Terdzo-DI-040: Difference between revisions
From Rinchen Terdzö
m (Text replace - "= Tsagli = TSAGLI image gallery goes here <headertabs/> == Footnotes == <references/> </onlyinclude> " to "</onlyinclude> = Tsagli = TSAGLI image gallery goes here <headertabs/> == Footnotes == <references/> ") |
m (Text replace - "}} = Tibetan Text = " to "}} = Tibetan Text = ") |
||
Line 15: | Line 15: | ||
|textnuminvol= 40 | |textnuminvol= 40 | ||
}}{{Header}} | }}{{Header}} | ||
= Tibetan Text = | |||
<onlyinclude> | <onlyinclude> | ||
<div id='tibetan' class='tib-text'> | <div id='tibetan' class='tib-text'> | ||
རྡོ་རྗེ་གླིང་པའི་གཏེར་བྱོན་རྩ་གསུམ་སྤྱིའི་སྐོང་བསྡུས་བཞུགས་སོ། །ཧཱུྃ༔ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི༔ རྒྱལ་བ་དགོངས་པ་བརྒྱུད་པའི་ཐུགས་དམ་བསྐང༔ ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ༔ རིག་འཛིན་རིག་པ་བརྒྱུད་པའི་ཐུགས་དམ་བསྐང༔ བཀའ་ལུང་ལྷག་ཆད་མེད་པའི་གང་ཟག་མཆོག༔ སྙན་ཁུངས་བརྒྱུད་པའི་བླ་མའི་ཐུགསྎ བཀའ་བརྒྱུད་གཏེར་དུ་སྦེད་པའི་བྱ་ར་མཛད༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་ཐུགསྎ མ་འོངས་ལས་འཕྲོ་ཅན་ལ་ལུང་སྟོན་པའི༔ སྨོན་ལམ་དབང་བསྐུར་བརྒྱུད་པའི་ཐུགསྎ ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི༔ དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགསྎ འགྲོ་ཀུན་ཞི་བདེའི་ངང་ལ་འདྲེན་མཛད་པའི༔ གསུང་མཆོག་དམ་ཆོས་རྣམས་ཀྱི་ཐུགསྎ ས་དང་ལམ་ལ་གནས་ནས་ཞིང་མཆོག་སྐྱོང༔ འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགསྎ ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགསྎ དངོས་གྲུབ་ཐོགས་པ་མེད་པར་སྟེར་མཛད་པའི༔ ཡི་དམ་རྒྱལ་བ་ཞི་ཁྲོའི་ཐུགསྎ ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་བའི༔ མཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགསྎ མ་སྐྱེས་རང་བཞིན་གདོད་ནས་དག་པ་སྟེ༔ རང་བཞིན་སྤྲོས་བྲལ་ཆོས་སྐུའི་ཐུགསྎ དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན༔ ཞི་བ་ལོངས་སྤྱོད་རྫོགས་སྐུའི་ཐུགསྎ རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི༔ སྤྲུལ་སྐུ་འགྲོ་དོན་མཛད་པའི་ཐུགསྎ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགསྎ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཐུགསྎ སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགསྎ གསུང་མཆོག་འགག་པ་མེད་པའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་ཐུགསྎ ཐུགས་མཆོག་གཡོ་བ་མེད་པའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགསྎ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བདུད་རྩི་ཡོན་ཏན་ལྷ་ཚོགས་ཐུགསྎ ཕྲིན་ལས་དྲག་པོ་སྒྲོལ་བྱེད་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་ཐུགསྎ ཤ་ཁྲག་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་ནས༔ རྦོད་གཏོང་མ་མོའི་ལྷ་ཚོགས་ཐུགསྎ ཐུགས་རྗེའི་གདུང་གསོབ་སྐུ་ཡི་དཀྱིལ་འཁོར་ནས༔ རིག་འཛིན་བླ་མའི་ལྷ་ཚོགས་ཐུགསྎ དམ་རྫས་རྫ་ལྟར་ལྷག་པའི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགསྎ དགྲ་བགེགས་གདུག་པ་འདུལ་བའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་ཐུགསྎ དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ༔ དམ་ཅན་རྒྱ་མཚོ་རྣམས་ཀྱི་ཐུགསྎ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི༔ མཐུ་ཆེན་དཔལ་མགོན་ལྕམ་དྲལ་ཐུགསྎ སྔགས་ཀྱི་རྒྱུད་སྡེ་བསྟན་པའི་བྱ་ར་མཛད༔ སྔགས་བདག་སྔགས་སྲུང་རྣམས་ཀྱི་ཐུགསྎ སློབ་དཔོན་ཆེན་པོས་བཀའ་ཡི་གཉེར་དུ་གཏད༔ གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགསྎ ཚུལ་བཞིན་སྒྲུབ་པར་བྱེད་པའི་སྡོངས་གྲོགས་མཛད༔ གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགསྎ འཇིག་རྟེན་ཁམས་འདིར་མཐུ་དང་ལྡན་པའི་བདག༔ དྲེགས་པའི་སྡེ་དཔོན་སུམ་བཅུའི་ཐུགསྎ ཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད༔ དཔལ་མགོན་མ་ནིང་ནག་པོའི་ཐུགསྎ སྟོང་ཁམས་འདི་ན་དྲག་རྩལ་གཟེར་གྱི་བདག༔ གཟའ་བདུད་ཆེན་པོ་དཔལ་འབར་ཐུགསྎ མཐུ་ནུས་ཐོགས་མེད་དགྲ་བགེགས་ཀུན་གྱི་གཤེད༔ སྲུང་མ་ཨེ་ཀ་ཛཱ་ཊིའི་ཐུགསྎ ཨ་ཏི་བླ་མེད་བཀའ་ཡི་བྱ་ར་མཛད༔ བཤན་པ་སྲོག་སྒྲུབ་ནག་མོའི་ཐུགསྎ དམ་ལ་གནས་ཤིང་གནོད་བྱེད་སྒྲོལ་མཛད་པའི༔ གནོད་སྦྱིན་བཤན་པ་དམར་ནག་ཐུགསྎ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི༔ དམ་ཅན་རྡོ་རྗེ་ལེགས་པའི་ཐུགསྎ ལོངས་སྤྱོད་རིན་ཆེན་གཏེར་ལ་མངའ་བརྙེས་པའི༔ ནོར་བདག་གནོད་སྦྱིན་རྣམས་ཀྱི་ཐུགསྎ ལས་ཀྱི་མཐའ་སྡུད་འཇམ་དཔལ་ཐུགས་ཀྱི་སྲས༔ སྲུང་མ་ནཱ་ག་རཀྴའི་ཐུགསྎ ལྷ་ཁང་གཙུག་ལག་སྐྱོང་བར་ཞལ་བཞེས་པའི༔ རྒྱལ་པོ་ལི་བྱིན་ཧཱ་རའི་ཐུགསྎ སྲིད་པ་བོད་ཀྱི་སྲོག་བདག་ཆེན་པོ་ནི༔ བདུད་པོ་ཡབ་རྗེ་ནག་པོའི་ཐུགསྎ གཏོར་ལེན་རྣལ་འབྱོར་སྐྱོང་བར་ཞལ་བཞེས་པའི༔ བོད་སྐྱོང་བརྟན་མ་བཅུ་གཉིས་ཐུགསྎ བསྐང་ངོ་བསྐལ་པའི་བར་དུ་ཐུགས་དམ་བསྐང༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང༔ ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང༔ འབྲུ་བཅུད་སྟོང་ལ་སྦྱར་པའི་ཛ་གད་དང༔ པདྨ་མཱཾ་ས་བཅས་པའི་རཀྟ་དང༔ ཛཔ྄་དང་གར་འཆམ་གིང་དང་སྟངས་སྟབས་དང༔ སྣང་གསལ་འོད་ཀྱི་ཞུན་མར་གསལ་བ་དང༔ སྟོང་གསལ་དབྱེར་མེད་ལྟ་སྒོམ་མཐར་ཐུག་དང༔ ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་འདི་དག་གིས༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགསྎ ལས་བྱེད་མཁའ་འགྲོ་རྣམས་ཀྱི་ཐུགསྎ གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགསྎ གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགསྎ མཆོད་ཡུལ་གོང་མ་རྣམས་ཀྱི་ཐུགསྎ སྦྱིན་ཡུལ་འོག་མ་རྣམས་ཀྱི་ཐུགསྎ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགསྎ ལན་ཆགས་མགྲོན་གྱུར་རྣམས་ཀྱི་ཐུགས་དམ་བསྐང༔ ཐམས་ཅད་ཐུགས་དམ་གཉན་པོ་དེས་བསྐངས་ལ༔ གཡར་དམ་སོར་ཆུད་དངོས་གྲུབ་བསྩལ་དུ་གསོལ༔ སྤྲུལ་སྐུ་རྡོ་རྗེ་གླིང་པས་གཏེར་ནས་སྤྱན་དྲངས་པའོ། །བཀྲ་ཤིས་སོ།། །། | རྡོ་རྗེ་གླིང་པའི་གཏེར་བྱོན་རྩ་གསུམ་སྤྱིའི་སྐོང་བསྡུས་བཞུགས་སོ། །ཧཱུྃ༔ མ་བཅོས་སྤྲོས་བྲལ་གནས་ལུགས་མངོན་གྱུར་པའི༔ རྒྱལ་བ་དགོངས་པ་བརྒྱུད་པའི་ཐུགས་དམ་བསྐང༔ ཏིང་འཛིན་མཆོག་བརྙེས་བརྡ་ཡི་བརྒྱུད་པ་སྟེ༔ རིག་འཛིན་རིག་པ་བརྒྱུད་པའི་ཐུགས་དམ་བསྐང༔ བཀའ་ལུང་ལྷག་ཆད་མེད་པའི་གང་ཟག་མཆོག༔ སྙན་ཁུངས་བརྒྱུད་པའི་བླ་མའི་ཐུགསྎ བཀའ་བརྒྱུད་གཏེར་དུ་སྦེད་པའི་བྱ་ར་མཛད༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་ཐུགསྎ མ་འོངས་ལས་འཕྲོ་ཅན་ལ་ལུང་སྟོན་པའི༔ སྨོན་ལམ་དབང་བསྐུར་བརྒྱུད་པའི་ཐུགསྎ ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི༔ དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགསྎ འགྲོ་ཀུན་ཞི་བདེའི་ངང་ལ་འདྲེན་མཛད་པའི༔ གསུང་མཆོག་དམ་ཆོས་རྣམས་ཀྱི་ཐུགསྎ ས་དང་ལམ་ལ་གནས་ནས་ཞིང་མཆོག་སྐྱོང༔ འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགསྎ ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགསྎ དངོས་གྲུབ་ཐོགས་པ་མེད་པར་སྟེར་མཛད་པའི༔ ཡི་དམ་རྒྱལ་བ་ཞི་ཁྲོའི་ཐུགསྎ ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་བའི༔ མཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགསྎ མ་སྐྱེས་རང་བཞིན་གདོད་ནས་དག་པ་སྟེ༔ རང་བཞིན་སྤྲོས་བྲལ་ཆོས་སྐུའི་ཐུགསྎ དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་སྨིན༔ ཞི་བ་ལོངས་སྤྱོད་རྫོགས་སྐུའི་ཐུགསྎ རང་སྣང་མ་འགགས་གཞན་སྣང་དེར་སྟོན་པའི༔ སྤྲུལ་སྐུ་འགྲོ་དོན་མཛད་པའི་ཐུགསྎ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགསྎ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་ཐུགསྎ སྐུ་མཆོག་འགྱུར་བ་མེད་པའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགསྎ གསུང་མཆོག་འགག་པ་མེད་པའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་ཐུགསྎ ཐུགས་མཆོག་གཡོ་བ་མེད་པའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགསྎ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བདུད་རྩི་ཡོན་ཏན་ལྷ་ཚོགས་ཐུགསྎ ཕྲིན་ལས་དྲག་པོ་སྒྲོལ་བྱེད་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་ཐུགསྎ ཤ་ཁྲག་རྒྱ་མཚོར་འཁྱིལ་བའི་དཀྱིལ་འཁོར་ནས༔ རྦོད་གཏོང་མ་མོའི་ལྷ་ཚོགས་ཐུགསྎ ཐུགས་རྗེའི་གདུང་གསོབ་སྐུ་ཡི་དཀྱིལ་འཁོར་ནས༔ རིག་འཛིན་བླ་མའི་ལྷ་ཚོགས་ཐུགསྎ དམ་རྫས་རྫ་ལྟར་ལྷག་པའི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགསྎ དགྲ་བགེགས་གདུག་པ་འདུལ་བའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་ཐུགསྎ དཔལ་གྱི་སྤྱན་སྔར་རང་རྟགས་སྲོག་སྙིང་ཕུལ༔ དམ་ཅན་རྒྱ་མཚོ་རྣམས་ཀྱི་ཐུགསྎ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི༔ མཐུ་ཆེན་དཔལ་མགོན་ལྕམ་དྲལ་ཐུགསྎ སྔགས་ཀྱི་རྒྱུད་སྡེ་བསྟན་པའི་བྱ་ར་མཛད༔ སྔགས་བདག་སྔགས་སྲུང་རྣམས་ཀྱི་ཐུགསྎ སློབ་དཔོན་ཆེན་པོས་བཀའ་ཡི་གཉེར་དུ་གཏད༔ གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགསྎ ཚུལ་བཞིན་སྒྲུབ་པར་བྱེད་པའི་སྡོངས་གྲོགས་མཛད༔ གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགསྎ འཇིག་རྟེན་ཁམས་འདིར་མཐུ་དང་ལྡན་པའི་བདག༔ དྲེགས་པའི་སྡེ་དཔོན་སུམ་བཅུའི་ཐུགསྎ ཟློག་པས་མི་བཟློག་སྔགས་ཟློག་མཁན་གྱི་གཤེད༔ དཔལ་མགོན་མ་ནིང་ནག་པོའི་ཐུགསྎ སྟོང་ཁམས་འདི་ན་དྲག་རྩལ་གཟེར་གྱི་བདག༔ གཟའ་བདུད་ཆེན་པོ་དཔལ་འབར་ཐུགསྎ མཐུ་ནུས་ཐོགས་མེད་དགྲ་བགེགས་ཀུན་གྱི་གཤེད༔ སྲུང་མ་ཨེ་ཀ་ཛཱ་ཊིའི་ཐུགསྎ ཨ་ཏི་བླ་མེད་བཀའ་ཡི་བྱ་ར་མཛད༔ བཤན་པ་སྲོག་སྒྲུབ་ནག་མོའི་ཐུགསྎ དམ་ལ་གནས་ཤིང་གནོད་བྱེད་སྒྲོལ་མཛད་པའི༔ གནོད་སྦྱིན་བཤན་པ་དམར་ནག་ཐུགསྎ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི༔ དམ་ཅན་རྡོ་རྗེ་ལེགས་པའི་ཐུགསྎ ལོངས་སྤྱོད་རིན་ཆེན་གཏེར་ལ་མངའ་བརྙེས་པའི༔ ནོར་བདག་གནོད་སྦྱིན་རྣམས་ཀྱི་ཐུགསྎ ལས་ཀྱི་མཐའ་སྡུད་འཇམ་དཔལ་ཐུགས་ཀྱི་སྲས༔ སྲུང་མ་ནཱ་ག་རཀྴའི་ཐུགསྎ ལྷ་ཁང་གཙུག་ལག་སྐྱོང་བར་ཞལ་བཞེས་པའི༔ རྒྱལ་པོ་ལི་བྱིན་ཧཱ་རའི་ཐུགསྎ སྲིད་པ་བོད་ཀྱི་སྲོག་བདག་ཆེན་པོ་ནི༔ བདུད་པོ་ཡབ་རྗེ་ནག་པོའི་ཐུགསྎ གཏོར་ལེན་རྣལ་འབྱོར་སྐྱོང་བར་ཞལ་བཞེས་པའི༔ བོད་སྐྱོང་བརྟན་མ་བཅུ་གཉིས་ཐུགསྎ བསྐང་ངོ་བསྐལ་པའི་བར་དུ་ཐུགས་དམ་བསྐང༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་དང༔ ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང༔ འབྲུ་བཅུད་སྟོང་ལ་སྦྱར་པའི་ཛ་གད་དང༔ པདྨ་མཱཾ་ས་བཅས་པའི་རཀྟ་དང༔ ཛཔ྄་དང་གར་འཆམ་གིང་དང་སྟངས་སྟབས་དང༔ སྣང་གསལ་འོད་ཀྱི་ཞུན་མར་གསལ་བ་དང༔ སྟོང་གསལ་དབྱེར་མེད་ལྟ་སྒོམ་མཐར་ཐུག་དང༔ ཚོགས་ཀྱི་ལོངས་སྤྱོད་རྒྱ་ཆེན་འདི་དག་གིས༔ སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགསྎ ལས་བྱེད་མཁའ་འགྲོ་རྣམས་ཀྱི་ཐུགསྎ གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགསྎ གཞི་བདག་གཞི་སྲུང་རྣམས་ཀྱི་ཐུགསྎ མཆོད་ཡུལ་གོང་མ་རྣམས་ཀྱི་ཐུགསྎ སྦྱིན་ཡུལ་འོག་མ་རྣམས་ཀྱི་ཐུགསྎ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགསྎ ལན་ཆགས་མགྲོན་གྱུར་རྣམས་ཀྱི་ཐུགས་དམ་བསྐང༔ ཐམས་ཅད་ཐུགས་དམ་གཉན་པོ་དེས་བསྐངས་ལ༔ གཡར་དམ་སོར་ཆུད་དངོས་གྲུབ་བསྩལ་དུ་གསོལ༔ སྤྲུལ་སྐུ་རྡོ་རྗེ་གླིང་པས་གཏེར་ནས་སྤྱན་དྲངས་པའོ། །བཀྲ་ཤིས་སོ།། །། |
Revision as of 13:06, 29 June 2015
This page is under construction. Check back later for updated content.
རྡོ་རྗེ་གླིང་པའི་གཏེར་བྱོན་རྩ་གསུམ་སྤྱིའི་སྐོང་བསྡུས་
rdo rje gling pa'i gter byon rtsa gsum spyi'i skong bsdus
by རྡོ་རྗེ་གླིང་པ་ (Dorje Lingpa)
revealed by རྡོ་རྗེ་གླིང་པ་ (Dorje Lingpa)
in cycle རྡོ་རྗེ་གླིང་པའི་གཏེར་ཆོས (Rdo rje gling pa'i gter chos)
Volume 41 (དི) / Pages 633-636 / Folios 1a1 to 2b6
Footnotes
Other Information
Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).