་། ལྟག་རྩ་འཐེན་ལ་མིག་གཉིས་ཤིན་ཏུ་ཟིམ་བུས་ཟུར་གཉིས་ལ་ལུ་གུ་རྒྱུད་ལྡིང་ཐབས་ཀྱིས་ཁྲིད་དེ་བལྟའོ། །དྲུག་པ་གྱད་ཀྱི་འདུག་སྟངས་ནི། ལུས་དྲང་པོ། རྐང་པ་གཉིས་སྐྱིལ་ཀྲུང་། ལག་གཉིས་གྲུ་མོ་བརླ་སྟེང་དུ་གཟུག་ལག་མཐིལ་གཉིས་ཀྱིས་འགྲམ་པ་སྐྱོར་ཏེ། མིག་གཉིས་ཟིམ་བུར་བྱ་སྟེ། ཕབ་ཟློག་གིས་གཡོན་གྱི་ནམ་མཁར་གཏད་དེ་བསྒོམ་མོ། །བདུན་པ་ཆུ་སྲིན་ནི། རྐང་པ་སྐྱིལ་ཀྲུང་། ལག་གཉིས་པུས་མོ་ལ་བཀབ་སྟེ། ལུས་དྲང་པོར་བསྲང་། མཇིང་པ་ཅུང་ཟད་དགྱེས་པའི་མིག་ཟུར་ཟིམ་གྱིས་གཡས་ལ་ཁྲིད་དེ་བསྒོམ་མོ། །དེས་ནི་ཟབ་ལམ་ཐོད་རྒལ་གྱི་ཁྲིད་རྐྱང་ཡན་ལག་གི་འདུག་སྟངས་དང་བཅས་ཚར་རོ། །དེ་ནས་མཐའ་རྟེན་རྗེས་ཀྱི་མན་ངག་ལ་གསུམ་སྟེ། མི་འགུལ་བ་གསུམ་གྱིས་གཞི་བཅའ། སྡོད་པ་གསུམ་གྱིས་ཚད་གཟུང་། ཐོབ་པ་གསུམ་གྱིས་གཟེར་གདབ་བོ། །དེ་ལ་ཉམས་ལེན་གྱི་དུས་སུ་མི་འགུལ་བ་ཁག་ཆེ་སྟེ། ལུས་མི་འགུལ་བས་མིག་མི་འགུལ། མིག་མི་འགུལ་བས་རྩ་མི་འགུལ། རྩ་མི་འགུལ་བས་རིག་པ་མི་འགུལ་ཏེ། རླུང་དལ་བའི་དགོས་པ་ཡོད་དོ། །དེ་ལྟར་ཉམས་སུ་བླངས་པས་སྡོད་པ་གསུམ་འབྱུང་སྟེ། ཕྱི་ཚོགས་དྲུག་ཡུལ་གྱི་སྣང་བ་སྡོད་དེ་སྣང་རྐྱེན་གྲོགས་སུ་འཆར། ནང་ལུས་སྒུལ་བསྐྱོད་བྱ་བ་དང་བྲལ་བར་སྡོད་དེ་འཁྲུལ་པའི་བྱ་བ་བྲལ། གསང་བ་རིག་པ་སྡོད་དེ་རྣམ་རྟོག་སྐྱེ་མི་སྲིད་པའོ། །དེ་ནས་གོམས་པ་མཐུ་བརྟས་པས་འཁྲུལ་པའི་བག་ཆགས་ལས་རིང་དུ་སོང་བ་དང་ཟད་པའི་ཚད་ནི། བརྩོན་འགྲུས་རབ་ལ་རྨི་ལམ་གྱི་འཁྲུལ་པ་འགགས། འབྲིང་རྨི་ལམ་དུ་འཁྲུལ་པར་ཤེས། ཐ་མ་ཡང་རྨི་ལམ་བཟང་པོར་འགྱུར་རོ། །དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་ནི། རབ་ཟག་བཅས་ཀྱི་ཕུང་པོ་འོད་གསལ་དུ་གྲོལ། འབྲིང་ལུས་བོར་ནས་ཆོས་ཉིད་བར་དོར་སངས་རྒྱས། ཐ་མའང་མངལ་དུ་མི་འཇུག་སྟེ་སྤྲུལ་སྐུའི་ཞིང་ཁམས་ལྔར་སྐྱེས་ནས་བར་དོ་མེད་པར་སངས་རྒྱ་འོ། །ད་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ་བ་དང་། ནང་ལུས་ལ་དབང་ཐོབ་པས་འཕོ་བ་ཆེན་པོའི་སྐུ་ཐོབ་པས་སྐྱེ་ཤི་འདས་གྲོངས་མེད་ཅིང་འབྱུང་ལུས་འོད་གསལ་དུ་གྲོལ་བ་དང་། གསང་བ་སེམས་ལ་དབང་ཐོབ་པས་བག་ཆགས་འཁྲུལ་པའི་རྒྱུན་ཆད་པའོ། །དེ་ལྟར་སྣང་བ་བཞི་ཐོབ་པའི་གང་ཟག་དེ་ལ་ཉམས་ལེན་རྟགས་ཀྱི་རིམ་པ་ཅི་ལྟར་འཆར་ཚུལ་ནི་གཞུང་ལས་རྒྱས་པར་ཤེས་པར་བྱའོ། །དེས་ཀློང་གསལ་སྙིང་ཐིག་གི་ཁྲིད་རྣམས་མ་ལུས་པར་རྫོགས་ཤིང་། དེ་ཡང་རྒྱུད་ཀྱི་ལུང་། བཤད་པའི་སྒྲོམ། སྣང་བ་བཞིའི་འཕེལ་ཚད་རྟགས་དང་ཐོབ་ཚད་རྣམས་ནི་གཞུང་ལས་རྒྱས་པར་ཤེས་ཤིང་། འདིར་ནི་དམིགས་པ་ཁྲིད་ཀྱི་པྲ་ཁྲིད་ཁོ་ན་གཙོར་སྟོན་པས་དོན་དུ་དྲིལ་བ་ཡིན་ནོ། །རྫོགས་པ་ཆེན་པོ་ཀློང་གསལ་སྙིང་ཐིག་གི་ཁྲིད་ཡིག་ཡིད་བཞིན་ནོར་བུ་ཞེས་བྱ་བ་འདི་ནི། འཕན་ཡུལ་སྨན་རྩེའི་ཆོས་རྗེ་བསམ་འགྲུབ་རྒྱལ་པོས་གཏེར་གྱི་ཁྲིད་ཡིག་ལ་གབ་འཁྲུགས་འགའ་རེ་ཡོད་པ་རྣམས་ཕྱོགས་གཅིག་ཏུ་དྲིལ་བའི་དམར་ཁྲིད་རྒྱས་པ་ཞིག་ཅི་ནས་ཀྱང་བྲི་དགོས་ཞེས་བསྐུལ་པའི་ངོར། ཨོ་རྒྱན་པདྨའི་གསུང་འཛིན་གནས་ལུགས་རྫོགས་པ་ཆེན་པོ་ཀློང་གསལ་སྙིང་ཐིག་གི་རྣལ་འབྱོར་པ། གཏེར་སྟོན་རིན་ཆེན་དཔལ་བཟང་པོས་བྱ་ལོ་འབྲུག་ཟླའི་གནམ་གང་ལ་དཔལ་ལྡན་སྨན་རྩེའི་རི་ཁྲོད་དུ་སྦྱར་པའོ། །དགེ་འདིས་འགྲོ་ཀུན་ཚེ་གཅིག་གདོད་མའི་ས་ལ་ཕྱིན་པར་གྱུར་ཅིག། །། | ཨོཾ་ཨཱཿཧཱུྃ། དབྱིངས་རིག་སྟོང་གསལ་ཐིག་ལེའི་དཀྱིལ་འཁོར་དུ། །རང་བྱུང་ལྷུན་གྲུབ་འོད་གསལ་འདུས་མ་བྱས། །ཐོག་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དང་། །ཨོ་རྒྱན་ལ་སོགས་བཀའ་བརྒྱུད་བླ་མ་དང། །ཡི་དམ་ལྷ་དང་བཀའ་སྲུང་དམ་ཅན་བཅས། །དངོས་གྲུབ་ཀུན་གྱི་འབྱུང་གནས་ཐམས་ཅད་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །བླ་མེད་བརྗོད་དཀའ་འོད་གསལ་སྙིང་པོ་མཆོག །ཨོ་རྒྱན་ཐུགས་བཅུད་རྣལ་འབྱོར་བདག་གི་སྙིང་། །མཁའ་འགྲོའི་སྙིང་ཁྲག་ཀློང་གསལ་སྙིང་ཐིག་གི། །དམར་ཁྲིད་ཟབ་མོ་གནད་ཀྱི་མན་ངག་ནི། །རྗེས་འཇུག་སློབ་མ་ལས་ཅན་སྐྱེས་བུའི་དོན། །ལེགས་པར་འདིར་དགོད་ལྷ་དང་རིག་འཛིན་སོགས། །ཆོས་བདག་མཁའ་འགྲོས་རྗེས་སུ་གནང་བར་མཛོད། །དེ་ལ་དམ་ཆོས་ཀློང་གསལ་སྙིང་ཐིག་གི་གསང་ཆེན་གནད་ཀྱི་དམར་ཁྲིད་འདི་ལ་དོན་བཅུ་སྟེ། དེ་ཡང་ཐོག་མར་བླ་མ་དང་སློབ་མ་བརྟག་པ། གནས་དང་ཡོ་བྱད། དུས་དང་རྟེན་འབྲེལ། གདམས་པ་དང་མཐུན་རྐྱེན་ལ་སོགས་བརྟག་པ་རྣམས་ནི་ཞིབ་ཏུ་གཞུང་གི་ཁྲིད་ལས་བླང་ཤེས་པར་བྱའོ། །དང་པོ་ཐུན་མོང་གི་སྔོན་འགྲོས་བསོད་ནམས་ཀྱི་ཚོགས་གསག་པ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོས་འཁོར་འདས་རུ་ཤན་དབྱེ་བ་དང་། རྣལ་འབེབ་སོར་འཇོག་གིས་སྒོ་གསུམ་རྣལ་དུ་དབབ། བླ་མའི་རྣལ་འབྱོར་གྱིས་བྱིན་རླབས་ཀྱི་བཀའ་དབབ། བྱུང་གནས་འགྲོ་གསུམ་གྱིས་གནས་ལུགས་ཀྱི་མཚང་བཙལ། ངོ་སྤྲོད་བཙན་ཐབས་ཀྱིས་གནས་ལུགས་ཀྱི་ཞལ་བསྟན། གཞི་ཁྲེགས་ཆོད་ཀྱི་ཁྲིད་ཀྱིས་གོལ་མེད་ཀྱི་མཐའ་གཅད། བོགས་འདོན་གེགས་སེལ་གྱིས་ཉམས་ལེན་མཐར་བསྐྱལ། ཐོད་རྒལ་གྱི་ཁྲིད་ཀྱིས་ཟབ་ལམ་གྱི་གནད་བསྟན། མཐའ་རྟེན་གྱི་མན་ངག་གིས་ཆོས་ཟད་ཀྱི་མཐར་བསྐྱལ་བའོ། །དང་པོ་ཐུན་མོང་གི་སྔོན་འགྲོ་ལ་བརྒྱད་དེ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ། ཚོགས་གསག་མཎྜལ། ཉམས་ཆག་གསོ་ཞིང་ཚོགས་གསག་པ། ཀུ་སུ་ལུའི་རྣལ་འབྱོར། སྒྲིབ་པ་སྦྱོང་བ་ཡིག་བརྒྱའི་བཟླས་པའོ། །འདི་ལྟར་ཐུན་མོང་གི་སྔོན་འགྲོ་ཡན་ལག་བརྒྱད་པོ་རྒྱས་པར་ཆོས་སྤྱོད་ལམ་རིམ་དང་། བསྡུས་པ་ཆོས་སྤྱོད་ཡིད་བཞིན་ནོར་བུར་ཤེས་པར་བྱའོ།། །།གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོས་འཁོར་འདས་རུ་ཤན་དབྱེ་བ་ལ་གསུམ་སྟེ། ཕྱི་དང་། ནང་དང་། གསང་བའི་རུ་ཤན་དབྱེ་བའོ། །དང་པོ་ཕྱི་ལྟར་རུ་ཤན་དབྱེ་བ་ནི། དང་པོ་ཕྱི་ལྟར་ལུས་ངག་ཡིད་གསུམ་ཡིན་ཞིང་། དགོས་ཆེད་ནི། དང་པོ་ལུས་རུ་ཤན་ཕྱེ་བས། ཕྱི་ལྟར་ལུས་ཀྱི་འབྱུང་བ་ཆ་སྙོམས་པས་ཚེ་རིང་ནད་དཀོན། ནང་ལྟར་ལུས་ཀྱི་སྒྲིབ་པ་དག་པས་གྲུབ་པ་མྱུར་དུ་ཐོབ་པ་དང་། གསང་བ་ནི་ཡེ་ཤེས་དངོས་སུ་འཆར་བས་སྣང་བ་བཞིའི་འཕེལ་མྱུར་དུ་རྫོགས་པས་རྡོ་རྗེའི་སྐུ་ཐོབ་པའི་དགོས་པ་ཡོད་དོ། །རྒྱུད་ཀྱི་དགོས་ཆེད་ཡོན་ཏན་ལ་སོགས་པའི་ལུང་རྣམས་འདིར་མ་སྤྲོས་པས་གཞུང་དུ་ཤེས་པར་བྱའོ། །དང་པོ་ལུས་ཀྱི་དབྱེ་བ་དངོས་ནི། བདེ་བའི་སྟན་ཐོག་ཏུ་ལུས་རྡོ་རྗེ་སྐྱིལ་ཀྲུང་རྐང་མཐིལ་སྤྲད། རྒལ་ཚིགས་དྲང་པོར་བསྲང་། ལུས་ཉྭ་བཞི་བསྒྲིམ་ཅིང་ལྟག་རྩ་དྲང་པོར་འཐེན། ལག་གཉིས་ཐལ་མོ་སྤྱི་བོར་ཤད་རྐྱང་། ལྟ་སྟངས་བར་སྣང་ལ་ཧ་རེ་གཏད། དམིགས་པ་ཡིད་ཀྱི་ཡུལ་ཡང་ནམ་མཁའི་མཐོངས་སུ་ཐ་ལེ་གནས་པའི་ངང་ནས། ལུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཁྲང་ངེ་བ་ཞིག་ཡིད་ཡུལ་དུ་བསྒོམ། དེ་ལྟར་ཅི་ཙམ་ཁམས་ཀྱིས་ལྕོགས་པའི་བར་དུ་བྱ་ཞིང་། དེ་ཡང་དང་པོ་མི་གཅིག་ཟན་ཟ་ཡུན་ཙམ། དེ་ནས་ཅི་ཙམ་ལྕོགས་པས་ཉིན་མཚན་གཉིས་ལ་སྙིང་རུས་བསྐྱེད་པར་བྱའོ། །དེ་ལྟར་བསྒོམས་པས་རྩ་གཙོ་བོ་གསུམ་འཁོར་ལོ་ལྔ་ལ་སོགས་པ་རྣམས་གནད་དུ་ཚུད་པས་མཐར་ཐུག་རྡོ་རྗེའི་སྐུ་ཐོབ་ཅིང་། གནས་སྐབས་སུ་བར་ཆད་སེལ་ཞིང་སྲུང་བའི་མཆོག་ཏུ་ཡང་འགྱུར་རོ། །དེ་ལྟ་བུའི་འདུག་སྟངས་ལ་ཡུན་དུ་གནས་པར་བྱ་ཞིང་། མ་ལྕོགས་པ་དང་ཧ་ཞེས་སྒྲ་སྟོང་པ་ཞིག་བཏོན་ལ་དེ་དང་དུས་མཉམ་དུ་རང་གི་རིག་པ་ཨ་དཀར་པོར་གནས་པ་དེ་སྤྱི་གཙུག་གི་ནམ་མཁའ་ལ་རྒྱང་གིས་སོང་བར་བསམ་པ་དང་། དུས་མཉམ་དུ་ལུས་ཕྱི་གན་དུ་ཕྲས་ཀྱིས་འགྱེལ། དུར་ཁྲོད་ཀྱི་རོ་བཞིན་དུ་ཁྲེས་སེ་བསྐྱུར། གཏད་མེད་འཛིན་མེད་ཀྱི་ངང་རྩ་བྲལ་དུ་ཁྲེས་སེ་བཞག་གོ །དེ་ལྟར་ཞག་གསུམ་མམ་གཉིས་ལ་སོགས་པ་འབད་པས་བརྩོན་ན་ལུས་ཀྱི་རུ་ཤན་ཕྱེད་ཅིང་། སྤྱིར་ནི་ལུས་ངག་ཡིད་གསུམ་ཀའི་རུ་ཤན་ཕྱེད་དོ། །ཅིའི་ཕྱིར་ཞེ་ན། ལུས་རྡོ་རྗེའི་འདུག་སྟངས་ཀྱིས་ལུས། ཡིད་དམིགས་མེད་ཀྱི་ནམ་མཁའ་ལ་གཏད་པས་ཡིད། ངག་ཏུ་ཧ་ཞེས་བརྗོད་པས་རླུང་གི་གནད་ཀྱིས་ངག་གི་རུ་ཤན་ཕྱེད་དེ། དེ་ནི་རྫོགས་ཆེན་སྤྱི་སྐད་ཀུན་དང་མི་འདྲ་སྟེ། འདི་ཉིད་ཟབ་པས་འདི་ཉིད་རང་གིས་སེམས་ཀྱི་གཞི་རྩ་ཆོད་པ་དང་གནས་ལུགས་མཐོང་བ་འབྱུང་ངོ་། །ས་མ་ཡ། གཉིས་པ་ངག་འཁོར་འདས་རུ་ཤན་དབྱེ་བ་ནི། ཡང་བདེ་བའི་གདན་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ་མིག་བར་སྣང་ལ་བལྟ་སྟངས་ཧད་པོར་གཏད་ལ། སྣང་བ་ཟིལ་གྱིས་གནོན་ཅིང་། དེའི་ངང་ནས་ངག་ཏུ་ཧཱུྃ་དྲག་ངར་དང་ལྡན་པར། རླུང་ཐངས་རེ་ལ་ཧཱུྃ་ཉི་ཤུའམ་སུམ་ཅུ་རེ་ཙམ་སྒྲ་གྲགས་སྟོང་དུ་ལྷང་ལྷང་བཟླས་ཤིང་རང་གི་ཁ་ནས་ཧཱུྃ་གཅིག་ཐོན་གཉིས་ཐོན་གྲངས་མེད་དུ་ཐོན་ནས་ཉེ་ལོགས་ཐོ་ཕྱི་ཐམས་ཅད་ཧཱུྃ་དུ་རོང་རོང་ཁེངས་པར་བསམ་ཞིང་། དེ་ནས་ཧཱུྃ་རྣམས་ཕྱིར་ཤིག་ཤིག་སོང་བས་ནམ་མཁའི་མཐའ་དང་མཉམ་པར་བློས་ཁྱབ་ཚད་ནས་ཕར་ཧཱུྃ་རྣམས་རོང་རོང་སོང་བར་བསམ་ཞིང་ངག་ཏུ་ཡང་འུ་རུ་རུ་བཟླ་འོ། །ཡང་ཚུར་རོང་རོང་ཉེ་བར་འདུས་ཏེ། ལུང་པ་ཐོ་ཕྱི་ཐམས་ཅད་ཁེངས་པར་གྱུར་ནས། ཡང་རང་གི་ཁར་གཅིག་བྱུང་གཉིས་བྱུང་མང་དུ་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་ཧཱུྃ་གིས་ཁེངས་ཏེ་དྲག་ཏུ་བཟླས་པས་རང་ལུས་རྩེ་མའམ་ཚགས་འུ་ལྟ་བུར། ཧཱུྃ་རྣམས་ལུས་ཀྱི་སྤྱི་བོ་དང་རྐང་མཐིལ་གཡས་གཡོན་རྒྱབ་མདུན་ཐམས་ཅད་དུ་གོ་མཚམས་མེད་པར་བཏང་ནས་ཅི་ལྟར་གཅིག་ནས་ཧཱུྃ་གིས་ལུས་བར་སྣང་ལ་ཁྱེར་ཏེ། ནམ་མཁའ་ལ་ཡེམས་ཡེམས་ཡོད་པར་བསམ་ཞིང་བཟླས་ལ། ལུས་ངལ་ཏེ་ཆད་པ་དང་ཕཊ་ཅེས་སྒྲ་སྟོང་པ་ཞིག་བརྗོད་ནས་རང་གི་རྒྱུད་ཐོག་ཏུ་རང་ངོ་ལ་བལྟ་སྟེ་མཉམ་པར་གཞག་གོ །འདི་ལ་ཡང་ཞག་གསུམ་གཉིས་ལ་སོགས་སྐབས་དང་སྦྱར་རོ། །དེ་ལྟར་ཡུན་དུ་སྦྱངས་པས། སྤྱིར་ལུས་ངག་ཡིད་གསུམ་གྱི་རུ་ཤན་ཕྱེད་ཅིང་། རྫོགས་ཆེན་སྤྱི་སྐད་ཀུན་དང་མི་འདྲ་སྟེ་འདི་ཁྱད་པར་འཕགས་ཏེ། ཅིའི་ཕྱིར་ན། ལུས་ཆོས་བདུན་དང་ལྡན་པ་དང་། ཧཱུྃ་གིས་ཚགས་འུ་ལྟར་སྦྱངས་པས་ལུས་ཀྱི་རུ་ཤན་ཕྱེད་ཅིང་། ངག་ཧཱུྃ་བཟླས་པས་ངག །ཡིད་སྤྲོ་བསྡུའི་དམིགས་པས་ཡིད་ཀྱི་རུ་ཤན་ཕྱེད་ཅིང་། འདི་ཉིད་ཀྱིས་རང་གི་སེམས་གནས་འགྱུ་རྩད་ཆོད་པར་འགྱུར་རོ། །ས་མ་ཡ། གསུམ་པ་ཡིད་འཁོར་འདས་རུ་ཤན་དབྱེ་བ་ནི། ཡང་ལུས་ཆོས་བདུན་དང་ལྡན་པར་བྱས་ཏེ། རང་གི་སྙིང་གི་དཀྱིལ་དུ་སེམས་ཉིད་ཨ་དཀར་པོ་མཐེ་བོང་ཙམ་པ་གསལ་ལ་འཚེར་བ་ཞིག་བསྒོམས་ལ། ཨ་དེ་ལས་འོད་མཆེད་པས་རང་ལུས་ཐམས་ཅད་ཨའི་འོད་ཀྱིས་གང་ནས་ལུས་དང་ཨའི་འོད་དབྱེར་མེད་དུ་ཁྲུག་གིས་འདྲེས། རང་ལུས་འོད་ཀྱི་གང་བུར་གྱུར་པ་དེ། ཀོ་མོག་ཏུ་རྡོ་སྐྱུར་བའམ། འཇའི་དཀྱིལ་འཁོར་ལྟར་དུ་རིམ་པ་བཞིན་དུ་འོད་དུ་ཡ་ལ་ལ་མཆེད་ནས་སོང་བར་བསམ་ཞིང་། དེ་ནས་ཡང་རིམ་པ་ལྟར་དུ་འོད་ཚུར་ལ་འོ་ལོ་ལོ་འདུས་ནས་སྔར་བཞིན་སྙིང་གར་ལམ་བྱུང་ནས་གསལ་བ་དེ་ལ་ཕཊ་ཅེས་སྒྲ་སྟོང་པ་ཞིག་བརྗོད་ལ་དམིགས་པའི་སྤྲོ་བསྡུ་དེ་རྣམས་རྦད་ཀྱིས་བཅད་ལ་དམིགས་མེད་ཀྱི་ངང་ལ་ཁྲེས་སེ་བསྐྱུར། རྩ་བྲལ་གྱི་ངང་དུ་ལྷན་གྱིས་བཞག་གོ །དུར་ཁྲོད་ཀྱི་རོའམ་སྐྱེས་བུ་ཁོང་གི་སྙིང་ཕྱུང་བ་ལྟར་དུ་གཏད་མེད་དུ་ཁྲེས་སེ་བཞག་གོ །དེ་ནས་དམིགས་པའི་སྤྲོ་བསྡུ་གོང་གི་ཨ་དེ་མཐིང་ཁར་བསྒྱུར་ཏེ། དམིགས་པ་སྔར་བཞིན་དུ་གསལ་བར་བསྒོམ། དེ་ནས་ཨ་སེར་པོ། དམར་པོ། ལྗང་གུ་ལ་སོགས་ལ་རིམ་པར་གོང་མ་ལྟར་འཕྲུལ་ཤེས་པར་བྱ་སྟེ། དེས་ནི་ཡིད་ཀྱི་སྒྲིབ་པ་དུག་ལྔ་སྦྱང་ཞིང་དག་པར་འགྱུར་ཏེ། ཨ་དཀར་པོ་བསྒོམས་པས་གཏི་མུག །མཐིང་ག་བསྒོམས་པས་ཞེ་སྡང་། སེར་པོ་བསྒོམས་པས་ང་རྒྱལ། དམར་པོ་བསྒོམས་པས་འདོད་ཆགས། ལྗང་གུ་བསྒོམས་པས་ཕྲག་དོག་དག་སྟེ་དུག་ལྔའི་ས་བོན་བཅད་དེ། ཡེ་ཤེས་ལྔ་རང་བཞིན་གྱིས་རྒྱས་པར་འགྱུར་རོ། །དེས་ན་འདིས་རང་གི་ལུས་ངག་ཡིད་གསུམ་གྱི་རུ་ཤན་ཕྱེད་པར་འགྱུར་ཏེ། ལུས་དང་ཨ་འོད་དབྱེར་མེད་དུ་བསྲེས་པས་ལུས། ཕཊ་ཀྱི་སྒྲ་སྐད་ཀྱིས་རྩའི་དྭངས་སྙིགས་ཕྱེད་པས་ན་ངག །དམིགས་པའི་སྤྲོ་བསྡུས་ཡིད་ཀྱི་རུ་ཤན་ཕྱེད་དེ། དེས་ན་རྫོགས་ཆེན་སྤྱི་སྐད་ཀུན་ལས་ཁྱད་པར་འཕགས་ཏེ། འདི་ཉིད་རང་གིས་རིག་པའི་གྲུངས་ཐོན། གནས་ལུགས་ཀྱི་མཚང་རིག་པ་དག་ཀྱང་འབྱུང་ངོ་། །ས་མ་ཡ། དེ་ལྟར་ལུས་ངག་ཡིད་གསུམ་རུ་ཤན་ཕྱེད་པ་ལ་བརྟེན་ནས། ད་ཕྱིན་ཆད་ལུས་ངག་ཡིད་གསུམ་འཁོར་བར་མི་ལྡོག་པ་དང་། ལུས་ངག་ཡིད་གསུམ་གྱི་འཛིན་པ་དང་ཞེན་པ་ལས་གྲོལ་བ་དང་། གནས་སྐབས་སུ་ཡང་ཡོན་ཏན་མྱུར་དུ་སྐྱེ་བ་དང་། མཐར་ཐུག་ཏུ་ལུས་ངག་ཡིད་གསུམ་སྐུ་གསུམ་དུ་གྲོལ་བར་འགྱུར་རོ། །དེ་ལྟར་རུ་ཤན་ཕྱེད་པའི་རྟགས་སུ། ལུས་རྟགས་སུ་ལུས་དང་པོ་ན་ཞིང་ཟུག་པ་ལུས་ཞིག་པ་ལྟ་བུ་དང་། ཡང་ཞིང་བདེ་བ་དང་། བཀྲེས་སྐོམ་མེད་པ་དང་། ལུས་ཡོད་དུ་མི་ཚོར་བ་ལ་སོགས་པ་འབྱུང་ངོ་། །ཡང་ལུས་ཉམས་ཀྱིས་འདར་བ་དང་། འཕྲིག་པ། འཕར་བ། བྲོ་རྒྱག་པ་དང་། གར་བྱེད་པ་ལ་སོགས་འབྱུང་ཡང་སྲིད་དོ། །ངག་གི་རྟགས་སུ། སཾསྐྲྀཏའི་སྐད་དང་། ངུ་བ་དང་། དགོད་པ་དང་། དབྱངས་ལེན་པ་དང་། གླུ་ལེན་པ་ལ་སོགས་པ་ངེས་མེད་དུ་འབྱུང་ངོ་། །ཡིད་ཀྱི་རྟགས་སུ། རྣམ་རྟོག་རྒྱུན་ཆད། སེམས་གཏད་མེད། དྲན་པ་འོལ་པོ་རྗེས་མེད། མོས་གུས་དང་། དག་སྣང་དང་། སྙིང་རྗེ་དང་། ད་ནི་འཁོར་བ་དང་རུ་ཤན་ཕྱེད་པས་འཁོར་བར་ཟློག་མི་སྲིད་བསམ་པའི་དགའ་བ་དང་ཉམས་ལ་སོགས་པ་འབྱུང་ངོ་། །དེས་ན་འདི་ནི་ཀུན་ལས་ཁྱད་པར་འཕགས་སོ། །ས་མ་ཡ། དོན་གཉིས་པ་ནང་གི་རུ་ཤན་དབྱེ་བར་བྱ་སྟེ། ཅི་ལྟར་དབྱེ་ན། རང་གི་ལུས་འདི་རིགས་དྲུག་ཏུ་སྐྱེ་བའི་རྒྱུའམ་ས་བོན་ཡིག་འབྲུ་དྲུག་ཡོད་དོ། །འདི་དྲུག་གཉེན་པོའི་ཡེ་ཤེས་ཀྱིས་སྦྱང་སྟེ། དེ་ཡང་རང་གི་སྤྱི་བོ་ན་ལྷའི་ས་བོན་ཨ། མགྲིན་པ་ན་ལྷ་མིན་གྱི་ས་བོན་སུ། སྙིང་ཁ་ན་མིའི་ས་བོན་ནྲྀ། ལྟེ་བ་ན་བྱོལ་སོང་གི་ས་བོན་ཏྲི། གསང་གནས་ན་ཡི་དྭགས་ཀྱི་ས་བོན་པྲེ། རྐང་མཐིལ་ན་དམྱལ་བའི་ས་བོན་དུ། དེ་རྣམས་གནས་པས་དེ་རྣམས་ཡེ་ཤེས་ཀྱི་མེས་སྦྱང་སྟེ། རང་གི་སྙིང་ཁ་ཆོས་ཀྱི་འཁོར་ལོའི་དཀྱིལ་རྩ་དབུ་རྐྱང་རོ་གསུམ་ལས། དབུས་དབུ་མ་ལ་ཧཱུྃ། གཡས་རོ་མ་ལ་ཨཱོྃ། གཡོན་རྐྱང་མ་ལ་ཨཱཿགནས་པར་བསྒོམས་ལ། དེ་ནས་འབྲུ་གསུམ་ལས་ཡེ་ཤེས་ཀྱི་མེ་འབར་བས་ལུས་ཀྱི་ནང་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ས་བོན་དྲུག་པོ་ཤིང་སྡོང་ཁོང་རུལ་གྱི་ནང་ལ་མེ་འབར་བ་ལྟར་དུ་འུར་སྒྲ་དང་བཅས་ཏེ་འབར་བས། སྤྱིར་ནི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དང་ཉམས་ཆག །ཁྱད་པར་དུ་རིགས་དྲུག་ཏུ་སྐྱེ་བའི་ས་བོན་རྣམས་ནག་ཐུལ་གྱིས་འཚིག་པར་བསམ་ཞིང་ངག་ཏུ་ཨོཾ་ཨཱཿཧཱུྃ། ཞེས་འབུམ་ཚོ་བདུན་ནམ་ལྔའམ་གསུམ་ལ་སོགས་ཅི་རིགས་བཟླ་ཞིང་། ཐུན་མཚམས་སུ་ཕཊ་ཕཊ་ཅེས་དྲུག་བརྗོད་པས། ས་བོན་བསྲེགས་པའི་ཐལ་བ་ནག་ཕུང་ངེ་འདུག་པ་དེ་རྣམས་སྤྱི་བོ་ནས་རིམ་པར་ཕཊ་གཅིག་གིས་མགྲིན་པར་རྒྱང་ངེ་འཕོས། གཉིས་པས་མགྲིན་པའི་ས་བོན་བསྲེགས་སྙིང་གར་འཕོས། དེ་བཞིན་དུ་ཕཊ་ལན་རེ་བཞིན་དུ་ལྟེ་བ། གསང་གནས། རྐང་མཐིལ་ལས་ཀྱང་ཕཊ་ཅེས་ཐ་མ་དེ་ལ་ཕྱིར་རྒྱང་ངེ་ཐོན་པར་བསམ། རྗེས་སུ་དམིགས་པའི་འཕྲོ་འདུ་རྣམས་རྦད་བཅད་ལ་སྤྲོས་མེད་ཀྱི་ངང་ལ་ལྷོད་ཀྱིས་ཀློད། རྩ་བྲལ་གྱི་ངང་ལ་ལྷན་གྱིས་བཞག །དེས་ནི་རིགས་དྲུག་ཏུ་སྐྱེ་བའི་རྒྱུའམ་ས་བོན་མེད་དོ། །དཔེར་ན་ཐབ་ཀྱི་མེ་བསད་པས་མཐོངས་ཁུང་གི་དུ་བ་ཆད་པ་དང་མཚུངས་ཏེ། རྫོགས་ཆེན་སྤྱི་སྐད་ཀུན་དང་མི་འདྲ་སྟེ་འདི་ཉིད་རང་གིས་རུ་ཤན་ཕྱེད་པར་འགྱུར་ཏེ། ཤིན་ཏུ་ཟབ་པས་འདི་ལ་འབད་པར་བྱའོ། །ཞག་གསུམ་ལ་སོགས་གནས་སྐབས་དང་བསྟུན་ནོ། །འདི་ནི་རིགས་དྲུག་གི་སྐྱེ་སྒོ་གཅོད་པའི་སྤུ་གྲི་སྟེ་ཤིན་ཏུ་ཟབ་བོ། །ས་མ་ཡ། དེ་ནས་ལུས་ངག་ཡིད་གསུམ་རྣལ་དུ་དབབ་པ་ཤིན་ཏུ་གལ་ཆེ་སྟེ། ཅིའི་ཕྱིར་ན། གོང་གི་སྔོན་འགྲོ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་ལ་སོགས་ལུས་ངག་ཡིད་གསུམ་རྩོལ་བ་ལ་འབད་པས་ལུས་ཀྱི་འབྱུང་བ་དང་ཁམས་འཁྲུགས་པས་དངོས་གཞིའི་གནས་ལུགས་རྒྱུད་ལ་མི་སྐྱེ་བས་དེ་དག་སོར་གཞུག་པའི་ཕྱིར་ལུས་ངག་ཡིད་གསུམ་རྣལ་དུ་དབབ་སྟེ། ཅི་ལྟར་དབབ་ན། དབེན་པའི་གནས་སུ་བདེ་བའི་གདན་ལ། ལུས་ངག་ཡིད་གསུམ་ཆ་ནས་ཀློད་དེ་མི་བཅོས་པར་གར་བདེ་བར་བཞག་ཅིང་། ལུས་ངག་ཡིད་གསུམ་རྣམ་རྟོག་བསམ་བློ་རྐྱེན་དབང་དུ་མི་བཏང་བས་ལུས་མི་འགུལ། ངག་མི་སྨྲ། སེམས་མི་སྤྲོ། ཅི་བདེ་རུ་གནས་པར་བྱའོ། །དེ་ལ་ཡང་ཞག་གཅིག་གཉིས་གསུམ་གང་ཡང་རུང་བར་བྱ་ཞིང་། དེ་ལྟར་ཕབ་པའི་ཡོན་ཏན་གྱིས། རང་སེམས་ཤུགས་སམ་ངང་གིས་གནས་ཤིང་། བདེ་བ་རང་བབ་ཀྱི་སྒོམ་ཞིག་ཅིས་ཀྱང་འབྱུང་བས། དེས་ན་རྣལ་དུ་འབེབ་པ་འདི་ཟབ་བོ། །ས་མ་ཡ། དེ་ནས་སོར་གཞུག་པ་ནི། བདེ་བའི་སྟན་ལ་རང་ཉིད་ལུས་དྲང་པོར་བསྲང་ཆོས་བདུན་དང་ལྡན་པས། སྙིང་གར་གསེར་གྱི་རྡོ་རྗེ་རྒྱ་གྲམ་བསམ། དེའི་ལྟེ་བ་ལ་ཧཱུྃ་མཐིང་ནག་ཚོན་གང་བ་ཞིག་གསལ་བར་བསྒོམ། རྡོ་རྗེའི་ལྟེ་བའི་འོག་ཏུ་རང་གི་རིག་པ་ཨ་དཀར་པོ་བུང་བའམ་སྲན་མ་ཙམ་བསྒོམ། དེ་ནས་ཨ་དེ་རྒྱང་ངེ་ཐོན། སྟེང་གི་ཧཱུྃ་དེ་ལ་བསྐོར་བ་རང་འཁོར་ཉི་ཤུ་སུམ་ཅུ་ལྔ་བཅུ་བརྒྱ་ལ་སོགས་པ་བསྐོར་བར་བསམ་ཞིང་། གསལ་བདོ་བ་ལ་ཕཊ་ཅེས་བརྗོད། ཨ་དེ་སྐད་ཅིག་ཡལ་བར་བསམ་ལ། སེམས་མ་བཅོས་སྤྲོས་བྲལ་གྱི་ངང་དུ་ལྷོད་དེ་ཀློད་ལ། འདི་ལ་ཡང་ཞག་གཅིག་ཙམ་མམ། གང་ཡང་རུང་བར་སྦྱང་ངོ་། །དེས་ནི་དམིགས་པ་དང་སེམས་ཀྱི་ཁ་ལོ་གང་དུ་ཡང་བསྒྱུར་དུ་རུང་བ་དང་། མཉེན་བཙལ་ལམ་དུ་འཇུག་པ་ཀུན་ཀྱང་འགྲུབ་པར་འགྱུར་རོ། །དེས་ན་འདི་ནི་ཤིན་ཏུ་ཟབ་བོ། །ས་མ་ཡ། བཞི་པ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་འཕོ་བའི་ཚུལ་དུ་བླང་ཞིང་། རང་རིག་བླ་མའི་རྣལ་འབྱོར་གྱིས་རང་བྱུང་རང་ཞལ་མཇལ་བའི་གནད་འདི་ལ་བཞི་སྟེ། དང་པོ་གསོལ་བ་གདུང་ཡུས་ཀྱི་ཚུལ་དུ་གདབ་པ། བྱིན་རླབས་བཀའ་བབས་ཀྱི་ཚུལ་དུ་བླང་བ། གཉིས་མེད་དུ་བསྲེ་བ། རང་རིག་དོན་གྱི་བླ་མ་དང་མཇལ་ཐབས་སོ། །དང་པོ་གསོལ་བ་གདབ་པ་ནི། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་པས། རང་ཡི་དམ་དུ་གསལ་བའི་སྤྱི་གཙུག་གི་ནམ་མཁར་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་དབུས་པདྨ་འདབ་མ་སྟོང་དང་ལྡན་པའི་སྟེང་ཉི་ཟླའི་གདན་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། རྩ་བའི་བླ་མ་དེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཀུན་འདུས་པའི་བདག་ཉིད། རིགས་ཐམས་ཅད་འདུས་པའི་གཙོ་བོ། སྐུས་ཞིང་ཁམས་ཐམས་ཅད་ལ་ཁྱབ་པ། ཞིང་ཁམས་ཐམས་ཅད་སྐུ་ལ་སྣང་བ། གཟི་བརྗིད་འོད་དང་ལྡན་པ། སྐུ་དར་ལ་བབ་པ། ཉི་མ་འབུམ་ལས་འོད་ཟེར་ཆེ་བ། དྲན་པ་ཙམ་གྱིས་འཁོར་བའི་དུཿཁ་སེལ་བ། གསོལ་བ་བཏབ་ན་མཆོག་ཐུན་གྱི་དངོས་གྲུབ་རྩོལ་མེད་དུ་འབྱུང་བ་ཞིག་བསྒོམ། རྩ་བའི་བླ་མའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། རང་གི་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་དང་། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བླ་མའི་ཐུགས་ཀར་ཐིམ་པའམ། མཐའ་སྐོར་དུ་ཁྲ་ཁྲིག་གེར་བཞུགས་པར་བསམ། དེའི་སྤྱི་བོར་ཨོ་རྒྱན་པདྨ་ཨ་ཙར་བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན་སྤྲུལ་སྐུའི་ཆ་ལུགས་སུ་དཀར་དམར་མདངས་དང་ལྡན་པ་ཞིག་བསྒོམ། དེའི་སྤྱི་བོར་མཁས་མཆོག་ཤྲཱི་སིཾ་ཧ་པཎྜི་ཏ་དམར་ལ་འོད་ཆགས་པ་སེ་འུའི་མདོག་ལྟ་བུ་སྤྱན་རྩ་དམར་ཧྲིག་གེ་བ་ཞིག་བསྒོམ། དེའི་སྤྱི་བོར་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེ་སྐུ་མདོག་དཀར་པོ་དབུ་གཙུག་ཏོར་ཕྱག་གཡས་པ་ས་གནོན་གཡོན་མཉམ་གཞག་ཤཱཀ་ཐུབ་དཀར་པོའི་ཆ་ལུགས་ལྟ་བུ་ཞིག་བསྒོམ། དེའི་སྤྱི་བོར་རྒྱལ་བ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་པས་དྲིལ་བུ་འཛིན་པ། རྒྱན་དུ་མས་སྤྲས་པའི་འོད་ཟེར་ཅན་ཞིག་བསྒོམ། དེའི་སྤྱི་བོར་དྲུག་པ་རྡོ་རྗེ་འཆང་ཆེན་སྐུ་མདོག་མཐིང་ཁ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་རུས་པའི་རྒྱན་དྲུག་གིས་སྤྲས་པ་ཞིག་བསྒོམ། དེའི་སྤྱི་བོར་ཆོས་སྐུ་ཀུན་བཟང་ཡབ་ཡུམ་སྐུ་མདོག་མཐིང་གའམ་དཀར་པོ། ཕྱག་མཉམ་གཞག་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་པ། དེ་རྣམས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་མ་འདྲེས་པ་སོ་སོར་གསལ་བ་ནམ་མཁའི་འཇའ་ཚོན་ལྟ་བུ་ཞིག་བསྒོམ། རིམ་པ་བཞིན་དུ་བླ་མ་དེ་རྣམས་ཐོ་བརྩེགས་སུ་ཁྲིག་གེ་བཞུགས་པར་བསྐྱེད། ཐམས་ཅད་ཀྱང་རང་ལ་བུ་གཅིག་པུའི་མ་ལྟར་བརྩེ་བ་ཆེན་པོའི་སྤྱན་རམ་མེར་གཟིགས་པར་བསམ། རང་ལ་ཕ་མས་གཙོར་བྱས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས་བསྐོར་བར་བསམ་ལ། དེར་བཀའ་བརྒྱུད་ཀྱི་བླ་མ་དེ་རྣམས་ལ་གུས་པའི་སྒོ་ནས་རིག་པ་ཅེ་རེ་བ་ཞིག་བལྟས་ལ། ཀྱེ་མ་བཀའ་བརྒྱུད་ཀྱི་བླ་མ་འདི་རྣམས་བདེ་ཆེན་དག་པའི་ཞིང་དུ་སངས་རྒྱས་ཀྱང་། བདག་ད་རུང་འཁོར་བ་དུ་ཁའི་གྲོང་ཁྱེར་ལ་སྤྱོད་དགོས་པ་བདག་རེ་ཕམ་སྙམ་དུ་ཡི་མུག་ག་ཆད་བློ་སྨད་དེ། འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་འདི་ནས་དགྲ་མི་ཤ་བོ་བཙོན་དོང་ནས་ཐར་བར་འདོད་པ་ལྟ་བུའི་གདུང་ཤུགས་ཀྱིས་བདག་གི་གཙོར་བྱས་ཐམས་ཅད་ཀྱིས་གསོལ་བ་གདུང་ཡུས་ཀྱི་ཚུལ་དུ་འུ་རུ་རུ་མས་ཡར་བཏབ་པས། རིམ་པ་བཞིན་སྤྱི་བོའི་བླ་མ་རྣམས་ཀྱང་འོག་མས་གོང་མ་ལ་རིམ་པས་མས་ནས་ཡར་རིམ་པས་འུ་རུ་རུ་གསོལ་བ་འདེབས་པར་བསམ་ལ། བླ་མ་ལ་བློ་ཡིས་གཏད་པ་ཅི་ཤེས་ཀྱིས་རེ་ལྟོས་སྐྱབས་གནས་ཐམས་ཅད་ཁ་ཙམ་མ་ཡིན་པར་བློ་ལིང་ལིང་གཏད་ལ། རྟོག་པས་བར་མ་ཆོད་པར་སྙིང་གི་དཀྱིལ་ནས་གསོལ་བ་ཕུར་ཚུགས་སུ་བཏབ་བོ། །གསོལ་འདེབས་ནི་ལོགས་ནས་ཤེས། དེ་ནི་གསོལ་བ་ཕུར་ཚུགས་སུ་བཏབ་པའོ། །གཉིས་པ་བྱིན་རླབས་བཀའ་བབ་ཀྱི་ཚུལ་དུ་བླང་བ་ནི། རང་གིས་གསོལ་བ་ཕུར་ཚུགས་སུ་བཏབ་པས། གོང་གི་བླ་མ་དེ་རྣམས་ཀྱིས་ཐུགས་བརྩེ་བ་ཆེན་པོས། བདག་ལ་མ་བཟོད་པའི་ཚུལ་དུ་དགོངས་པ་གཏད་ནས་གོང་ནས་རིམ་པ་བཞིན། ཀུན་བཟང་ཡབ་ཡུམ་རྡོ་རྗེ་འཆང་ལ་ཐིམ། རྡོ་རྗེ་འཆང་རྡོ་རྗེ་སེམས་དཔའ་ལ་ཐིམ། དེ་བཞིན་དུ་རིམ་པས་མར་ལ་གཅིག་ལ་གཅིག་འོད་དུ་ཐིམ་ནས་རྩ་བའི་བླ་མ་ལ་ཐིམ། དེ་ནས་ཕྱོགས་བཅུའི་བླ་མ་སངས་རྒྱས་བྱང་སེམས་ཐམས་ཅད་བླ་མ་ལ་ཐིམ། དེ་ནས་བླ་མའི་སྤྱི་བོ་ནས་ཨོཾ་དཀར་པོ་འོད་ཟེར་ཐིག་ལེའི་ཚུལ་དུ་རང་གི་དཔྲལ་བར་ཐིམ་པས་བུམ་དབང་སྐུའི་དངོས་གྲུབ་ཐོབ་པར་བསམ། དེ་བཞིན་དུ་མགྲིན་པ་ནས་ཨཱཿདམར་པོ། ཐུགས་ཀ་ནས་ཧཱུྃ་མཐིང་ག་རྣམས་རིམ་པར་བདག་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། དབང་བཞི་རིམ་པར་ཐོབ་ཅིང་། བླ་མའི་སྐུ་ལས་འོད་ཟེར་ཁ་དོག་ལྔའི་དབྱིག་ཆེན་པོ་བབ། རང་གི་ལུས་ངག་ཡིད་གསུམ་ལ་ཐིམ། སྐུ་གསུང་ཐུགས་ཀྱི་དབང་བཞི་ཡོངས་རྫོགས་ཆེན་པོ་ཐོབ་པར་བསྒོམ། དེ་ནས་བླ་མ་ཡང་རང་གི་སྤྱི་བོ་ནས་མར་ཐིམ་ནས། བདག་གི་སྙིང་པདྨ་འདབ་བརྒྱད་གྱེན་དུ་ཁ་ཕྱེ་བའི་དཀྱིལ་དུ་ལམ་བྱོན་པར་བསམ། རིག་པ་ཁ་ནང་དུ་ལོག་ལ་འདི་ལྟར་བསྒོམ་སྟེ། ཨེ་མ་སངས་རྒྱས་ཆོས་ཀྱི་སྐུ་ནི་སྤྲོས་པའི་མཐའ་དང་བྲལ། ལོངས་སྐུའི་གདུལ་བྱར་ནི་བདག་མ་གྱུར། བླ་མ་སངས་རྒྱས་སྤྲུལ་པའི་སྐུ་ཁོ་ན་བདག་གི་བླ་མ་འདི་ཡིན་ཨང་སྙམ་དུ་བླ་མའི་ཡོན་ཏན་སྐུ་དྲིན་ལ་བསམ་སྟེ། སངས་རྒྱས་དངོས་སུ་འདུ་ཤེས་བློ་རྩེ་གཅིག་ཏུ་བླ་མ་སྤྲུལ་སྐུར་ཐག་ཆོད་པའི་མོས་པ་བྱའོ། །གསུམ་པ་བླ་མ་དང་གཉིས་མེད་དུ་བསྲེ་བ་ནི། རང་གི་སྙིང་དཀྱིལ་ན་བཞུགས་པ་དེ། སྐད་ཅིག་གིས་ཧཱུྃ་མཐིང་ག་ཞིག་ཏུ་གྱུར། ཡང་ཧཱུྃ་དེ་ཉིད་གནས་གྱུར་ཏེ། ཐིག་ལེ་འོད་ལྔ་དང་ལྡན་པ་ཞིག་ཏུ་གྱུར། ཐིག་ལེ་དེ་སྙིང་ཁ་ནས་འོད་དུ་ཙེར་ཡལ་ཚེ་རྒྱ་ཆེར་མཆེད་ནས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་དུ་ཁྲུག་གིས་འདྲེས་པས། གོང་གི་བླ་མ་དེ་རྣམས་ཀྱི་བྱིན་རླབས་དང་རྟོགས་པ་རང་རྒྱུད་ལ་བུམ་པ་གང་བྱོའི་ཚུལ་དུ་འཕོས་ཤིང་ཐོབ་པར་བསམ་ལ་དེའི་ངང་དུ། སྤྲོས་མེད་དུ་ཁྲེས་སེ། ཝང་ངེ་། ཤིག་གེ །ཧྲིག་གེ །མ་བཅོས་པར་ཟང་ཐལ་ལེར་གཞག་གོ །འོ་དེ་ལྟར་གནས་པའི་བློ་བྲལ་གྱི་ཤེས་པ་རྗེན་པ་སྔ་ཕྱིའི་རྟོག་པ་རྒྱུན་ཆད་རང་བྱུང་གསལ་དྭངས་འཛིན་མེད་དེ་ཀ་གོང་གི་བླ་མ་དེ་རྣམས་ཀྱི་ངོ་བོ་དེར་གནས་པ་ཡིན་པས། རང་རིག་དོན་གྱི་བླ་མ་དང་ཞལ་མཇལ་བ་ཞེས་བྱའོ། །བཞི་པ་རང་རིག་དོན་གྱི་བླ་མ་དང་མཇལ་ཚུལ་གྱིས་ངོ་སྤྲད་པ་ནི། གོང་དུ་བླ་མ་རྣམས་ལ་གསོལ་བ་ཕུར་ཚུགས་སུ་གདུང་ཡུས་ཀྱི་ཚུལ་དུ་བཏབ་པའི་རྗེས་སུ། རང་དང་དབྱེར་མེད་དུ་ཐུགས་ཡིད་བསྲེས་ཏེ་རང་རིག་དོན་གྱི་བླ་མ་ཀུན་ཏུ་བཟང་པོ་དང་མཇལ་བས་ཕྱིའི་བྱིན་རླབས་གཞན་ལ་ལྟོས་པའི་སྐྱོན་དང་བྲལ་བའོ། །དེ་ལས་རྒྱས་པ་གཞུང་གཏེར་མ་ལས་ངོ་སྤྲད་དོ། །དེ་ནི་རྫོགས་པ་ཆེན་པོའི་སྤྱི་སྐད་ཀུན་ལས་ཁྱད་པར་དུ་འཕགས་ཏེ། འདི་ཉིད་ཟབ་ཅིང་ངོ་མཚར་ཆེ་སྟེ་འདི་ལ་ནན་ཏན་བསྐྱེད་ན་བྱིན་རླབས་དང་རྟོགས་པ་ཐམས་ཅད་ཐོད་རྒལ་དུ་འབྱུང་བར་འགྱུར་རོ། །ས་མ་ཡ། སྤྱི་དོན་ལྔ་པ་དངོས་གཞི་ཁྲེགས་ཆོད་ཀྱི་དམར་ཁྲིད་འདི་ལ་དྲུག་སྟེ། དང་པོ་བྱུང་གནས་འགྲོ་གསུམ་གྱི་རྩད་གཅད། གཉིས་པ་ངོ་སྤྲོད་བཙན་ཐབས་སུ་གདབ། གསུམ་པ་རླུང་བུམ་པ་ཅན་གྱི་དཀྱིལ་འཁོར་ལ་བརྟེན་ནས་རླུང་རིག་དྭངས་སྙིགས་དབྱེ་ཞིང་རང་བཞིན་གྱི་མཚང་བཙལ་བ། བཞི་པ་ཞི་གནས་ལ་བརྟེན་ནས་ཁྲེགས་ཆོད་ཀྱི་གཞི་བཙལ་བ། ལྔ་པ་ལྷག་མཐོང་ལ་བརྟེན་ནས་གནས་ལུགས་ཀྱི་ངོ་བོ་བལྟ་བ། དྲུག་པ་རྗེས་སྐྱོང་ལ་བརྟེན་ནས་སྤྲོས་བྲལ་མཐར་བསྐྱལ་པའོ། །དང་པོ་བྱུང་གནས་འགྲོ་གསུམ་རྩད་གཅད་པ་ནི། རེ་རེ་ལ་ཡང་དཔྱད་བསྒོམ་དང་འཇོག་བསྒོམ་བྱ་སྟེ། དང་པོ་སེམས་ཀྱི་བྱུང་ས་ལ་ཡང་། ཕྱི་སྣང་བའི་ཡུལ་ལ་དཔྱད་དེ་བསྒོམ་པ་ཕྱི་ནང་སྣོད་བཅུད་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་རི་བོ་རི་བྲན། མདོར་ན་གང་ལས་བྱུང་། ཅི་ལྟར་བྱུང་། བྱུང་ཚུལ་ཅི་ལྟར་རིག་པས་དཔྱད་དེ་ལེགས་པར་བརྟག་ཅིང་བསྒོམ་མོ། །དེ་ནས་ཡང་རང་གི་ལུས་སྟོད་སྨད་ཡན་ལག །དོན་སྙིང་ཕྱི་ནང་ཐམས་ཅད་དུ་གང་ན་གནས། ཇི་ལྟར་གནས་ལེགས་པར་བརྟག་གོ །དེ་ནས་འཇོག་བསྒོམ་བྱ་སྟེ། སེམས་ཉིད་རང་གི་སྟེང་དུ་ལེགས་པར་བཞག་སྟེ། སེམས་ཞེས་མི་དྲན་དགུ་དྲན། མི་རིག་དགུ་རིག་འདི། གང་ནས་བྱུང་། མཚན་ཉིད་ཇི་ལྟ་བུ་ཞེས་རང་གིས་རང་ལ་ལེགས་པར་བརྟག་གོ །དེ་ལྟར་དུ་བླ་མས་འཕྲུལ་ཤེས་པར་བྱས་ཏེ། གནས་ས་དང་འགྲོ་ས་ཐམས་ཅད་ལེགས་པར་རྩད་གཅོད་བྱ་ཞིང་། ཁྱད་པར་དུའང་ཁ་ལྟ་དྲེད་པོ་དང་། ལས་དང་པོ་པ་རྣམས་ལ་ཕུ་ཐག་འཁྲོལ་བར་གཅད་པར་བྱའོ། །དེ་ཡང་སེམས་ཉིད་ཆོས་སྐུ་རྣལ་མ་འདི། འགྲོ་བ་རིགས་དྲུག་ཏུ་འཁྱམས་ཤིང་འཁྲུལ་པའི་རྒྱུ་མཚན་ཅི་ལྟར་འདུག །དེའི་ངོ་བོའམ་ཁ་དོག་དང་། དབྱིབས་མཚན་ཉིད་ཅི་ལྟར་འདུག་ལེགས་པར་བརྟག་ཏུ་གཞུག་གོ །འདི་རྣམས་ཀྱི་དུས་སུ་བླ་མས་དྲི་བ་དང་ཁྲིད་ལུགས་མཁས་པར་ཤེས་པར་བྱའོ། །དེ་ཡང་འགྱུ་བྱེད་ཀྱི་རྟོག་པ་ཅི་ལྟར་བྱུང་། གང་ལས་བྱུང་། དངོས་པོར་གྲུབ་བམ་མ་གྲུབ། གྲུབ་ན་ཅི་ལྟར་གྲུབ། མ་གྲུབ་ན་སྟོང་པ་ཡིན་ནམ་ཅི་ལྟར་ཡིན་ལེགས་པར་བརྟག་གོ །དེ་ནས་ཡང་གྲུབ་ན་དེའི་མཚན་ཉིད་གཟུགས་ཁ་དོག་ཅི་ལྟར་འདུག །སྟོང་པ་ཡིན་ན་ཅི་ལྟར་སྟོང་། ནམ་མཁའ་ལྟ་བུའི་སྟོང་པ་ཡིན་ནམ། རླུང་དང་བྲག་ཆ་ལྟ་བུའི་སྟོང་པ་ཡིན་ནམ། འོན་ཏེ་ཅི་ལྟར་སྟོང་ལེགས་པར་བརྟག་གོ །དེ་ནས་ཡང་སེམས་དང་རྣམ་རྟོག་གཉིས་གཅིག་གམ་ཐ་དད། གཅིག་ན་སྣང་བ་དང་སྟོང་པ་གནས་འགྱུ་གཉིས་སོ་སོར་ཅིས་འབྱུང་། གྱེས་དུས་སུ་གྱེས་མཚམས་གང་ནས་གྱེས། འཁྲུལ་པའི་རྩ་བ་གང་ནས་བྱུང་། བདག་དང་གཞན་གཉིས་སུས་བྱས། དེ་རྣམས་ལེགས་པར་བརྟག་གོ །དེ་ལྟར་ཐག་ཆོད་ཀྱི་དྲི་བ་གཙང་མ་ཞིག་མ་བྱུང་བར་ལ་བརྟག་པར་བྱའོ། །དེ་ནས་བླ་མས་དང་པོ་བྱུང་ས་མེད་དེ་ཆོས་སྐུ། གནས་ས་མེད་དེ་ལོངས་སྐུ། འགྲོ་འོང་མེད་དེ་སྤྲུལ་སྐུར་ངོ་སྤྲད་དོ། །དེ་ཡང་མ་འགགས་པའི་རྩལ་རང་སེམས། སེམས་སྟོང་པ། སྣང་སྟོང་གཉིས་མེད་ཟུང་འཇུག་ལྷུན་གྲུབ། མདོར་ན་སྣང་སྲིད་འཁོར་འདས་ཐམས་ཅད་རང་རིག་རང་བྱུང་རང་གྲོལ་དུ་ངོ་སྤྲད་དོ། །དེ་ཡང་སྟོང་ལུགས་ཀྱང་། འབྱུང་བ་ནམ་མཁའ་ལྟ་བུའི་རིས་མེད་སྟོང་པ། རླུང་དང་བྲག་ཆ་ལྟ་བུའི་ཆད་སྟོང་ལ་སོགས་པ་མ་ཡིན་ཏེ། ཡུལ་དང་ཡུལ་ཅན། ཁ་དོག་སྤུ་རིས་མཚན་མ་གཟུགས་ཅན་མ་ཡིན་པའི་སྟོང་པ། འོན་ཏེ་མེད་པ་མ་ཡིན། རྩལ་འགག་མེད་རིག་བཅས་རང་གསལ། རང་གི་རང་རིག་རྗེན་ནེ་བ། ཧྲིག་གེ་བ། འདི་ཞེས་གདགས་བྱ་མ་རྙེད་པའི་རང་བཞིན་ངེས་ཤེས་དང་བཅས་པའོ། །དེ་ལྟར་ཕུ་འཁྲོལ་གདར་ཤ་ཐག་ཆོད་དུ་བྱས་ནས། སྐབས་འདིར་རྫོགས་ཆེན་ཀུན་གྱི་ཐུན་མོང་མ་ཡིན་པའི་ཁྱད་པར་ངོ་སྤྲོད་བཙན་ཐབས་སུ་གདབ་པར་བྱ་སྟེ། དབེན་ཞིང་ཉམས་དགའི་རི་བོའི་རྩེའམ། སྤང་གཤོང་ངམ། ཆུ་གླིང་ངམ། ནེའུ་ཐང་ལ་སོགས་མིས་མི་མངོན་པའི་གནས་སུ་ཁྲི་མཐོན་པོ་དར་གྱི་བལྡབས་ཁྲི་ལ་སོགས་པའི་སྟེང་དུ་བླ་མ་ཉིད་ཟབ་བེར་དར་གྱི་ན་བཟའ་ལ་སོགས་གཟི་བརྗིད་དང་ལྡན་པར་བྱས་ལ། དབུ་ལ་པད་ཞྭ་ལེགས་པར་གསོལ། སྟེང་དུ་གདུགས་དང་མཐའ་སྐོར་གཡས་གཡོན་དུ་འཕན་དང་རྒྱལ་མཚན་ལ་སོགས་བཀོད་པའི་རྒྱན་རྣམས་དང་ལྡན་པར་བཤམ། རྣལ་འབྱོར་སྐྱེད་ཆོག་རྣམས་བླ་མའི་རྣལ་འབྱོར་ལྟར་བྱས་ཏེ། བླ་མ་ལ་གསེར་གཡུའི་མཎྜལ། མཁའ་འགྲོ་ཆོས་སྐྱོང་ལ་གཏོར་ཚོགས་རྣམས་ལེགས་པར་བཤམས་ལ། དེ་ནས་སློབ་མ་རྣམས་ཀྱིས་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་མོས་གུས་ཐུན་མོང་མ་ཡིན་པ་བྱས་ལ། ངག་གིས་གསོལ་བ་འདེབས་ཤིང་ལུས་ཀྱིས་བསྐོར་བ་བརྒྱ་སྟོང་། ངག་ཏུ་ཡིག་བརྒྱ་བཟླས་ཤིང་ལུས་ཀྱིས་བརྐྱང་ཕྱག་བྱས་ཏེ། དེ་རྗེས་བླ་མ་ལ་གསེར་གྱི་མཎྜལ་ལན་བདུན། སྨན་གྱི་མཎྜལ་ལན་བདུན། འབྲུའི་མཎྜལ་ལན་བདུན་འབུལ་ཞིང་། མོས་གུས་མཆི་མ་འབྱུང་བ་བྱས་ཤིང་གསོལ་བ་ཕུར་ཚུགས་སུ་གདབ་ཅིང་དེ་ལྟར་ལུས་མ་ཆད་བར་དུ་འབད་ལ། དེའི་རྗེས་སུ་བླ་མའི་མདུན་དུ་ཐམས་ཅད་ལུས་ཆོས་བདུན་དང་ལྡན་པས་ལུས་དྲང་པོར་བསྲང་སྟེ། དྲན་པ་མངོན་དུ་བཞག་ལ། བླ་མ་ལ་གསོལ་བ་བཏབ་རྗེས་སུ། བླ་མའི་གནས་བཞི་ནས་དབང་བཞི་བླངས་ནས། བླ་མའི་སྐུ་གསུང་ཐུགས་ཀྱི་རྟོགས་པ་དང་བྱིན་རླབས་ཐུགས་རྗེ་ཐམས་ཅད་རང་གི་ལུས་ངག་ཡིད་གསུམ་ལ་སྐད་ཅིག་ལ་འཕོས་པར་བསམ་ལ། སྙིང་ནས་གུས་པ་བྱ། བླ་མས་ཀྱང་ཐུགས་རྒྱུད་ཀྱི་རྟོགས་པ་བྱིན་རླབས་སློབ་མ་རྣམས་ལ་འཕོས་པར་དམིགས་པ་དྲག་ཏུ་གཏད་ལ། དེ་ནས་འདི་སྐད་དུ་ངོ་སྤྲད་པར་བྱ་སྟེ། འོ་རིགས་ཀྱི་བུ་རྣམས་སྔ་ཕྱིའི་སེམས་རྟོག་པ་མ་འཕྲོ་བར་ཞོག་ཅིག་བྱ། དར་ཅིག་ན་ཡང་། བུ་ཀུན་སེམས་གསལ་དུ་རེ་བའི་ཤེས་པས་མ་བསླད། གསལ་བའི་ཉམས་ལ་མ་ཞེན། གནས་པ་ལ་མ་ཞེན། འགྱུ་བ་ལ་མ་འཛིན། ཚོགས་དྲུག་གི་སྣང་བ་གསལ་སྟོང་རྗེན་པའི་རང་སྣང་ལ་དེར་འཛིན་མ་བྱེད་པར་རང་ངོ་གསལ་སྟོང་དུ་རྗེན་ནེ་ཞོག་ཅིག །ཡུལ་མེད་བློ་བྲལ་དུ་ཟང་ཐལ་ལེ་ཞོག་ཅིག་བྱ། གསལ་བདོ་བ་ལ་ཕཊ་ཅེས་ཐུན་གསུམ་མམ་བདུན་ལ་སོགས་པ་བྱ། དེའི་དུས་སུ་སྤྲོས་མེད་ཀྱི་དོན་སྐད་ཅིག་ལ་མི་སྐྱེ་མི་སྲིད་པས། འོ་རིགས་ཀྱི་བུ་ད་ལྟའི་སེམས་ཉིད་རང་གསལ་རྗེན་པ། འཛིན་མེད་ངང་དྭངས། སྤྲོས་བྲལ་ཁྲེས་སེ་བ། ལྷང་ངེ་བ། ཧྲིག་གེ་བ། དེར་སྣང་གི་རྩལ་མ་འགགས་པ་ལ་དེར་འཛིན་མ་ཞུགས་པའི་ཉམས་སུ་མྱོང་དུ་ཡོད་པ། ཚིག་གིས་སྨྲ་མི་ཤེས་པའི་རྗེན་ནེ་བ་ཟང་ངེ་བ་འདི། གནས་ལུགས་དོན་གྱི་རྫོགས་པ་ཆེན་པོ་ཞེས་ཀྱང་བྱ། ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། རིག་པའི་རྩལ་དབང་ཞེས་ཀྱང་བྱ། ལྷག་མཐོང་། ལྟ་བ། རྟོགས་པ། ཁྲེགས་ཆོད། མིང་གི་རྣམ་གྲངས་དུ་མར་ཕྱེ་ཡང་། དོན་གདོད་མའི་གནས་ལུགས་རང་བཞིན་རྣམ་དག །རང་རིག་ཀུན་ཏུ་བཟང་པོ་དོན་གྱི་གཤིས་ལུགས་སྐྱོན་མེད་དེ་འདི་ཀ་ཡིན་པས། ད་འདི་ངོ་ཤེས་ནས་འདི་དོན་ཉམས་སུ་བླང་བ་དང་མ་བྲལ་བར་གྱིས་ཤིག །འདི་མ་རྟོགས་པའི་དུས་ནའང་། གདོད་ནས་འདི་གནས་པ་ཡིན་ཏེ། རང་ངོ་རང་གིས་མ་རིག་གློ་བུར་གྱི་དྲི་མས་རྟོག་པ་སྣ་ཚོགས་སུ་ཤར་བ་ཡིན་ནོ། །ད་དུས་དེ་རིང་ནས་ཁྱེད་རྣམས་ཀྱི་ལས་ཀྱི་མཐའ་ཟད། རང་བྱུང་གི་ཞལ་མཇལ། སངས་རྒྱས་ལག་ཏུ་གཏད་པ་ཡིན་པས། ད་ཕན་ཆད་གནས་ལུགས་འདི་དང་མ་བྲལ་བར་གྱིས་ཤིག །ཚེ་གཅིག་གིས་སངས་རྒྱས་འཐོབ་པར་གདོན་མི་ཟའོ། །ཞེས་རྒྱས་པར་ངོ་སྤྲད་དོ། །འདི་ནི་དབུལ་པོས་ཡིད་བཞིན་གྱི་ནོར་བུའི་གཏེར་རྙེད་པ་དང་འདྲ་སྟེ། རང་རིག་གཅེར་བུར་ངོ་སྤྲད་པས་སངས་རྒྱས་ཀྱི་དགོངས་པ་ལ་ལོངས་སྤྱོད་པར་འགྱུར་བ་ཡིན་ནོ། །ཞེས་མྱོང་རིག་ལེགས་པོས་རྒྱས་པར་ངོ་སྤྲོད་གནད་དུ་ཐེབས་པར་བྱའོ། །འདི་ནི་ཤིན་ཏུ་ཟབ་སྟེ་ངོ་མཚར་ཆེའོ། །ས་མ་ཡ། དེ་ནས་དངོས་གཞི་ཁྲེགས་ཆོད་ཉམས་སུ་ལེན་པའི་སྔོན་འགྲོར་རླུང་བུམ་པ་ཅན་ལ་བརྟེན་ནས་རིག་པ་དྭངས་སྙིགས་དབྱེ་བ་ནི། ལུས་ཆོས་བདུན་དང་ལྡན་པས་ཡི་དམ་གྱི་ལྷ་བསྒོམ། རླུང་རོ་རྐྱང་གཉིས་ཕྱོགས་ཕྱོགས་སུ་གཉིས་གཉིས་དང་དབུས་ཕྱོགས་སུ་གཅིག་འབུད་ལ། དེ་ནས་འཇམ་ལ་རིང་བར་རྔུབ་སྟེ། ལྟེ་འོག་ཏུ་ཏིག་བསྐྱུར། འོག་རླུང་ཅུང་ཟད་འཐེན། མིག་སྣ་རྩེ་ནས་མཐོ་གང་གི་ནམ་མཁར་གཏད། རིག་པ་མདུན་གྱི་ནམ་མཁར་ཁྲུ་གང་ཙམ་པ་འདིར་ཨ་དཀར་ལམ་མེ་བ་ལ་གཏད། རྗེས་སུ་རླུང་དལ་བུས་གཏང་། མཆུ་དང་སོ་གཉིས་མ་རེག་ཙམ་ཐ་མལ་དུ་གཞག་གོ །དེ་ལ་ཞག་གཉིས། དེས་རླུང་རིག་དྭངས་སྙིགས་ཕྱེད། ཡེ་ཤེས་ངང་དྭངས་སུ་འཆར་རོ། །དེ་ནས་ཡང་འཕྲུལ་འཁོར་གོང་བཞིན་བྱ། མིག་སྣ་རྩེར་དབབ། རང་ངོ་རང་གིས་བལྟ། རྟོག་པའི་བརྟག་དཔྱད་མི་བྱ། དྲན་པ་ཡུལ་ཟིན་ཙམ་དུ་བྱ་སྟེ་རང་བབ་ཏུ་བསྒོམ། གསལ་བདོ་བ་ལ་ཕཊ་ཅེས་བཤིག །དེའི་རྗེས་ལ་བལྟ། དེའི་ཚེ་སེམས་ཆེད་དུ་སྤྲོས་ཀྱང་མི་འཕྲོ་བར་ཧྲིག་གེར་གནས་པ་ཞིག་འབྱུང་། དེ་ལ་ཞག་གཅིག་ཏུའམ་ཅི་རིགས་སུ་བསྒོམ། དེ་ནས་འཕྲུལ་འཁོར་གོང་བཞིན་ལ། རིག་པ་ལ་ངར་བསྐྱེད། མིག་ལྟ་སྟངས་བར་སྣང་ལ་ཧད་པོར་གཏད། རིག་པ་ཡང་སྙིང་ནང་ནས་མིག་ལ་བརྒྱུད་དེ་བར་སྣང་དུ་སྐྱ་ཏ་ལེ་ཡོད་པ་ལ་དམིགས་པ་རྒྱ་བསྐྱེད། ཡིད་ཙམ་གཏད་དེ་རང་རིག་ངར་དང་བཅས་ཏེ་བསྒོམས་པས་རྟོག་པ་ཟིལ་གྱིས་ནོན། སྣང་སྟོང་གི་ཕུ་འཁྲོལ་བར་བྱའོ། །དེའི་ཚེ་ཞི་གནས་བྱ་བ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་རྟོག་མེད་དུ་ལྷན་ནེ་བ་དང་། ཡང་རིག་པ་དྭངས་སྙིགས་ཕྱེད་པས་སྔར་བས་འགྱུ་རྟོག་རགས་སུ་སོང་བ་ལྟ་བུ་གང་ཤར་འཕྲའུ་ཙམ་ཡང་དྲན་པས་ཟིན་པ་ཙམ་ཡང་འབྱུང་སྟེ། འདི་ལ་ཞི་གནས་བྱ་བ་རླུང་རིག་རྣལ་དུ་ཕེབ་པ་ཡིན་ནོ། །སྒོམ་ཆེན་འགའ་ཞིག་འདི་ལ་ཞེན་ཞིང་སྒོམ་གྱི་ངོ་ཏིར་འདོད་པ་མང་ཡང་ཅུང་ཟད་མིན་པས། དེ་ནས་བླ་མས་གནས་པ་ལ་མི་ཞེན། འགྱུ་རྟོག་ལ་སྐྱོན་དུ་མི་བལྟ་བར་ཉམས་སུ་ལེན་པར་གདམས་པ་སོགས་བླ་མའི་མྱོང་བས་མཁས་པར་ཁྲིད་ཤེས་པར་བྱའོ། །དེ་ནས་སྤྲོས་བྲལ་ལྷག་མཐོང་གི་ངོ་སྤྲོད་ལེགས་པར་ཁྲིད་པར་བྱ་སྟེ། དེ་ལ་གང་ཤར་གྱི་ངོ་བོ། ཤར་གྲོལ། མཉམ་གྲོལ། ཅི་ལྟར་འགྱུ་ཞིང་འཕྲོ་ཡང་དོན་རང་བཞིན་དུ་མ་གྲུབ་སྟེ། འགྱུ་རྟོག་གསལ་ལ་སྟོང་སྟེ། ཡུལ་མེད་རྗེན་པ་སྟོང་པའི་རང་རྩལ་ལས་གྲུབ་སྟེ། བརྗོད་མེད་སྤྲོས་བྲལ། དོན་ལ་མདངས་མ་འགགས་ཙམ་དུ་ཅིར་ཡང་སྣང་བས། སྣང་བའི་ངོ་བོ་སྟོང་པ་ཡུལ་མེད་བློ་བྲལ་དུ་ཤེས་ཤིང་། དེའི་དོན་དང་མི་འབྲལ་བ་ནི་ལྷག་མཐོང་ཞེས་བྱའོ། །དེ་ལྟ་བུ་ལ་ཡུན་གང་ཡང་རུང་བར་བླ་མས་དྲི་བ་རེ་བྱས་ཤིང་སྒོམ་དུ་གཞུག་གོ །དེ་ལྟར་སྒོམ་ཚེ་དང་པོ་གནས་པ་བདེ་ཤས་དང་བཅས་པ་ལ། འགའ་ཞིག་ཅུང་ཟད་ཆགས་པ་བྱུང་སྟེ། ཅི་ལྟར་ཞིག་ནས། འགྱུ་རྟོག་འཆར་སྒོ་ཐམས་ཅད་སྟོང་གསལ་སྐྱེས་གྲོལ་ཤར་གྲོལ། རང་ལ་རང་ཡིད་ཆེས། དགོད་བྲོ་བ། འགག་མེད་ཀྱི་སྣང་བ་ཅི་ལྟར་སྣང་ཡང་། དེར་འཛིན་མེད་པ་ཁྲེས་སེ་ཐལ་ལེ། ཕུགས་སུ་བློ་བདེ་ཐག་ཆོད་ཏིང་ངེ་བ་ཞིག་འབྱུང་ངོ་། །ད་རུང་བླ་མས་མྱོང་བས་དྲི་བ་མཐའ་གཅད། གནས་སྐབས་སྐྱོན་རྣམས་བཅོས་ཤིང་བསྒོམས་པས། རང་ངོ་ལ་གསལ་འགྲིབ་མེད་པའི་སྤྲོས་བྲལ་ཉི་མ་ཤར་བ་བཞིན་ནང་ནས་ལྷག་གིས་འཆར་ཏེ། ཚིག་ཐ་སྙད་དང་བྲལ་བ། གདིང་གོ་ཡུལ་དུ་མ་ལུས་པའི་ཉམས་རྟོགས་གསལ་པོ་ཞིག་ངེས་ཤེས་དང་བཅས་པ་འབྱུང་ངོ་། །ཡང་འདིའི་དུས་སུ་འགའ་ཞིག་ལ་ཐམས་ཅད་སྟོང་པར་འདུག་སྙམས་པས་རྒྱ་འབྱམས་དང་ཁ་ལྟ་སྟོང་སྐད་དང་། ཡང་སྣང་སྟོང་གི་ཕུ་འཁྲོལ། ཐམས་ཅད་རང་རིག་ཏུ་ཐག་ཆོད་དུ་འབྱོར་ཀྱང་། ཉམས་ཀྱི་ཞེན་པ་ཅུང་ཟད་ཀྱིས་སངས་རྒྱས་ཟེར་བ་དེ་འདིར་འདུག་ཐག་ཆོད། འདི་ལས་ཕར་མེད་བསམ་པའི་སྒོམ་ཐོག་ནས་ཕྲ་འཛིན་བག་ཙམ་འབྱུང་བས། ད་རུང་ནན་གྱིས་བསྒོམས་པས། ཅི་ལྟར་ཞིག་ནས་ཐམས་ཅད་རང་གྲོལ་དཔེར་ན་ནམ་ཟླ་དྲོས་ཚེ་འཁྱག་རོམ་ཆུ་རུ་ཞུ་བ་དང་འདྲ་སྟེ། གཅིག་གྲོལ་ཀུན་གྲོལ་མཚན་མ་རང་གྲོལ་དུ་སོང་ནས་ཐམས་ཅད་མཉམ་ཉིད་ཆོས་སྐུར་རྟོགས་པས། རོལ་པ་གཅིག་ཏུ་སོང་བ་དེའི་རྗེས་བསྐྱང་ངོ་། །དེ་ལ་མཐར་འདོན་གེགས་སེལ་བོགས་འདོན་རྣམས་རྒྱས་པར་གཞུང་ལས་ཤེས་པར་བྱའོ། །སྤྱི་དོན་དགུ་པ་ལམ་ཟབ་མོ་ཐོད་རྒལ་ལ་གཉིས་ཏེ། དངོས་གཞི་སྣང་བ་ལ་ཅི་ལྟར་འཁྲིད་པ་དང་། མཐའ་རྟེན་གྱི་རྗེས་སོ། །དང་པོ་རྟེན་གྱི་གང་ཟག་ཆས་སུ་ཞུགས་པ། བྱ་བ་དགུ་ཕྲུགས་སུ་གཏང་བ། ལུས་ངག་ཡིད་གསུམ་ལ་སོགས་རྒྱས་བཤད་སྒྲོམ་དུ་གཞུག་པ་རྣམས་འདིར་ཡི་གེས་འཇིགས་པས་ཐོད་རྒལ་གྱི་ཁྲིད་གཞུང་ལས་འདི་སྐབས་སུ་བླང་བ་ཤེས་པར་བྱའོ། །དངོས་གཞི་ལ་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ། ལུས་ངག་ཡིད་གསུམ་གྱི་གནད་གཟིར་བའོ། །དང་པོ་ལུས་ཀྱི་གནད་ལ་གཉིས་ཏེ། རྩ་བའི་འདུག་སྟངས་དང་། ཡན་ལག་གི་འདུག་སྟངས་སོ། །དང་པོ་རྩ་བའི་འདུག་སྟངས་ལ་གསུམ་སྟེ། སེང་གེ །གླང་ཆེན། དྲང་སྲོང་ངོ་། །དང་པོ་ནི་གཞུང་ལས་འབྱུང་བ་བཞིན། བྱ་བ་དགུ་ཕྲུགས་སུ་བཏང་ལ། དབེན་པའི་གནས་སུ་བདེ་བའི་གདན་ལ། སེང་གེའི་འདུག་སྟངས་བྱ་སྟེ། ལུས་ཁྱི་ཚུགས་རྐང་མཐིལ་གཉིས་སར་ཕབ་སྟེ། ལག་པ་རྡོ་རྗེ་ཁུ་ཚུར་རྐང་པའི་མཐེ་བོང་རྩར་དབབ། རོ་སྟོད་སེང་གེ་ལྟར་བརྒྱང་། རྩལ་མཇིང་པ་ལ་བོར་ཏེ་ཡིད་ཙམ་དགྱེ་བར་བྱ་སྟེ། མིག་སྨིན་ཕྲག་གི་མཁའ་ལ་གཏད་དོ། །ལུས་མི་འགུལ། མིག་མི་འགུལ། རླུང་ཤིན་ཏུ་དལ་བ་ལ་ཡིད་ཙམ་ཕྱིར་འཛིན་པ་ལ་བསླབས་ནས་དབང་པོ་ཡུལ་ལ་གཏད་དོ། །དེ་ལྟར་བསྒོམས་པས་ཐོག་མར་རང་གི་སྨིན་ཕྲག་ཏུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ་འཇའ་ཚོན་ལྟ་བུའམ། རྨ་བྱའི་མདོངས་ལྟ་བུ་ཞིག་འཆར་རོ། །དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ། ཀོ་མོག་ཏུ་རྡོ་བསྐྱུར་བ་ལྟ་བུའམ་ཕུབ་ཀྱི་སྦ་སྐོར་ལྟ་བུའི་ནང་དུ་ཐིག་ལེ་ཡུངས་འབྲུའམ་སྲན་འབྲུ་ཙམ་དུ་འཆར་རོ། །དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ། ཕྲ་བ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུ་དང་། མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུ་དང་། ལྕགས་ཚགས་ལྟ་བུ་དང་། མེ་ཏོག་དྲྭ་བ་རླུང་གིས་བསྐྱོད་པ་ལྟ་བུ་ལ་སོགས་དེ་དག་ཐམས་ཅད་ཀྱང་ཉིས་འབྲེལ་དང་སུམ་འབྲེལ་ལ་སོགས་སུ་འཆར་རོ། །དེ་ནི་རང་གི་རིག་པ་ལུ་གུ་རྒྱུད་ཐིག་ལེ་ཉག་གཅིག་བྱ་བ་དེ་ཡིན་ནོ། །དེ་ཡང་དབྱིངས་རིག་འདུ་འབྲལ་མེད་པར་ཉི་མ་དང་ཟེར་གྱི་ཚུལ་དུ་གནས་སོ། །དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། དེ་རྣམས་ཀྱང་གནས་ལུགས་ཙིཏྟའི་ནང་ན་གནས་ནས་ལམ་དབང་པོའི་མངོན་སུམ་དུ་འཆར་ཏེ། དེས་ན་ཡིད་དཔྱོད་འཛིན་པའི་ལྟ་བ་ཚིག་དང་བློས་བྱས་ཤེས་རབ་ལ་སོགས་རྟོག་དཔྱོད་ཀྱི་ལྟ་བ་ནུབ་པའོ། །དེ་ནས་ལོངས་སྐུ་ནི། གླང་ཆེན་ཉལ་བ་ལྟ་བུར་ཁ་སྦུབ་ཏུ་ཉལ། པུས་མོ་དང་བྲང་སྤྲད། རྐང་སོར་ཕྱིར་ཕུལ། གྲུ་མོ་ས་ལ་བཅར། ལག་གཉིས་ཨོག་ཀོ་བརྟེན། མཇིང་པ་གྱེན་ལ་བཏེགས་ཏེ། མིག་གཉིས་སྨིན་ཕྲག་གི་ཟུར་ལ་ཧྲིག་པོར་བལྟའོ། །དབྱིངས་རིག་གི་འཆར་ཚུལ་རྣམས་གོང་དང་མཚུངས་སོ། །དེ་ནས་དྲང་སྲོང་སྤྲུལ་སྐུའི་བཞུགས་སྟངས་བྱ་སྟེ། ལུས་ཙོག་པུར་བྱས་ལ། ལོང་བུ་གཉིས་གཤིབ། རྐང་མཐིལ་སར་ཕབ། པུས་མོ་བྲང་ལ་བཅར། ལག་གཉིས་པུས་མོ་ལ་འཁྱུད། རྒལ་རུས་དྲང་པོར་བསྲང་། མཇིང་པ་བག་ཙམ་བསྟོད། མིག་ཕབ་ཟློག་ཏུ་ཟིམ་བུར་ཉམས་སུ་བླང་ངོ་། །དབྱིངས་རིག་འཆར་ཚུལ་རླུང་གནད་ལ་སོགས་པ་རྣམས་གོང་དང་མཚུངས་སོ།། །།དེ་ནས་ཡན་ལག་གི་འདུག་སྟངས་བདུན་གྱིས་ཉམས་སུ་བླང་སྟེ། དང་པོ་ཁྱུང་གི་འདུག་སྟངས་ནི། རྐང་མཐིལ་གཉིས་སྤྲད། ལུས་དྲང་པོར་བསྲང་། ལག་གཉིས་རྡོ་རྗེའི་ཁུ་ཚུར་བརླ་སྟེང་དུ་སྦུབ། མཇིང་པ་ཅུང་ཟད་གུག་སྟེ། མིག་གཉིས་སྨིན་ཕྲག་གི་མཁའ་ལ་ཟིམ་བུར་གཏད་དེ་ཉམས་སུ་བླང་ངོ་། །གཉིས་པ་གཅན་གཟན་སྟག་གི་འདུག་སྟངས་ནི། ཡང་རྐང་མཐིལ་གཉིས་སྤྲད། རྡོ་རྗེའི་ཁུ་ཚུར་སྒྲོ་བའི་རྩར་ཕབ། ལྟག་རྩ་འཐེན། མགྲིན་པ་དགུག །མིག་གཡས་གཡོན་གཉིས་སྨིན་ཕྲག་ལ་དྲིལ་ཏེ་ཐད་སོར་བལྟའོ། །གསུམ་པ་སྐྱེས་བུ་ནི། ལུས་གནད་འདུག་ཚུལ་དྲང་སྲོང་ལྟ་བུ་ལ། ལག་གཉིས་བསྣོལ་ཏེ་བར་ལྷུ་གཉིས་ལ་འཁྱུད་དེ། མཇིང་པ་བག་ཙམ་གྱེན་དུ་བཏེག་ལ་ཧྲིག་པོར་བལྟས་ཏེ་བསྒོམ་མོ། །བཞི་པ་ཝ་ཡི་འདུག་སྟངས་ནི། རྐང་པ་གཉིས་ལོང་བུ་གཤིབ་སྟེ་མཐིལ་ས་ལ་ཕབ། ལག་གཉིས་མཐེ་བོང་བཅངས་པའི་ཁུ་ཚུར་རྐང་མགོའི་གཞོག་གཉིས་སུ་དབབ། དཔུང་མགོ་འཐེན་ཅིང་བརྒྱང་། སྒལ་ཚིགས་དྲང་པོར་བསྲང་། མིག་གཉིས་ཅུང་ཟད་ཟིམ་བུས་གཡས་གཡོན་གྱི་ཟུར་ལ་ཁྲིད་དེ་ཉམས་སུ་བླང་ངོ་། །ལྔ་པ་བྱ་རྒོད་ནི། རྐང་པ་རྡོ་རྗེའི་འདུག་སྟངས་ཅུང་ཟད་མདུན་དུ་བརྐྱང་བར་བྱ། ལག་གཉིས་ཁུ་ཚུར་རྒྱབ་ཏུ་དཔྱི་མགོའི་རྩར་བཙུག་སྟེ། སྒལ་ཚིགས་དྲང་པོར་བསྲང་། ལྟག་རྩ་འཐེན་ལ་མིག་གཉིས་ཤིན་ཏུ་ཟིམ་བུས་ཟུར་གཉིས་ལ་ལུ་གུ་རྒྱུད་ལྡིང་ཐབས་ཀྱིས་ཁྲིད་དེ་བལྟའོ། །དྲུག་པ་གྱད་ཀྱི་འདུག་སྟངས་ནི། ལུས་དྲང་པོ། རྐང་པ་གཉིས་སྐྱིལ་ཀྲུང་། ལག་གཉིས་གྲུ་མོ་བརླ་སྟེང་དུ་གཟུག་ལག་མཐིལ་གཉིས་ཀྱིས་འགྲམ་པ་སྐྱོར་ཏེ། མིག་གཉིས་ཟིམ་བུར་བྱ་སྟེ། ཕབ་ཟློག་གིས་གཡོན་གྱི་ནམ་མཁར་གཏད་དེ་བསྒོམ་མོ། །བདུན་པ་ཆུ་སྲིན་ནི། རྐང་པ་སྐྱིལ་ཀྲུང་། ལག་གཉིས་པུས་མོ་ལ་བཀབ་སྟེ། ལུས་དྲང་པོར་བསྲང་། མཇིང་པ་ཅུང་ཟད་དགྱེས་པའི་མིག་ཟུར་ཟིམ་གྱིས་གཡས་ལ་ཁྲིད་དེ་བསྒོམ་མོ། །དེས་ནི་ཟབ་ལམ་ཐོད་རྒལ་གྱི་ཁྲིད་རྐྱང་ཡན་ལག་གི་འདུག་སྟངས་དང་བཅས་ཚར་རོ། །དེ་ནས་མཐའ་རྟེན་རྗེས་ཀྱི་མན་ངག་ལ་གསུམ་སྟེ། མི་འགུལ་བ་གསུམ་གྱིས་གཞི་བཅའ། སྡོད་པ་གསུམ་གྱིས་ཚད་གཟུང་། ཐོབ་པ་གསུམ་གྱིས་གཟེར་གདབ་བོ། །དེ་ལ་ཉམས་ལེན་གྱི་དུས་སུ་མི་འགུལ་བ་ཁག་ཆེ་སྟེ། ལུས་མི་འགུལ་བས་མིག་མི་འགུལ། མིག་མི་འགུལ་བས་རྩ་མི་འགུལ། རྩ་མི་འགུལ་བས་རིག་པ་མི་འགུལ་ཏེ། རླུང་དལ་བའི་དགོས་པ་ཡོད་དོ། །དེ་ལྟར་ཉམས་སུ་བླངས་པས་སྡོད་པ་གསུམ་འབྱུང་སྟེ། ཕྱི་ཚོགས་དྲུག་ཡུལ་གྱི་སྣང་བ་སྡོད་དེ་སྣང་རྐྱེན་གྲོགས་སུ་འཆར། ནང་ལུས་སྒུལ་བསྐྱོད་བྱ་བ་དང་བྲལ་བར་སྡོད་དེ་འཁྲུལ་པའི་བྱ་བ་བྲལ། གསང་བ་རིག་པ་སྡོད་དེ་རྣམ་རྟོག་སྐྱེ་མི་སྲིད་པའོ། །དེ་ནས་གོམས་པ་མཐུ་བརྟས་པས་འཁྲུལ་པའི་བག་ཆགས་ལས་རིང་དུ་སོང་བ་དང་ཟད་པའི་ཚད་ནི། བརྩོན་འགྲུས་རབ་ལ་རྨི་ལམ་གྱི་འཁྲུལ་པ་འགགས། འབྲིང་རྨི་ལམ་དུ་འཁྲུལ་པར་ཤེས། ཐ་མ་ཡང་རྨི་ལམ་བཟང་པོར་འགྱུར་རོ། །དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་ནི། རབ་ཟག་བཅས་ཀྱི་ཕུང་པོ་འོད་གསལ་དུ་གྲོལ། འབྲིང་ལུས་བོར་ནས་ཆོས་ཉིད་བར་དོར་སངས་རྒྱས། ཐ་མའང་མངལ་དུ་མི་འཇུག་སྟེ་སྤྲུལ་སྐུའི་ཞིང་ཁམས་ལྔར་སྐྱེས་ནས་བར་དོ་མེད་པར་སངས་རྒྱ་འོ། །ད་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ་བ་དང་། ནང་ལུས་ལ་དབང་ཐོབ་པས་འཕོ་བ་ཆེན་པོའི་སྐུ་ཐོབ་པས་སྐྱེ་ཤི་འདས་གྲོངས་མེད་ཅིང་འབྱུང་ལུས་འོད་གསལ་དུ་གྲོལ་བ་དང་། གསང་བ་སེམས་ལ་དབང་ཐོབ་པས་བག་ཆགས་འཁྲུལ་པའི་རྒྱུན་ཆད་པའོ། །དེ་ལྟར་སྣང་བ་བཞི་ཐོབ་པའི་གང་ཟག་དེ་ལ་ཉམས་ལེན་རྟགས་ཀྱི་རིམ་པ་ཅི་ལྟར་འཆར་ཚུལ་ནི་གཞུང་ལས་རྒྱས་པར་ཤེས་པར་བྱའོ། །དེས་ཀློང་གསལ་སྙིང་ཐིག་གི་ཁྲིད་རྣམས་མ་ལུས་པར་རྫོགས་ཤིང་། དེ་ཡང་རྒྱུད་ཀྱི་ལུང་། བཤད་པའི་སྒྲོམ། སྣང་བ་བཞིའི་འཕེལ་ཚད་རྟགས་དང་ཐོབ་ཚད་རྣམས་ནི་གཞུང་ལས་རྒྱས་པར་ཤེས་ཤིང་། འདིར་ནི་དམིགས་པ་ཁྲིད་ཀྱི་པྲ་ཁྲིད་ཁོ་ན་གཙོར་སྟོན་པས་དོན་དུ་དྲིལ་བ་ཡིན་ནོ། །རྫོགས་པ་ཆེན་པོ་ཀློང་གསལ་སྙིང་ཐིག་གི་ཁྲིད་ཡིག་ཡིད་བཞིན་ནོར་བུ་ཞེས་བྱ་བ་འདི་ནི། འཕན་ཡུལ་སྨན་རྩེའི་ཆོས་རྗེ་བསམ་འགྲུབ་རྒྱལ་པོས་གཏེར་གྱི་ཁྲིད་ཡིག་ལ་གབ་འཁྲུགས་འགའ་རེ་ཡོད་པ་རྣམས་ཕྱོགས་གཅིག་ཏུ་དྲིལ་བའི་དམར་ཁྲིད་རྒྱས་པ་ཞིག་ཅི་ནས་ཀྱང་བྲི་དགོས་ཞེས་བསྐུལ་པའི་ངོར། ཨོ་རྒྱན་པདྨའི་གསུང་འཛིན་གནས་ལུགས་རྫོགས་པ་ཆེན་པོ་ཀློང་གསལ་སྙིང་ཐིག་གི་རྣལ་འབྱོར་པ། གཏེར་སྟོན་རིན་ཆེན་དཔལ་བཟང་པོས་བྱ་ལོ་འབྲུག་ཟླའི་གནམ་གང་ལ་དཔལ་ལྡན་སྨན་རྩེའི་རི་ཁྲོད་དུ་སྦྱར་པའོ། །དགེ་འདིས་འགྲོ་ཀུན་ཚེ་གཅིག་གདོད་མའི་ས་ལ་ཕྱིན་པར་གྱུར་ཅིག། །། | ||
</div></onlyinclude> | </div></onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> |
Latest revision as of 23:35, 29 December 2017
ཀློང་གསལ་སྙིང་ཐིག་གི་ཁྲིད་ཡིག་ཡིད་བཞིན་ནོར་བུ་ལྟ་བུ་
klong gsal snying thig gi khrid yig yid bzhin nor bu lta bu
by རཏྣ་གླིང་པ་ (Ratna Lingpa)
revealed by རཏྣ་གླིང་པ་ (Ratna Lingpa)
in cycle རྫོགས་ཆེན་ཀློང་གསལ་སྙིང་ཐིག་གི་ཆོས་སྐོར་ (Rdzogs chen klong gsal snying thig gi chos skor)
Volume 57 (ཤི) / Pages 361-391 / Folios 1a1 to 16a4
Footnotes
Other Information
Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).