དཔལ་གསང་བའི་བདག་པོ་རྡོ་རྗེ་མེ་འབར་གྱི་རྣལ་འབྱོར་གསུམ་དྲིལ་སྙིང་པོ་
|
| Front left margin
|
gter gzhung
|
| Back left margin
|
gter mdzod dbu ru shAk 'od phyag rdor rdor me
|
| Location
|
Volume 28, Text 12, Pages 135-144
|
| Cycle
|
Dpal gsang ba'i bdag po rdo rje me 'bar
|
| Authored by
|
'jam mgon kong sprul
|
| Revealed by
|
dbu ru ston pa shAkya 'od, 'jam dbyangs mkhyen brtse'i dbang po
|
| Colophon
|
- Treasure colophon page 143: དཔལ་ཆེན་གསང་བདག་གཏུམ་པོ་མེ་འབར་གྱི༔ རྒྱུད་ལུང་མན་ངག་སྙིང་པོའི་ཡང་ཞུན་འདི༔ ད་ལྟ་མངའ་བདག་ཡབ་སྲས་སྲུང་བར་གདམས༔ མ་འོངས་དོན་ཕྱིར་པྲ་དུན་རྩེ་རུ་སྦོས༔ སྔགས་པ་ཤཱཀྱ་འོད་ཀྱི་སྐྱེ་བའི་མཐའ༔ སྔ་མའི་མིང་ཅན་དབུ་རུའི་སྟོན་པ་ཆེ༔ དྲག་སྔགས་མཐུ་ལྡན་དེ་འདྲ་བྱུང་བའི་ཚེ༔ ཨོ་རྒྱན་ང་ཉིད་སྲིན་ཡུལ་གཤེགས་པའི་རྗེས༔ ལོ་ནི་བརྒྱ་དང་བཅུ་རུ་གཉིས་ལྷག་དུས༔ གདམས་པ་འདི་དང་དྲག་པོའི་གཏེར་མང་འདོན༔ དུས་དེར་འགྲོ་ཕན་རྒྱ་ཆེར་མ་བྱུང་ན༔ གསང་བའི་བརྡ་རིས་ཌཱ་ཀིའི་ལག་ཏུ་གཏོད༔ མ་འོངས་རྩུབ་འགྱུར་ཤིན་ཏུ་གདུལ་དཀའི་ཚེ༔ མངའ་བདག་གསུང་སྤྲུལ་པདྨའི་མིང་ལ་སྤྲོད༔ དེས་ཀྱང་གཏན་ལ་ཕབ་ཅིང་གསང་བར་སྤེལ༔ དུས་མཐའི་འགྲོ་བ་འགའ་ཡི་དོན་བྱེད་ཅིང༔ སྙིང་པོའི་དོན་ལ་ཕན་པའི་བཙས་སུ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ མནྟྲ་གུ་ཧྱ་ས་མ་ཡ༔
- Revealer colophon page 144: སྔགས་འཆང་ཆེན་པོ་ཤཱཀྱ་འོད་ཀྱི་སྐྱེ་མཐའ་དབུ་རུ་ལྷ་སའི་སྟོན་པ་ཤཱཀྱ་འོད་ཀྱིས་བྱང་པྲ་དུན་རྩེ་ནས་སྤྱན་དྲངས་པའི་རིན་པོ་ཆེའི་ཤོག་སེར་ཤོག་དྲིལ་ཆུང་ངུ་ཞིག །སླད་ནས་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཡེ་ཤེས་མཁའ་འགྲོས་དངོས་སུ་བསྩལ་པ་གཏན་ལ་ཕབ་པ་ལྟར། ཁོ་བོ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ལ་ཡེ་ཤེས་ཀྱི་གཟིགས་པ་ཆེན་པོས་སྨིན་གྲོལ་ཆིག་རྫོགས་སུ་བསྩལ་པའོ། །དགེ་ལེགས་འཕེལ
|