Rat+na gling pa


རཏྣ་གླིང་པ་
rat+na gling pa

Ratna Lingpa

Ratna Lingpa.jpg
 
Gnam chos rat gling.jpg
Tertön name
'gro 'dul gling pa; zhig po gling pa  འགྲོ་འདུལ་གླིང་པ་; ཞིག་པོ་གླིང་པ་
Other names
 • རིན་ཆེན་དཔལ་བཟང་པོ་
 • rin chen dpal bzang po
Dates
Birth:   1403
Death:   1479
Place of birth:   lho brag gru shul
Tibetan date of birth
Gender:   Female
Element:   Water
Animal:   Sheep
Rab Jyung:   7
About
Religious Affiliations
Nyingma
Is emanation of
Langdro Könchok Jungne
Students
karma pa drug pa mthong ba don ldan · Dbang chen bzang po
Links
BDRC Link
https://www.tbrc.org/#!rid=P470
Treasury of Lives Link
http://treasuryoflives.org/biographies/view/Ratna-Lingpa/7164
Catalog Pages
Tertön Gyatsa Information from the Rinchen Terdzö
[edit]

The full Tertön Gyatsa text can be found at the following page: Volume 1 (ཀ), 341-765, 1a1-213a4.

Name in Gyatsa: རཏྣ་གླིང་པ་ (rat+na gling pa)

Page #s for bio of this person: 571 to 574

Folio #s for bio of this person: 116a5 to 117b1

།ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་ཡང་སྲིད་སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པ་ནི། ལྷོ་བྲག་གྲུ་ཤུལ་དུ་ཡབ་ཕྱུག་པོ་མདོ་སྡེ་དར་ཞེས་པ་དང་། ཡུམ་སྲི་ཐར་སྨན་གཉིས་ཀྱི་སྲས་སུ་ཆུ་ལུག་སྟོན་ཟླ་ར་བའི་ཚེས་བཅོ་ལྔར་སྐུ་འཁྲུངས། འབྲི་ཀློག་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་ཙམ་ནས་དག་པའི་སྣང་བ་འགའ་ཞིག་ཤར། སྔོན་སྦྱང་སྟོབས་ཀྱིས་རིག་པའི་གནས་རྣམས་ཚེགས་མེད་པར་མཁྱེན། ཆོས་ཀྱི་གསན་པའང་རྒྱ་ཆེར་མཛད། དགུང་ལོ་ཉེར་བདུན་པར་གུ་རུ་རིན་པོ་ཆེ་ཁམས་པའི་བྱ་བྲལ་བ་དབུ་ཞྭ་ན་བཟའ་སེར་པོ་བྱས་པ་ཞིག་ཏུ་སྤྲུལ་ནས་གཏེར་གྱི་ཁ་བྱང་དངོས་སུ་གནང་ཞིང་བསླབ་བྱ་མཛད་པ་ལྟར། དགུང་ལོ་སུམ་ཅུ་པར་ཁྱུང་ཆེན་བྲག་ནས་གཏེར་ཁ་དང་པོ་རྩ་གསུམ་སྒྲུབ་སྐོར་སོགས་ཀྱིས་ཐོག་དྲངས། རིམ་པར་འབྲི་ཐང་ཀོ་རོ་བྲག་ནས་རྟ་ཕག་ཡབ་ཡུམ་ཟུང་འཇུག་ཏུ་སྒྲུབ་པ། ལྷོ་བྲག་གནམ་སྐས་ཅན་ནས་འདུས་པ་སྐོར་བཞི་སོགས། བླ་མ་ཞི་དྲག །ཐུགས་རྗེ་གསང་འདུས། རྫོགས་ཆེན་ཀློང་གསལ་ཉི་མ་གཙོ་བོར་གྱུར་པའི་གཏེར་ཁ་ཉི་ཤུ་རྩ་ལྔ་བཏོན། མཁར་ཆུ་དཔལ་གྱི་ཕུག་རིང་ནས་གཏེར་བཞེས་པའི་ཚེ་རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་ཅན་བསྟན་པ་སོགས་མངོན་ཤེས་དང་རྫུ་འཕྲུལ་བསམ་ལས་འདས་པ་བསྟན། ཨོ་རྒྱན་རིན་པོ་ཆེ་དང་ལན་གྲངས་ཉེར་ལྔ་མཇལ། ཟངས་མདོག་དཔལ་རིར་ཕེབས་པའི་དག་སྣང་སོགས་མཛོད་ཁང་བཅུ་གསུམ་གྱི་ཡི་གེར་འཁོད་པ་ལྟར་དང་། ཐུགས་སྒྲུབ་སྨན་སྒྲུབ་སྐྱེ་བདུན་རིལ་སྒྲུབ་ཤིན་ཏུ་མང་པོ་མཛད་ཅིང་དེ་དག་དང་དབང་ཁྲིད་གདམས་ངག་བསྩལ་བ་སོགས་ཀྱི་སྐབས་སུ་འཇའ་འོད་མེ་ཏོག་གི་ཆར་སྨན་སྤོས་ཀྱི་དྲིས་ཁྱབ་པ་སོགས་ངོ་མཚར་བརྗོད་ཀྱིས་མི་ལང་ཞིང་་་་་གང་ལའང་བར་ཆད་ཀྱི་རྣམ་པ་ཅུང་ཟད་ཀྱང་མ་བྱུང་། རྟེན་འབྲེལ་རབ་དང་ཕུལ་དུ་གྱུར་པས་སྐུ་ཐོག་གསུམ་གྱི་གཏེར་སྐལ་སྐུ་ཐོག་གཅིག་ལ་བཏོན་པས། ཞིག་པོ་གླིང་པ། འགྲོ་འདུལ་གླིང་པ། རཏྣ་གླིང་པ་ཞེས་མཚན་གསུམ་དུ་གྲགས། གངས་ཏི་སེ་ནས། ཁམས་རྒྱལ་མོ་རོང་གི་བར་གྱི་འགྲོ་བ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད། ཐུགས་སྲས་སྙིང་གི་བུ་བཞི་སོགས་སྲས་བརྒྱུད་དང་སློབ་བརྒྱུད་བཟང་ལ་གྲངས་མང་བ་ད་ལྟའི་བར་དུ་བྱོན། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་ལོ་བདུན་ཅུ་རྩ་དྲུག་པ་ལ་ངོ་མཚར་བའི་ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་པདྨ་འོད་ཀྱི་ཕོ་བྲང་དུ་གཤེགས་སོ། །འདིའི་རྣམ་ཐར་ཅུང་ཟད་རྒྱས་པར་བཀོད་འོས་ཀྱང་རྗེ་ཉིད་ཀྱི་གསུང་གཏེར་འབྱུང་ཆེན་མོ་དང་དག་སྣང་མཛོད་ཁང་མའི་ལུང་རྒྱུན་བཅས་ད་ལྟའི་བར་བཞུགས་ཤིང་། རྣམ་ཐར་རྒྱས་པ་ཡར་འབྲོག་པ་ཤེས་རབ་བཟང་པོ་དང་། ཉང་པོ་དོན་གྲུབ་རྒྱལ་པོ་རྣམས་ཀྱིས་བཀོད་པ་ལས་ཤེས་པར་བྱ། མཆོག་གཏེར་ཆེན་པོ་འདིའི་རྩ་གསུམ། ཕྱག་ཆེན། བླ་མ་ཞི་དྲག །ཟབ་ལམ་མ་གཏོགས་པའི་འདུས་པ་སྐོར་བཞི། རྫོགས་པ་ཆེན་པོ་ཀློང་གསལ། ཚེ་སྒྲུབ་རྡོར་ཕྲེང་། ཕུར་པ་ཡང་གསང་བླ་མེད། མ་ནིང་སོགས་ཆོས་སྐྱོང་གི་སྐོར། གཏེར་ཕྲན་སྐོར་འགའ་ཞིག །བཀའ་འབུམ་པོད་བཅས་མདོར་ན་ཁམས་ཕྱོགས་འདིར་རྒྱུན་གང་བཞུགས་རྫོགས་པར་ནོས་ཤིང་ཚེ་ཕུར་སོགས་ལ་བསྙེན་སྒྲུབ་ཀྱང་རྒྱས་པར་བགྱིས་པ་དང་། ལང་གྲོའི་རྣམ་འཕྲུལ་དུ་ལུང་གིས་ཟིན་པ་དབོན་སྤྲུལ་ཐུགས་རྗེའི་གཏེར་ཆེན་དང་བགྲོས་ཏེ་དཔལ་སྤུངས་ཀྱི་གདན་ས་ཆེན་པོའི་གཙུག་ལག་ཁང་དུ་ཐུགས་གསང་གི་བུམ་སྒྲུབ་དང་། ཕུར་ཁང་དུ་སྒྲུབ་ཆེན་རྒྱུན་འཛུག་བཅས་ཕྱག་ལེན་གཙང་དག་དང་། དེ་དག་གི་ལག་ལེན་ཡིག་ཆ་གསར་སྤེལ་སོགས་ཀྱིས་ཕྱོགས་འདིར་གཡར་དམ་དུ་སློབ་པ་ཡིན་ནོ།

lang gro dkon mchog 'byung gnas kyi yang srid sprul pa'i gter chen rat+na gling pa ni/_lho brag gru shul du yab phyug po mdo sde dar zhes pa dang /_yum sri thar sman gnyis kyi sras su chu lug ston zla ra ba'i tshes bco lngar sku 'khrungs/_'bri klog tshegs med du mkhyen/_dgung lo bcu tsam nas dag pa'i snang ba 'ga' zhig shar/_sngon sbyang stobs kyis rig pa'i gnas rnams tshegs med par mkhyen/_chos kyi gsan pa'ang rgya cher mdzad/_dgung lo nyer bdun par gu ru rin po che khams pa'i bya bral ba dbu zhwa na bza' ser po byas pa zhig tu sprul nas gter gyi kha byang dngos su gnang zhing bslab bya mdzad pa ltar/_dgung lo sum cu par khyung chen brag nas gter kha dang po rtsa gsum sgrub skor sogs kyis thog drangs/_rim par 'bri thang ko ro brag nas rta phag yab yum zung 'jug tu sgrub pa/_lho brag gnam skas can nas 'dus pa skor bzhi sogs/_bla ma zhi drag_/thugs rje gsang 'dus/_rdzogs chen klong gsal nyi ma gtso bor gyur pa'i gter kha nyi shu rtsa lnga bton/_mkhar chu dpal gyi phug ring nas gter bzhes pa'i tshe rdzu 'phrul gyi bkod pa ngo mtshar can bstan pa sogs mngon shes dang rdzu 'phrul bsam las 'das pa bstan/_o rgyan rin po che dang lan grangs nyer lnga mjal/_zangs mdog dpal rir phebs pa'i dag snang sogs mdzod khang bcu gsum gyi yi ger 'khod pa ltar dang /_thugs sgrub sman sgrub skye bdun ril sgrub shin tu mang po mdzad cing de dag dang dbang khrid gdams ngag bstsal ba sogs kyi skabs su 'ja' 'od me tog gi char sman spos kyi dris khyab pa sogs ngo mtshar brjod kyis mi lang zhing gang la'ang bar chad kyi rnam pa cung zad kyang ma byung /_rten 'brel rab dang phul du gyur pas sku thog gsum gyi gter skal sku thog gcig la bton pas/_zhig po gling pa/_'gro 'dul gling pa/_rat+na gling pa zhes mtshan gsum du grags/_gangs ti se nas/_khams rgyal mo rong gi bar gyi 'gro ba dpag tu med pa smin grol la bkod/_thugs sras snying gi bu bzhi sogs sras brgyud dang slob brgyud bzang la grangs mang ba da lta'i bar du byon/_de lta bu'i mdzad pa mthar phyin nas dgung lo bdun cu rtsa drug pa la ngo mtshar ba'i cho 'phrul chen po dang bcas te pad+ma 'od kyi pho brang du gshegs so/_/'di'i rnam thar cung zad rgyas par bkod 'os kyang rje nyid kyi gsung gter 'byung chen mo dang dag snang mdzod khang ma'i lung rgyun bcas da lta'i bar bzhugs shing /_rnam thar rgyas pa yar 'brog pa shes rab bzang po dang /_nyang po don grub rgyal po rnams kyis bkod pa las shes par bya/_mchog gter chen po 'di'i rtsa gsum/_phyag chen/_bla ma zhi drag_/zab lam ma gtogs pa'i 'dus pa skor bzhi/_rdzogs pa chen po klong gsal/_tshe sgrub rdor phreng /_phur pa yang gsang bla med/_ma ning sogs chos skyong gi skor/_gter phran skor 'ga' zhig_/bka' 'bum pod bcas mdor na khams phyogs 'dir rgyun gang bzhugs rdzogs par nos shing tshe phur sogs la bsnyen sgrub kyang rgyas par bgyis pa dang /_lang gro'i rnam 'phrul du lung gis zin pa dbon sprul thugs rje'i gter chen dang bgros te dpal spungs kyi gdan sa chen po'i gtsug lag khang du thugs gsang gi bum sgrub dang /_phur khang du sgrub chen rgyun 'dzug bcas phyag len gtsang dag dang /_de dag gi lag len yig cha gsar spel sogs kyis phyogs 'dir g.yar dam du slob pa yin no


List of Cycles Associated with this Person

 1. Bka' gter zung 'jug mkha' 'gro seng gdong ma (2 of 2 Texts)
 2. Bla ma'i thugs sgrub yang snying 'dus pa (29 of 29 Texts)
 3. Byang gter (1 of 93 Texts)
 4. Dam can rdo rje legs pa mgar dmar (2 of 2 Texts)
 5. Dgongs gter thugs kyi klong gsal (1 of 3 Texts)
 6. Dkyil 'khor 'grel chung gser gyi yang zhun (1 of 1 Texts)
 7. Dug srung rta ri ma (1 of 1 Texts)
 8. Gu ru drag po me rlung 'khyil ba (11 of 11 Texts)
 9. Mtsho rgyal skor gsum (2 of 2 Texts)
 10. Phyag rgya chen po mun sel nyi ma'i snying po'i skor (3 of 3 Texts)
 11. Rdo rje phur pa yang gsang bla med (11 of 11 Texts)
 12. Rdzogs chen klong gsal snying thig gi chos skor (7 of 7 Texts)
 13. Rta mgrin gsang ba 'dus pa (25 of 25 Texts)
 14. Rtsa gsum 'bras bu'i don khrid (5 of 5 Texts)
 15. Thugs rje chen po gsang ba 'dus pa (12 of 12 Texts)
 16. Tshe sgrub gsang ba 'dus pa (7 of 7 Texts)
 17. Tshe sgrub rdo rje phreng ba (3 of 3 Texts)

List of Works in the Rinchen Terdzö

 1. རྩ་གསུམ་འབྲས་བུའི་དོན་ཁྲིད་ཀྱི་ཐེམ་བྱང་ (Vol. 4, Text 27)
 2. རྩ་གསུམ་དོན་ཁྲིད་ཀྱི་གསོལ་འདེབས་ (Vol. 4, Text 28)
 3. རྩ་གསུམ་འབྲས་བུའི་དོན་ཁྲིད་ལས། དོན་བསྡུས་ནོར་བུའི་གསང་ཁྲིད་རཏྣ་གླིང་པས་མཛད་པའི་དབུ་ཕྱོགས་ (Vol. 4, Text 29)
 4. རྩ་གསུམ་འབྲས་བུའི་དོན་ཁྲིད་ཀྱི་དབང་གི་སྒྲུབ་ཕྲིན་སྨིན་བྱེད་དང་བཅས་པ་དོན་གཉིས་ལྷུན་གྲུབ་ (Vol. 4, Text 30)
 5. ཡི་དམ་རྩ་གསུམ་དྲིལ་སྒྲུབ་ (Vol. 4, Text 31)
 6. ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་གསོལ་འདེབས་ (Vol. 6, Text 23)
 7. ཚེ་སྒྲུབ་གསང་བ་འདུས་པའི་ལས་བྱང་པདྨའི་ཕྲེང་བ་ཁ་སྐོང་བཅས་ཕྱི་སྒྲུབ་རང་ལུགས་བཀླག་ཆོག་ཏུ་བཀོད་པ་འཆི་མེད་གོ་ཆ་ (Vol. 6, Text 24)
 8. ཚེ་སྒྲུབ་གསང་བ་འདུས་པའི་སྒྲུབ་མཆོད་ཆེན་མོའི་སྐབས་བྱར་ཉེ་བར་མཁོ་བའི་ཟུར་འདེབས་བདུད་རྩིའི་ལྗོན་ཤིང་ (Vol. 6, Text 25)
 9. ཚེ་སྒྲུབ་གསང་བ་འདུས་པའི་སྐོང་བ་འཆི་བདག་བདུད་འཇོམས་ (Vol. 6, Text 26)
 10. ཚེ་སྒྲུབ་གསང་བ་འདུས་པའི་ནང་སྒྲུབ་འདོན་སྒོམ་ཕྱག་ལེན་བལྟས་ཆོག་ཏུ་བསྡེབས་པ་དངོས་གྲུབ་ལྗོན་ཤིང་ (Vol. 6, Text 27)
 11. ཚེ་སྒྲུབ་གསང་བ་འདུས་པའི་སྨིན་བྱེད་དབང་བཞི་ཡོངས་སུ་རྫོགས་པ་ཁྲིགས་བཀོད་འཆི་མེད་བདུད་རྩིའི་རོལ་མཚོ་ (Vol. 6, Text 28)
 12. ཚེ་སྒྲུབ་གསང་བ་འདུས་པའི་དོན་དབང་ནོར་བུ་ལུགས་བླ་མའི་ཕྱག་བཞེས་འགྲིགས་ཆགས་སུ་བཀོད་པ་འཆི་མེད་བུམ་བཟང་ (Vol. 6, Text 29)
 13. ཐུགས་སྒྲུབ་ཡང་སྙིང་འདུས་པའི་གསོལ་འདེབས་ཡིད་བཞིན་ནོར་བུ་ (Vol. 7, Text 18)
 14. ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ ལས་བྱང་རིན་ཆེན་ཕྲེང་བ་ (Vol. 7, Text 19)
 15. ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། དབང་གི་རྫོང་ཆེན་ཡན་ལག་དང་བཅས་མ་བུ་གུང་བསྡེབས་ཀྱི་ཡི་གེ་རྣམ་གྲོལ་བྱིན་རླབས་རོལ་པ་ (Vol. 7, Text 20)
 16. གུ་རུའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་གསང་ཁྲིད་རིགས་ལྔ་ལས། གཏུམ་མོའི་ཁྲིད་ཀྱི་བསྒོམ་རིམ་གསལ་བྱེད་ཉི་ཟླ་ཁ་སྦྱོར་བདེ་ཆེན་ཆོས་སྐུ་མཛུབ་ཚུགས་ (Vol. 7, Text 21)
 17. བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་དམར་ཁྲིད་རིགས་ལྔའི་རྡོ་རྗེ་ཐོད་ཕྲེང་ཞེ་སྡང་གི་ངོ་བོ་སྦྱོང་བ་སྒྱུ་ལུས་བར་དོའི་ཁྲིད་ཀྱི་ཟུར་རྒྱན་བལྟས་ཆོག་ཏུ་བཀོད་པ་ (Vol. 7, Text 22)
 18. བླ་མའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བུདྡྷ་ཐོད་ཕྲེང་གཏི་མུག་གི་ངོ་བོ་སྦྱོང་བ་རྨི་ལམ་འོད་གསལ་ཁྲིད་ཀྱི་ཟུར་རྒྱན་བལྟས་གསལ་ (Vol. 7, Text 23)
 19. ཐུགས་སྒྲུབ་ཡང་སྙིང་འདུས་པའི་དམར་ཁྲིད་རིགས་ལྔ་ལས་རཏྣ་ཐོད་ཕྲེང་མཉམ་ཉིད་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟུར་རྒྱན་བལྟས་གསལ་ (Vol. 7, Text 24)
 20. ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། གསང་ཁྲིད་རིམ་པ་ལྔའི་ནང་ནས་བོག་འདོན་གཅོད་ཁྲིད་ཀྱི་ཟིན་བྲིས་ (Vol. 7, Text 25)
 21. ཨོ་རྒྱན་ཚེས་བཅུའི་བསྐུལ་ཐབས་ (Vol. 11, Text 10)
 22. གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་གུ་རུ་རཏྣ་གླིང་པའི་སྒྲུབ་པ་ (Vol. 11, Text 44)
 23. གུ་རུ་དྲག་པོའི་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་ནོར་བུ་ (Vol. 12, Text 16)
 24. གུ་རུ་དྲག་པོའི་ལས་བྱང་མེ་རླུང་འཁྱིལ་བ་ (Vol. 12, Text 17)
 25. གུ་རུ་དྲག་པོ་ཡང་གསང་བླ་མེད་མེ་རླུང་འཁྱིལ་བའི་གཏོར་དབང་བྱིན་རླབས་བདུད་རྩིའི་སྙིང་པོ་ (Vol. 12, Text 18)
 26. གུ་རུ་དྲག་པོ་ཡང་གསང་བླ་མེད་མེ་རླུང་འཁྱིལ་བའི་དབང་རྒྱས་པ་རྡོ་རྗེའི་ཕྲེང་བ་བལྟས་ཆོག་ཏུ་བཀོད་པ་ཁྲག་འཐུང་ཐུགས་ཀྱི་སྙིང་པོ་ (Vol. 12, Text 19)
 27. གུ་རུ་དྲག་པོ་ཡང་གསང་བླ་མེད་མེ་རླུང་འཁྱིལ་བའི་དོན་དབང་ནོར་བུ་ལུགས་སུ་བསྐུར་བའི་ཚུལ་ཡེ་ཤེས་བཅུད་ཀྱི་སྙིང་པོ་ (Vol. 12, Text 20)
 28. བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་མེ་ཡི་སྤུ་གྲིའི་བདག་མདུན་སྲུང་ཟློག་གི་འདོན་སྒྲིག་གབ་སྤྲད་ནས་བལྟས་ཆོག་ཏུ་བཀོད་པ་ (Vol. 18, Text 30)
 29. རྟ་མགྲིན་གསང་བ་འདུས་པ་ལས། འཇིགས་བྱེད་མེའི་སྤུ་གྲིའི་དབང་བསྐུར་གྱི་ཆོ་ག་གསལ་བར་བཀོད་པ་འགྱུར་མེད་སྙིང་པོ་ (Vol. 18, Text 31)
 30. ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་ལོ་རྒྱུས་ཉི་མའི་སྙིང་པོ་ (Vol. 19, Text 19)
 31. བརྒྱུད་པའི་གསོལ་འདེབས་ཀྱི་རིམ་པ་ (Vol. 19, Text 20)
 32. ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་ནང་སྒྲུབ་ཀྱི་ཕྲིན་ལས་དབང་ཆོག་དང་བཅས་པ་རྡོ་རྗེ་ཕ་ལམ་གྱི་རྒྱན་ (Vol. 19, Text 21)
 33. ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་ལས་བྱང་པདྨའི་ཕྲེང་བ་ (Vol. 23, Text 7)
 34. ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྒྲུབ་ཆེན་དཀྱུས་མ་དང་བུམ་སྒྲུབ་གཉིས་ཀའི་ཐུན་བཟུང་ཛཔ྄་དགོངས་ཀྱི་རིམ་པ་ (Vol. 23, Text 8)
 35. ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་བཤད་རྒྱས་བསྡུས་འཕྲི་བསྣན་གྱིས་གསལ་བ་ (Vol. 23, Text 9)
 36. ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་སྨིན་བྱེད་ཆེན་མོ་ཡན་ལག་བཅས་དཀྱུས་གཅིག་ཏུ་བཀོད་པ་རིན་ཆེན་གཏེར་གྱི་བུམ་པའི་རྒྱུན་འདྲེན་ (Vol. 23, Text 10)
 37. ཐུགས་རྗེ་ཆེན་པོའི་དབང་ཆེན་གང་ལའང་སྦྱར་ཆོག་པའི་སངས་རྒྱས་སྟོང་དབང་བསྐུར་ཐབས་འབྲེལ་ཚད་དོན་ལྡན་ (Vol. 23, Text 11)
 38. བསྐལ་བཟང་སངས་རྒྱས་སྟོང་དབང་འགྲེས་བྱང་ (Vol. 23, Text 12)
 39. ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་དབང་བཞི་འབྲིང་དུ་བསྐུར་བ་གཏོར་དབང་ཡིད་བཞིན་ནོར་བུ་མཚམས་སྦྱོར་མདོར་བསྡུས་ཀྱིས་བརྒྱན་པ་ (Vol. 23, Text 13)
 40. ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྣལ་འབྱོར་རྒྱུན་གྱི་དབང་ཆོག་འགྲོ་དོན་ཆར་རྒྱུན་ (Vol. 23, Text 14)
 41. རྟ་མགྲིན་གསང་བ་འདུས་པའི་ལས་བྱང་རིན་པོ་ཆེའི་ཕྲེང་བ་ (Vol. 26, Text 6)
 42. རྟ་མགྲིན་གསང་བ་འདུས་པའི་དབང་རྒྱས་པ་མཆོག་དབང་གུད་སྦས་དང་སྦྲེལ་ནས་བསྐུར་བའི་ཆོ་ག་དབང་ཆེན་གསང་བའི་སྲོག་ཏིག་ (Vol. 26, Text 7)
 43. རྟ་མགྲིན་གསང་བ་འདུས་པའི་དབང་བསྐུར་བསྡུས་པ་གཏོར་མ་ལ་བརྟེན་པའི་བྱིན་རླབས་ཀྱི་ཆོ་ག་དབང་ཆེན་ཐུགས་ཀྱི་སྙིང་པོ་ (Vol. 26, Text 8)
 44. རྟ་མགྲིན་གསང་བ་འདུས་པ་ལས་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྒྲུབ་སྐོར་མེ་ཡི་ཕྲེང་བ་ (Vol. 26, Text 46)
 45. དཔལ་ཆེན་རྟ་མགྲིན་ནག་པོའི་སྒྲུབ་ཐབས་རྒྱུན་ཁྱེར་དེ་ཉིད་སྙིང་པོ་ (Vol. 26, Text 47)
 46. རྟ་མགྲིན་གསང་བ་འདུས་པ་ལས། རྟ་མགྲིན་ནག་པོའི་དབང་ཆོག་དྲེགས་པ་སྲོག་གི་རྒྱ་ཅན་སྐུར་བའི་ཆོ་ག་དབང་ཆེན་ཐུགས་ཀྱི་ཚལ་པ་ (Vol. 26, Text 48)
 47. ཡང་དག་ཐུགས་ཀྱི་སྒྲུབ་པ་ (Vol. 27, Text 23)
 48. གསང་བདག་རྡོ་རྗེ་གཏུམ་པོའི་གསང་སྒྲུབ་མེའི་འཁོར་ལོ་ཞེས་བྱ་བ་གནམ་སྐས་ཅན་ནས་བཏོན་པ་ (Vol. 28, Text 26)
 49. གསང་བདག་རྡོ་རྗེ་གཏུམ་པོའི་གསང་སྒྲུབ་མེའི་འཁོར་ལོའི་རྒྱུན་ཁྱེར་གནམ་ལྕགས་ཚྭ་ཚྭ་ (Vol. 28, Text 27)
 50. རྟ་མགྲིན་གསང་བ་འདུས་པ་ལས། གསང་བདག་རྡོ་རྗེ་གཏུམ་པོའི་དབང་བསྐུར་འགྲིགས་ཆགས་སུ་བཀོད་པ་འཁྲུལ་མེད་གསང་ཐིག་ (Vol. 28, Text 28)
 51. ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་བདུད་རྩི་སྨན་དབང་རྒྱས་པ་དངོས་གྲུབ་བདུད་རྩིའི་གཏེར་ཆེན་ལོགས་སུ་བཀོལ་བ་ (Vol. 30, Text 13)
 52. ཕུར་པའི་གསོལ་འདེབས་བྱིན་རླབས་ཆར་རྒྱུན་ (Vol. 31, Text 33)
 53. ཕུར་པ་ཡང་གསང་བླ་མེད་ཀྱི་ལས་བྱང་ཕྲིན་ལས་སྤུ་གྲི་ཁ་འཕངས་རྣམས་དཀྱུས་སུ་བཀོད་པ (Vol. 31, Text 34)
 54. ཕུར་པ་རྫས་ཀྱི་དཀྱིལ་འཁོར་སྲས་མཆོག་བྱིན་གྱིས་བརླབ་ཅིང་བསྐྱེད་པ་ (Vol. 31, Text 35)
 55. རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་ཀྱི་གསང་སྒྲུབ་རྒྱུན་གྱི་ཕྲིན་ལས་རྣམ་རོལ་སྙིང་པོ་ (Vol. 31, Text 36)
 56. རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་དབང་བསྐུར་ཆེན་མོ་ཁྱེར་བདེར་བཀོད་པ་ཕྲིན་ལས་རྣམ་པར་རོལ་པ་ (Vol. 31, Text 37)
 57. ཁྲོ་བཅུ་སྲུང་མ་དང་བཅས་པའི་དབང་ཆོག་མཚོན་ཆའི་འཁོར་ལོ་ (Vol. 31, Text 38)
 58. རྡོ་རྗེ་ཕུར་པ་ཡང་གསང་བླ་མེད་ཀྱི་དོན་དབང་བལྟས་ཆོག་ཏུ་བཀོད་པ་རྡོ་རྗེའི་སྒྲོམ་བུ་ (Vol. 31, Text 39)
 59. སེང་གདོང་མའི་སྒྲུབ་ཐབས་ (Vol. 33, Text 5)
 60. བཀའ་གཏེར་ཟུང་འཇུག་མཁའ་འགྲོ་སེང་གདོང་མའི་གཏོར་དབང་རྨི་ལམ་མ་ (Vol. 33, Text 6)
 61. དྲང་སྲོང་དྲི་མེད་ཀྱི་སྔགས་རྒོད་ལོག་ཏྲི་པཱ་ལའི་ལོ་རྒྱུས་ (Vol. 34, Text 20)
 62. ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ཕྱི་ལྟར་མཁའ་འགྲོ་ཡིད་བཞིན་ནོར་བུའི་སྒྲུབ་པ་ཤིན་ཏུ་བྱིན་རླབས་ཀྱི་རྟགས་མཚན་ཆེ་བ་ (Vol. 35, Text 6)
 63. རྟ་མགྲིན་གསང་བ་འདུས་པའི་ཆ་ལག་ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་མཚོ་རྒྱལ་སྐོར་གསུམ་དུ་གྲགས་པའི་བྱིན་རླབས་དབང་བསྐུར་གྱི་ཡི་གེ་དངོས་གྲུབ་བུམ་བཟང་ (Vol. 35, Text 7)
 64. མཆོག་གླིང་ཐུགས་སྒྲུབ་སྒྲོལ་ཆོག་བཀྲ་ཤིས་ཆར་འབེབ་ཀྱི་ལྷན་ཐབས་རིགས་དཀྱུས་གཅིག་བཀོད་པ་ (Vol. 36, Text 41)
 65. དཔལ་མགོན་མ་ནིང་ནག་པོའི་ལས་བྱང་རཏྣ་གླིང་པའི་བཀའ་སྲུང་ཐུགས་སྒྲུབ་བཀའ་ཡི་སྲུང་མ་ (Vol. 37, Text 25)
 66. སྔགས་བྱང་ (Vol. 37, Text 26)
 67. ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ དཔལ་མགོན་མ་ནིང་ནག་པོའི་སྐོང་གསོ་ཆེན་མོ་ (Vol. 37, Text 27)
 68. དཔལ་མགོན་མ་ནིང་ནག་པོ་ལས༔ གཏོར་མ་ལ་བརྟེན་པའི་དྲེགས་པའི་སྲོག་དབང་བསྡུས་པ་ (Vol. 37, Text 28)
 69. ཐུགས་སྒྲུབ་ཡང་སྙིང་འདུས་པའི་བཀའ་སྲུང་དཔལ་མགོན་མ་ནིང་གི་སྲོག་དབང་དང་གཏོར་མ་ལ་བརྟེན་པའི་སྲོག་དབང་བཅས་ (Vol. 37, Text 29)
 70. རྟ་མགྲིན་གསང་བ་འདུས་པ་ལས། དཔལ་ལྡན་སྔགས་ཀྱི་སྲུང་མའི་ཕྲིན་ལས་དང་རྗེས་གནང་ཟབ་གཉན་བཅུད་ཐིགས་ (Vol. 38, Text 21)
 71. རྟ་མགྲིན་གསང་བ་འདུས་པའི་བཀའ་སྲུང་གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས་རྗེས་གནང་དང་བཅས་པ་གློག་ཞགས་འཁྱིལ་པ་ (Vol. 38, Text 37)
 72. དམ་ཅན་རྡོ་རྗེ་ལེགས་པའི་གསང་སྒྲུབ་དགྲ་བོའི་སྲོག་གི་སྤུ་གྲི་ (Vol. 38, Text 44)
 73. ས་དཔྱད་རྟེན་འབྲེལ་གྱི་ཆེ་བ་མན་ངག་གནད་ཀྱི་ཆིངས་སུ་བསྟན་པ་རཏ་གླིང་ལྡང་ལྷའི་གཏེར་མ་ཕུར་པའི་ཆོས་ཚན་ (Vol. 40, Text 43)
 74. དཀྱིལ་འཁོར་འགྲེལ་ཆུང་གསེར་གྱི་ཡང་ཞུན་ (Vol. 40, Text 47)
 75. མན་ངག་རིན་ཆེན་གཏེར་གྱི་བུམ་པ་ལས༔ ཞྭ་བཟོ་ (Vol. 40, Text 50)
 76. ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ ཕྱི་ནང་གསང་བའི་མཆོད་ཕྲེང་ཞེས་བྱ་བ་རཏྣ་གླིང་པའི་ཁྱད་ཆོས་ (Vol. 40, Text 57)
 77. རཏ་གླིང་ཐུགས་སྒྲུབ་མཆོད་ཕྲེང་ཉེར་བསྡུས་ (Vol. 40, Text 58)
 78. ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ རིག་འཛིན་བྱིན་འབེབ་ (Vol. 41, Text 6)
 79. དམ་ཅན་སྡེ་བདུན་གྱི་སྐོང་གསོལ་རིན་ཆེན་ཕྲེང་བ་ (Vol. 41, Text 22)
 80. རཏ་གླིང་འདུས་པ་སྐོར་བཞིའི་བཀའ་སྲུང་རྣམས་ཀྱི་གསོལ་ཀ་ཉུང་ངུ་ཕྱོགས་གཅིག་ཏུ་བསྡུས་པ་ (Vol. 41, Text 23)
 81. ཡི་དམ་སྤྱི་ཡི་བྱང་ཆོག་ཤི་ཤོག་གསོན་ཤོག་གང་བྱེད་ཀྱང་འབྲེལ་ཚད་དོན་ལྡན་བདེ་ཆེན་ཞིང་གི་ལམ་བཟང་ (Vol. 42, Text 6)
 82. གཤིན་དོན་གྱི་ཆོ་ག་གང་རུང་ལ་སྦྱར་ཆོག་པའི་གྲི་ཁྲོལ་མན་ངག་བྱང་བུ་ (Vol. 42, Text 10)
 83. ཐུགས་སྒྲུབ་ཆ་ལག་མེ་མཆོད་ཟབ་མོ་ (Vol. 42, Text 19)
 84. སྤྱན་རས་གཟིགས་དང་འཇམ་དཔལ་གྱི་སྒོ་ནས་ཚེ་ཚད་དང་། རྨི་ལམ་བརྟག་པ་རཏྣ་གླིང་པའི་གཏེར་མ་ (Vol. 42, Text 63)
 85. རྡོ་རྗེ་ཕུར་པའི་མོ་པྲ་སྒྲུབ་པའི་ཟིན་བྲིས་གསལ་བའི་མེ་ལོང་ (Vol. 42, Text 67)
 86. ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ ཐ་མ་ལས་སྦྱོར་བརྟན་མའི་སུན་ཟློག་ (Vol. 43, Text 46)
 87. ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ མཁའ་འགྲོ་གླིང་བཞི་སྲིད་པའི་སྤྱི་མདོས་ཆེན་མོ་ (Vol. 44, Text 1)
 88. རཏ་གླིང་ཐུགས་སྒྲུབ་ཡང་འདུས་ལས་མཁའ་འགྲོ་གླིང་བཞི་སྲིད་པའི་སྤྱི་མདོས་ཀྱི་ཟིན་བྲིས་རཱ་ག་ཨ་སྱས་མཛད་པ་ (Vol. 44, Text 2)
 89. བླ་མ་དྲག་པོའི་ལས་ཚོགས་ཉེས་པ་ཀུན་སེལ་སྲུང་བ་རྡོ་རྗེའི་གོ་ཆ་ (Vol. 44, Text 55)
 90. ཡིག་སྣ་དང་ཐོད་པ་ངན་སྔགས་འཁོར་ལོ་རྫས་ངན་ལ་སོགས་ཀུན་ཐུབ་རྟ་མགྲིན་ནག་པོའི་ལས་ཚོགས་གནམ་སྐས་མ་ (Vol. 44, Text 56)
 91. གཟའ་ཐོག་རྦབ་གསུམ་སྲུང་བ་ (Vol. 45, Text 4)
 92. ཕྱུགས་ནད་སྲུང་གསོའི་མན་ངག་ཟབ་དགུ་བསྡུས་པ་ (Vol. 45, Text 16)
 93. དུག་སྲུང་ཀུན་གྱི་མཐར་ཐུག་བདུད་རྩི་འཆི་གསོ་རྟ་རི་མའི་སྦྱོར་སྡེ་ (Vol. 45, Text 23)
 94. རྐུན་ཆིངས་དགྲ་ཆིངས་ཟབ་བསྡུས་ (Vol. 45, Text 28)
 95. བླ་མ་དྲག་པོ་ལས༔ མཚོན་སྲུང་རྡོ་རྗེའི་གོ་ཆ་ཞེས་བྱ་བ་ཐེམ་མེད་པ་ (Vol. 45, Text 33)
 96. གུ་རུ་དྲག་པོ་དམར་ནག་མེའི་ཕྲེང་བ་ཅན་གྱི་ལས་ཚོགས་སྡེ་བརྒྱད་དང་རྒྱལ་བསེན་འབྱུང་པོ་རྣམས་ལ་སྤྲིང་ཡིག་ཕྱག་རྟགས་རྡོ་རྗེའི་རྒྱ་ཅན་ (Vol. 45, Text 38)
 97. རྟ་མགྲིན་གསང་བ་འདུས་པའི་གསུང་གི་ལས་ཚོགས་རིན་ཆེན་གཏེར་བུམ་ལས༔ ཀུན་ཐུབ་སྲུང་བའི་རྒྱལ་པོ་རྣམས་ (Vol. 46, Text 11)
 98. ཐུགས་ཆེན་གསང་བ་འདུས་པའི་དབྱུག་བཅོས་ཡིད་བཞིན་ནོར་བུ་ (Vol. 46, Text 12)
 99. ཁྱུང་ནག་ཡོན་ཏན་གྱི་སྒྲུབ་པ་གནམ་ལྕགས་སྤུ་གྲི་ (Vol. 46, Text 29)
 100. བླ་མ་དྲག་པོའི་ལས་ཚོགས་ལས༔ ཉེས་པ་ཀུན་སེལ་སྲུང་བ་རྡོ་རྗེའི་གོ་ཆ་ (Vol. 47, Text 53)
 101. རྡོ་རྗེ་ཕུར་པའི་ལས་ཚོགས་བཀྲ་ཤིས་རྟེན་འབྲེལ་ཆེན་པོའི་བུམ་པ་ལག་ཏུ་བླང་བའི་ཟིན་བྲིས་རཏྣ་བསམ་འཕེལ་ (Vol. 48, Text 8)
 102. གླུད་རབས་སྣང་སྲིད་སྤྱི་བསྐང་ཆེན་མོ་ (Vol. 49, Text 43)
 103. ཕག་དཀར་ཤེས་རབ་བློ་འཕེལ་ (Vol. 49, Text 63)
 104. ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་མུན་སེལ་སྒྲོན་མེ་ (Vol. 49, Text 64)
 105. ཛཾ་ལྷ་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་ཙིཏྟ་རིན་པོ་ཆེའི་སྲོག་གི་སྒྲུབ་པ་ (Vol. 50, Text 52)
 106. རྟ་མགྲིན་གསང་འདུས་བཀའ་སྲུང་རྣམ་སྲས་མདུང་དམར་ཅན་གྱི་ཕྲིན་ལས་དང་སྲོག་དབང་གི་རིམ་པ་ཉི་ཟེར་ཞགས་པ་ (Vol. 50, Text 62)
 107. ཐུགས་སྒྲུབ་ཡང་འདུས་ཐེམ་མེད་གྲས། ཐོད་སྒྲུབ་རིན་ཆེན་འབར་བ་ཡིད་བཞིན་ནོར་བུ་ (Vol. 51, Text 35)
 108. དབང་ཆེན་གསང་བ་འདུས་པ་ལས༔ གཤིན་རྗེ་ཚེ་བདག་ནག་པོའི་ལས་མཐའ་སྲུང་ཟློག་གསད་གསུམ་གྱི་མན་ངག་ཤིན་ཏུ་ཟབ་ (Vol. 53, Text 17)
 109. སྤྲུལ་སྐུ་རཏྣ་གླིང་པའི་གཏེར་བྱོན་མཉམ་གཉིས་རྩལ་འགྲན་འཆིང་གསུམ་གནད་ཀྱི་གདམས་པ་ (Vol. 53, Text 26)
 110. རྡོ་རྗེ་ཕུར་པའི་གསང་སྒྲུབ་དང་སྐོང་ཟློག་རྒྱུན་ཁྱེར་བསྡུས་པ་ (Vol. 53, Text 31)
 111. ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ མཁའ་འགྲོའི་ཡང་ཟློག་གནམ་ལྕགས་སྤུ་གྲི་ (Vol. 53, Text 38)
 112. དབང་ཆེན་རྟ་མགྲིན་གསང་བ་འདུས་པ་ལས༔ ཡང་ཟློག་ནག་པོ་རྡོ་རྗེ་ཕ་ལམ་ (Vol. 53, Text 39)
 113. དབང་ཆེན་གསང་བ་འདུས་པ་ལས༔ ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་ཞལ་ཤེས་སྙན་བརྒྱུད་བཀའ་རྒྱ་མ་ (Vol. 53, Text 40)
 114. ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་རྒྱུན་ཁྱེར་ཕས་རྒོལ་ཕྱིར་ཟློག་ (Vol. 53, Text 41)
 115. གཏད་ཟློག་མན་ངག་རྒྱལ་པོ་བཀའ་རྒྱ་མ་ (Vol. 54, Text 4)
 116. ཞུས་ལན་ལུང་བྱང་མཁར་ཆུ་རྟ་རྒྱུན་མ་ (Vol. 55, Text 29)
 117. ཕྱག་རྒྱ་ཆེན་པོ་མུན་སེལ་ཉི་མའི་སྙིང་པོའི་ཐེམ་བྱང་གསེར་གྱི་ཐུར་མ་ (Vol. 55, Text 30)
 118. དམ་ཆོས་ཕྱག་ཆེན་མུན་སེལ་ཉི་མའི་སྙིང་པོའི་བརྒྱུད་པའི་གསོལ་འདེབས་ (Vol. 55, Text 31)
 119. དམ་ཆོས་ཀློང་གསལ་སྙིང་ཐིག་ལས༔ རྟ་མགྲིན་གསང་བའི་ལས་བྱང་ (Vol. 57, Text 5)
 120. དམ་ཆོས་ཀློང་གསལ་སྙིང་ཐིག་གི་རིམ་གཉིས་ཆོས་སྒོ་འབྱེད་བྱེད་དབང་རྫོགས་བསྡུས་པ་རྩ་གསུམ་གཏོར་དབང་དྲི་མེད་ནོར་བུའི་སྙིང་པོ་ (Vol. 57, Text 6)
 121. དམ་ཆོས་ཀློང་གསལ་སྙིང་ཐིག་ལས་བསྐྱེད་རིམ་དང་འབྲེལ་བའི་དབང་བསྐུར་རྣམ་གསུམ་ཇི་ལྟར་བྱ་བའི་ཡི་གེ་ཐབས་ཤེས་བཅུད་ཀྱི་སྙིང་པོ་ (Vol. 57, Text 7)
 122. དམ་ཆོས་ཀློང་གསལ་སྙིང་ཐིག་ལས། རྫོགས་རིམ་གྱི་དབང་ཆེན་ཇི་ལྟར་བསྐུར་བའི་ཡི་གེ་འོད་གསལ་གྲུབ་པའི་སྙིང་པོ་ (Vol. 57, Text 8)
 123. དམ་ཆོས་ཀློང་གསལ་སྙིང་ཐིག་གི །ཆོས་སྤྱོད་ཡིད་བཞིན་ནོར་བུ་ (Vol. 57, Text 9)
 124. ཀློང་གསལ་སྙིང་ཐིག་གི་ཁྲིད་ཡིག་ཡིད་བཞིན་ནོར་བུ་ལྟ་བུ་ (Vol. 57, Text 10)
 125. ཞལ་གདམས་གསལ་བའི་སྒྲོན་མ་ (Vol. 60, Text 9)
 126. གནོད་སྦྱིན་བཤན་པ་དམར་ནག་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གཏེར་ཁ་གཉིས་ལྡན་གྱི་ལུགས་བཞིན་བཀོད་པ (Vol. 61, Text 53)
 127. སྐྱེས་མཆོག་རྡོ་རྗེ་ལེགས་པའི་སྒྲུབ་ཐབས་དབང་དང་བཅས་པ (Vol. 61, Text 54)