Terdzo-CI-009: Difference between revisions
m Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> " |
m Text replacement - "totalvolumes[ ]?=[ ]?70[ ]? " to "totalvolumes=71 " |
||
| Line 23: | Line 23: | ||
|volnumtib=༣༥ | |volnumtib=༣༥ | ||
|volyigtib=ཅི | |volyigtib=ཅི | ||
|totalvolumes= | |totalvolumes=71 | ||
|textnuminvol=9 | |textnuminvol=9 | ||
|pagenumbers=417-419 | |pagenumbers=417-419 | ||
Revision as of 03:36, 7 November 2018
ཕག་མོ་ཟབ་རྒྱའི་གསོལ་འདེབས་
revealed by རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་, པདྨ་ཚེ་དབང་རྒྱལ་པོ་ (Rigdzin Gödem, Pema Tsewang Gyalpo)
in cycle རྡོ་རྗེ་ཕག་མོའི་ཟབ་ཁྲིད་ཡང་གསང་ཀུན་གྱི་སྙིང་པོ་ (Rdo rje phag mo'i zab khrid yang gsang kun gyi snying po)
Volume 35 (ཅི) / Pages 417-419 / Folios 1a1 to 2a6
Tibetan Text
ཕག་མོ་ཟབ་རྒྱའི་གསོལ་འདེབས་བཞུགས་སོ། །ཨོཾ་ཨཱཿཧཱུྃ། ཡེ་ཤེས་རབ་གསལ་ཁྱབ་བརྡལ་ཆེན་པོ་ནས། །དང་པོའི་སངས་རྒྱས་བདེ་ཆེན་རང་གསལ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །བདེ་ཆེན་གསང་བ་ཕུག་གི་གནས་མཆོག་ཏུ། །གདོད་མའི་མཁའ་འགྲོ་རྡོ་རྗེ་ཕག་མོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྣང་སྲིད་སྒྱུ་མར་རྟོགས་པར་བྱིན་གྱིས་རློབས། །རང་གསལ་དག་པ་དབྱིངས་ཀྱི་ཕོ་བྲང་དུ། །ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདེ་གསལ་དབྱེར་མེད་རྟོག་པར་བྱིནྎ དྭངས་མ་ཡེ་ཤེས་ལྔ་ལྡན་ཕོ་བྲང་དུ། །བདེ་ཆེན་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཕུང་པོ་འོད་ལུས་འགྲུབ་པར་བྱིནྎ དག་པ་ཨོ་རྒྱན་ཡུལ་གྱི་གཞལ་ཡས་སུ། །རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དོན་དམ་མཐའ་བྲལ་རྟོགས་པར་བྱིནྎ བདེ་ཆེན་མཁའ་སྤྱོད་དག་པའི་གཞལ་ཡས་སུ། །གཏེར་སྟོན་མཉམ་མེད་ཚེ་དབང་རྒྱལ་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འཛིན་མེད་བདེ་གསལ་རྟོགས་པར་བྱིནྎ དྲག་སྔགས་མེ་དཔུང་འབར་བའི་ཀློང་དཀྱིལ་དུ། །སྔགས་འཆང་ཆེན་པོ་གསང་སྔགས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གཉིས་འཛིན་འཁྲུལ་པ་ཞིག་པར་བྱིནྎ སྣང་སྲིད་སྐུ་དང་འོད་ཀྱི་ཞིང་ཁམས་སུ། །ཐེག་པའི་མཆོག་གྱུར་རང་གྲོལ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འོད་གསལ་སྣང་བཞི་འབྱོངས་པར་བྱིནྎ བདེ་སྟོང་དགའ་བཞིར་འཁྱིལ་བའི་གཞལ་ཡས་སུ། །ཐོགས་མེད་རབ་འབྱམས་སྨྲ་བའི་སེངྒེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདེ་སྟོང་རྒྱུན་ཆད་མེད་པར་བྱིནྎ གཟུང་འཛིན་དྷཱུ་ཏིར་དག་པའི་མཁའ་དབྱིངས་སུ། །རིག་འཛིན་ཆེན་པོ་ཆོས་དབྱིངས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སེམས་ཉིད་ཆོས་སྐུར་རྟོགས་པར་བྱིནྎ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ། །རྟོགས་པའི་མངའ་བདག་འཁྲུལ་ཞིག་ཆེན་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འབྲས་བུ་སྐུ་གསུམ་ཐོབ་པར་བྱིནྎ གར་བཞུགས་དག་པ་ཆོས་ཀྱི་ཕོ་བྲང་དུ། །རླུང་སེམས་མཐར་ཕྱིན་ཀརྨ་ཨཱ་ཡུཿལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལས་རླུང་དྷཱུ་ཏིར་ཚུད་པར་བྱིནྎ འབྲལ་མེད་སྙིང་ག་ཆོས་ཀྱི་ཕོ་བྲང་དུ། །རྩ་བའི་བླ་མ་དྷརྨ་ཕུན་ཚོགས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །རྩ་རླུང་ལས་སུ་རུང་བར་བྱིནྎ མང་ཡུལ་རི་བོ་དཔལ་འབར་གཏེར་གནས་སུ། །མཁའ་འགྲོའི་སྲོག་ཐིག་ཕག་མོ་ཟབ་རྒྱ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཚིག་དོན་དབྱེར་མེད་རྟོགས་པར་བྱིནྎ རང་ལུས་རྣམ་དག་རྩ་ཡི་ཕོ་བྲང་དུ། །ཡེ་ཤེས་མཁའ་འགྲོ་རིགས་ལྔ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྣང་སྲིད་ལྷ་སྐུར་རྟོགས་པར་བྱིནྎ རང་སྣང་ཕྱོགས་མེད་དག་པའི་ཞིང་ཁམས་སུ། །རྒྱལ་ཁམས་ཆོས་གྲོགས་ཆོས་མཛད་ཕོ་མོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དག་སྣང་ཕྱོགས་མེད་འབྱོངས་པར་བྱོནྎ དུར་ཁྲོད་ཆེན་པོ་སོ་སོའི་གནས་མཆོག་ནས། །རྒྱལ་བའི་བཀའ་སྡོད་དམ་ཅན་གཏེར་བདག་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འགལ་རྐྱེན་བར་ཆད་ཞི་བར་བྱིནྎ བརྒྱུད་པའི་བླ་མ་མཁའ་འགྲོ་རིགས་ལྔའི་ཚོགས། །འོག་མིན་གནས་ནས་ཐུགས་རྗེས་བརྩེར་དགོངས་ལ། །ལུས་ལ་བདེ་དྲོད་འབར་བར་བྱིནྎ ལྷན་སྐྱེས་ཡེ་ཤེས་རྟོགས་པར་བྱིནྎ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་བ་འདེབས་སོ་རྗེས་འཇུག་བྱིནྎ འགྲོ་བའི་སྡུག་བསྔལ་དག་ལས་བསྒྲལ་དུ་གསོལ། །རེ་ལྟོས་གཞན་ན་མེད་དོ་ཐུགས་རྗེ་ཅན། །ཞེས་གསོལ་བ་བཏབ་པས་བརྒྱུད་པའི་བླ་མ་རྣམས་འོད་དུ་ཞུ་ནས་བླ་མ་རྣམས་ལ་ཐིམ། རྩ་བའི་བླ་མ་འོད་དུ་ཞུ། བདག་རྟ་མགྲིན་ཡབ་ཡུམ་དུ་གསལ་བ་ལ་ཐིམ་པར་བསམ། དགེའོ།། །།