Terdzo-AA-007: Difference between revisions
m Text replacement - "totalvolumes[ ]?=[ ]?70[ ]? " to "totalvolumes=71 " |
m Text replacement - "2007-2016" to "2007-2018" |
||
| Line 5: | Line 5: | ||
|fulltitletib=རྫོགས་ཆེན་སྡེ་གསུམ་གྱི་བརྒྱུད་འདེབས་བསྡུས་པ་ | |fulltitletib=རྫོགས་ཆེན་སྡེ་གསུམ་གྱི་བརྒྱུད་འདེབས་བསྡུས་པ་ | ||
|fulltitle=rdzogs chen sde gsum gyi brgyud 'debs bsdus pa | |fulltitle=rdzogs chen sde gsum gyi brgyud 'debs bsdus pa | ||
|citation=[[rin chen dar rgyas]]. rdzogs chen sde gsum gyi brgyud 'debs bsdus pa. In Rin chen gter mdzod chen mo pod drug bcu re gnyis pa (The Great Treasury of Rediscovered Teachings Volume 62) by 'jam mgon kong sprul, 39-40. New Delhi: Shechen Publications, 2007- | |citation=[[rin chen dar rgyas]]. rdzogs chen sde gsum gyi brgyud 'debs bsdus pa. In Rin chen gter mdzod chen mo pod drug bcu re gnyis pa (The Great Treasury of Rediscovered Teachings Volume 62) by 'jam mgon kong sprul, 39-40. New Delhi: Shechen Publications, 2007-2018. | ||
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition | |collectiontitle=Rin chen gter mdzod; Rin chen gter mdzod Shechen Edition | ||
|collectiontitletib=རིན་ཆེན་གཏེར་མཛོད་ | |collectiontitletib=རིན་ཆེན་གཏེར་མཛོད་ | ||
Revision as of 03:56, 7 November 2018
རྫོགས་ཆེན་སྡེ་གསུམ་གྱི་བརྒྱུད་འདེབས་བསྡུས་པ་
by ([[Rin chen dar rgyas|]])
revealed by མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ (Dam chos rdzogs pa chen po sde gsum)
Volume 62 (ཨཱཿ) / Pages 39-40 / Folios 1a1 to 1b2
Tibetan Text
རྫོགས་ཆེན་སྡེ་གསུམ་གྱི་བརྒྱུད་འདེབས་བསྡུས་པ་བཞུགས་སོ། །ན་མོ་གུ་རུ་ས་མནྟ་བྷ་དྲ་ཡ། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས། །སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གསོལྎ རིག་འཛིན་ཤྲཱི་སིཾ་ཧ་ལ་གསོལྎ སློབ་དཔོན་པདྨ་འབྱུང་གནས་ལ་གསོལྎ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལྎ དམ་འཛིན་ཆོས་ཀྱི་བློ་གྲོས་ལ་གསོལྎ རྗེ་འབངས་ཉི་ཤུ་རྩ་ལྔ་ལ་གསོལྎ སེམས་ཀློང་མན་ངག་བརྒྱུད་པ་ལ་གསོལྎ མཆོག་གྱུར་བདེ་ཆེན་གླིང་པ་ལ་གསོལྎ དྲིན་ཅན་རྩ་བའི་བླ་མ་ལ་གསོལྎ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ་གསོལྎ གནས་གསུམ་དཔའ་བོ་མཁའ་འགྲོ་ལ་གསོལྎ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས། །སེམས་སྡེས་སྣང་བ་སེམས་སུ་རྟོགས་པ་དང་། །ཀློང་སྡེས་རིག་སྟོང་ཆོས་སྐུའི་ཀློང་དུ་གྲོལ། །མན་ངག་སྡེ་ཡིས་ཟུང་འཇུག་རྩལ་རྫོགས་ཤོག །ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས། །ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས། །རིག་པ་ཚད་ལ་ཕེབས་པར་བྱིན་གྱིས་རློབས། །ཆོས་ཉིད་ཟད་སར་སྐྱོལ་བར་བྱིན་གྱིས་རློབས། །མདོར་ན་སྡེ་གསུམ་ཉམས་ལེན་མཐར་ཕྱིན་ནས། །ཚེ་འདིར་མངོན་སངས་རྒྱས་པར་བྱིན་གྱིས་རློབས། །ཞེས་པ་འདི་རིགས་དབོན་རི་པ་དར་རྒྱས་རྒྱ་མཚོའི་ཞལ་འདོན་དུ་གཏེར་སློབ་འདུལ་འཛིན་རྒན་པོས་བྲིས་པའི་ཡི་གེ་པ་ནི་དགེ་སློང་ཀརྨ་སྨོན་ལམ་རྣམ་དག་གིས་བགྱིས་པ་དགེ་ལེགས་འཕེལ།། །། ༈ ཤིན་ཏུ་བསྡུ་ན། སྐུ་གསུམ་རྩ་བརྒྱུད་བླ་མ་ལ། །སྒོ་གསུམ་གུས་པས་གསོལ་བ་འདེབས། །སྡེ་གསུམ་ཉམས་ལེན་མཐར་ཕྱིན་ནས། །སྐུ་གསུམ་འབྲས་བུ་མངོན་གྱུར་ཤོག །ཅེས་པའང་རཏྣས་སོ། །ཤུ་བྷཾ།། །།