Terdzo-JI-012: Difference between revisions
From Rinchen Terdzö
m (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ") |
m (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ") |
||
Line 48: | Line 48: | ||
གུ་རུཾ་ཤ་ར་ཎ་གཙྪཱ་མི། འཇིགས་བྱེད་ཁྲོ་རྒྱལ་ཀུན་གྱི་རྗེ། །དྲེགས་པའི་བདག་པོ་ལ་བཏུད་དེ། །ནམ་རྒྱང་མདའ་འཕང་བྲིས་དྲས་བཟོ། །གསལ་བྱེད་སྡོམ་བྱང་སྒྲོན་མེ་སྦར། །དེ་ལ་དང་པོ་སྣལ་ཐགས་ཀྱི་སྐོར་ནི། གཙོ་བོ་ལ་ལྕགས་མཁར་གྲུ་གསུམ་རྨང་སྐྱོར་ཁ་བད་དང་བཅས་པའི་ཁར་གདུགས་ཉིས་བརྩེགས་ཁྱུང་ཚང་ཆར་ཁེབས་ཀྱི་གདུགས་ཆུང་རྣམས་ནག་པོ་འཇའ་རིས་ཅན་རྩེ་རྒྱན་དང་བཅས་པ། ཕྱོགས་མདོས་བཞི་ལ་ཆིག་གདུགས་ཁྱུང་ཚང་དང་བཅས་པ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་དམར་ནག་རྣམས་འཇའ་རིས་ཅན། ༈ དེ་ནས་སོ་སོའི་ཞལ་ནམ་ནི། མགོན་པོ་སྡེ་ལྔ་ལས་མགོན་དང་བཅས་པ་དྲུག་ལ་ནམ་མཁའ་ཁོང་ནག་འཇའ་རིས་ཅན་རྩེ་ལ་བྱ་ནག་གི་སྒྲོ་དང་ལོགས་གཉིས་ལ་དར་ནག་ཅན་དྲུག །རེ་མ་ཏི་ལྔ་ལ་ནམ་མཁའ་མཐིང་ནག་འཇའ་རིས་ཅན་རྩེ་ལ་རྨ་བྱའི་སྒྲོ་དང་ལོགས་དར་ནག་བཏགས་པ་ལྔ། ལྷ་བརྒྱད་ལ་ཁོང་དཀར་འཇའ་རིས་རྩེ་ལ་ཐང་དཀར་གྱི་སྒྲོ་དང་ལོགས་ལ་དར་དཀར་ཅན་བརྒྱད། གཤིན་རྗེ་བརྒྱད་ལ་ཁོང་སྔོན་ལྔ་དང་ཁོང་དཀར་དམར་དུད་ཁས་བྱས་པ་འཇའ་རིས་ཅན་རྩེར་བྱ་སྤུ་སྣ་ཚོགས་དང་ལོགས་དར་སྣས་བྱས་པ་བརྒྱད། བདུད་བརྒྱད་ལ་ཁོང་སྔོན་འཇའ་རིས་རྩེ་ལ་སྐྱུང་ཀའི་སྒྲོ་དང་ལོགས་དར་ནག་ཅན་བརྒྱད། གནོད་སྦྱིན་བརྒྱད་ལ་ཁོང་སྔོན་འཇའ་རིས་རྩེ་ལ་རྨ་བྱའི་སྒྲོ་དང་ལོགས་དར་སྔོན་ཅན་བརྒྱད། རྒྱལ་ཆེན་བཞི་ལ་ནམ་མཁའ་ཁོང་དཀར་པོ། སྔོན་པོ་དམར་པོ་སེར་པོས་བྱས་པ་འཇའ་རིས་རྩེ་ལ་རིམ་པར་ལྷ་བྱའི་སྒྲོ །བྱ་སྤུ་སྣ་ཚོགས། ཆུ་བྱའི་སྒྲོ། རྨ་བྱའི་སྒྲོས་བྱས་ཤིང་ལོགས་དར་སྣ་ཅན་ཏེ་བཞི། ཕྱོགས་སྐྱོང་བཅུ་གཅིག་ལ་ཁོང་སྔོ་གསུམ། ཁོང་ངུར་གསུམ། ཁོང་དཀར་གཉིས། ཁོང་སེར། ཁོང་སྨུག །ཁོང་ལྗང་རྣམས་རེ་རེས་བྱས་པ་འཇའ་རིས་རྩེ་བྱ་སྤུ་དང་ལོགས་དར་སྣ་ཅན་ཏེ་བཅུ་གཅིག །སྡེ་བརྒྱད་ཀྱི་མ་ཧཱ་དེ་བར་ཁོང་ངུར་སྨྲིག །དཀར་པོ། སེར་པོ། དམར་པོ། ནག་པོ་ལྔས་བྱས་པ་འཇའ་རིས་རྩེ་ལྷ་བྱའི་སྒྲོ་དང་ལོགས་དར་སྣ་ཅན་ཏེ་ལྔ། གཤིན་རྗེ་ཁོང་སྔོན། དཀར། ནག །དམར། སེར་ལྔས་བྱས་པ་འཇའ་རིས་རྩེ་འུག་སྒྲོ་དང་ལོགས་དར་སྣ་ཅན་ཏེ་ལྔ། བཙན་ལ་ཁོང་དམར་འཇའ་རིས་རྩེ་ཟེར་མོའི་སྒྲོ་དང་ལོགས་དར་དམར་ཅན་ལྔ། གནོད་སྦྱིན་ལ་ཁོང་ནག་པོ་གཉིས། དམར་པོ་གཅིག །དཀར་པོ་གཉིས་ཀྱིས་བྱས་པ་རྩེ་རྨ་བྱའི་སྒྲོ་དང་ལོགས་དར་ལྗང་ཅན་ཏེ་ལྔ། སྔགས་སྲུང་མར་ཁོང་སྨུག་པོ། ནག་པོ། དཀར་པོ། དམར་པོ། སྔོན་པོས་བྱས་པ་འཇའ་རིས་རྩེ་བྱ་ནག་གི་སྒྲོ་དང་ལོགས་དར་ནག་ཅན་ལྔ། བདུད་ལ་ཁོང་ནག་འཇའ་རིས་རྩེ་ལ་སྐྱུང་ཀའི་སྒྲོ་དང་ལོགས་དར་ནག་ཅན་ལྔ། ཕྱོགས་མདོས་བཞིའི་ཤར་མདོས་ལ་ཁོང་དཀར་འཇའ་རིས་རྩེ་ལ་ཐང་དཀར་གྱི་སྒྲོ་དང་ལོགས་དར་དཀར་གྱིས་བྱས་པ་ལྔ། ལྷོ་མདོས་ལ་ཁོང་སེར་འཇའ་རིས་ཅན་རྩེ་ལ་གསེར་བྱའི་སྒྲོ་དང་ལོགས་དར་སེར་གྱིས་བྱས་པ་ལྔ། ནུབ་མདོས་ལ་ཁོང་དམར་འཇའ་རིས་རྩེ་ལ་ཟེར་མོའི་སྒྲོ་དང་ལོགས་དར་དམར་ཅན་ལྔ། བྱང་མདོས་ལ་ཁོང་དམར་ནག་འཇའ་རིས་རྩེ་ལ་སྲིན་བྱ་དང་ལོགས་དར་ནག་ཅན་ལྔ། བརྟན་མ་བཅུ་གཉིས་ལ་སྔར་ཁྱུང་ཚང་འཐག་སྲོལ་འདུག་ཀྱང་མི་ལེགས་པས་ནམ་མཁའ་ཀུན་ཏུ་ཞལ་གཞན་ལས་ཆེ་བ་བྱས་པའི་བདུད་མོ་བཞིར་འཇའ་རིས་ཁོང་ནག་རྩེ་སྐྱུང་ཀའི་སྒྲོ་དང་ལོགས་དར་ནག་ཅན་བཞི། གནོད་སྦྱིན་མོ་བཞིར་ཁོང་དམར་འཇའ་རིས་རྩེར་རྨ་བྱའི་སྒྲོ་དང་ལོགས་དར་དམར་ཅན་བཞི། སྨན་བཙུན་བཞིར་ཁོང་དཀར་འཇའ་རིས་རྩེར་བྱ་དཀར་གྱི་སྒྲོ་དང་ལོགས་དར་དཀར་ཅན་བཞི། སྲིད་པ་སྤྱི་སྐོས་ཀྱི་ནམ་མཁའ་ཁོང་དཀར་པོ། སེར་པོ། དམར་པོ། སྔོན་པོ། ལྗང་གུ །ནག་པོ། སྨུག་པོ། ངུར་སྨྲིག །དམར་སྐྱ། དཀར་སེར། སེར་ནག །དམར་ནག །སྔོ་ནག །སྔོ་དམར། ལྗང་ནག་རྣམས་ཀྱིས་བྱས་པ་འཇའ་རིས་ཅན་རྩེ་ལ་བྱ་སྤུ་དང་ལོགས་ལ་དར་སྣ་བཏགས་པ་སུམ་ཅུ་རྩ་གཉིས་བསགས་པའི་ཕྱག་ལེན་ཡོད་ཀྱང་། ལྕགས་རི་ལའང་གཟུག་པར་གསུངས་པས་ད་དུང་ཉེར་བཞི་བསྣན་ཏེ་ལྔ་བཅུ་ང་དྲུག །ཁྱོན་ཡོངས་དྲིལ་ནམ་མཁའ་བརྒྱ་དང་བདུན་ཅུ་དོན་དྲུག་སྟེ། དེ་ཐམས་ཅད་ཀྱི་མགུལ་དུ་ཡུངས་དཀར་གྱི་གོང་བུ་རེ་བཏགས་སོ།། ༈ །།གཉིས་པ་རྒྱང་བུ་ནི། མ་མགོན་བཅུ་གཅིག །བདུད་བརྒྱད། སྔགས་སྲུང་གཙོ་འཁོར་ལྔ། གཟའ་གཙོ་འཁོར་ལྔ། བདུད་གཙོ་འཁོར་ལྔ། བདུད་མོ་བཞི་སྟེ་སུམ་ཅུ་རྩ་བརྒྱད་ལ་རྒྱང་བུ་ནག་པོ་སོ་བརྒྱད། ལྷ་བརྒྱད། ཤར་གྱི་རྒྱལ་ཆེན། ཕྱོགས་སྐྱོང་གཉིས། མ་ཧཱ་དེ་བ་གཙོ་འཁོར་ལྔ། ཤར་མདོས་གཙོ་འཁོར་ལྔ། སྨན་མོ་བཞི་སྟེ་ཉི་ཤུ་རྩ་ལྔ་ལ་རྒྱང་བུ་དཀར་པོ་ཉེར་ལྔ། གཤིན་རྗེ་བརྒྱད། གནོད་སྦྱིན་བརྒྱད། ལྷོའི་རྒྱལ་ཆེན། ཕྱོགས་སྐྱོང་གསུམ། གནོད་སྦྱིན་གཙོ་འཁོར་ལྔ། ཀླུ་གཙོ་འཁོར་ལྔ། བྱང་མདོས་གཙོ་འཁོར་ལྔ་སྟེ་སུམ་ཅུ་སོ་ལྔར་རྒྱང་བུ་སྔོན་པོ་སོ་ལྔ། བྱང་གི་རྒྱལ་ཆེན། ཕྱོགས་སྐྱོང་གཅིག །གཤིན་རྗེ་གཙོ་འཁོར་ལྔ། ལྷོ་མདོས་གཙོ་འཁོར་ལྔ་སྟེ་བཅུ་གཉིས་ལ་རྒྱང་བུ་སེར་པོ་བཅུ་གཉིས། ནུབ་ཀྱི་རྒྱལ་ཆེན། བཙན་གཙོ་འཁོར་ལྔ། ནུབ་མདོས་གཙོ་འཁོར་ལྔ། གནོད་སྦྱིན་མོ་བཞི་སྟེ་བཅོ་ལྔར་རྒྱང་བུ་དམར་པོ་བཅོ་ལྔ། ཕྱོགས་སྐྱོང་གསུམ་ལ་རྒྱང་ངུར་ཁ་གསུམ། ཕྱོགས་སྐྱོང་གཅིག་ལ་རྒྱང་སྨུག་གཅིག་དང་། གཅིག་ལ་རྒྱང་བུ་ལྗང་གུ་གཅིག །སྲིད་པ་སྤྱི་སྐོས་ཀྱི་རྒྱང་བུ་སྣ་ཚོགས་སུམ་ཅུ་སོ་གཉིས་ཏེ། ཁྱོན་རྒྱང་བུ་བརྒྱ་དང་དྲུག་ཅུ་རེ་གཉིས་པོ་ཐམས་ཅད་ལ་ཉི་ཟླས་བརྒྱན་པའོ།། ༈ །།གསུམ་པ་མདའ་ནི། མགོན་པོ་དྲུག །རེ་མ་ཏི་བཞི། བདུད་བརྒྱད། སྔགས་སྲུང་མ་ལྔ། བདུད་ལྔ། བྱང་མདོས་ལྔ་སྟེ་སོ་གསུམ་ལ་མདའ་ནག་རང་རྟགས་ཕྱག་མཚན་རིས་སུམ་ཅུ་སོ་གསུམ། ལྷ་བརྒྱད། ཤར་མདོས་ལྔ་སྟེ་བཅུ་གསུམ་ལ་མདའ་དཀར་རང་རྟགས་ཕྱག་མཚན་རིས་བཅུ་གསུམ། གཤིན་རྗེ་བརྒྱད། གནོད་སྦྱིན་བརྒྱད། གནོད་སྦྱིན་ལྔ། ཀླུ་ལྔ་སྟེ་ཉེར་དྲུག་ལ་མདའ་སྔོན་རང་རྟགས་ཕྱག་མཚན་ཅན་ཉི་ཤུ་རྩ་དྲུག །རྒྱལ་ཆེན་བཞི། ཕྱོགས་སྐྱོང་བཅུ་གཅིག །མ་ཧཱ་དེ་བ་ལྔ། གཤིན་རྗེ་ལྔ། བཙན་ལྔ། གཟའ་ལྔ། བརྟན་མ་བཅུ་གཉིས་རྣམས་ཏེ་ཞེ་བདུན་ལ་མདའ་ཁྲ་རང་རྟགས་ཕྱག་མཚན་རིས་ཞེ་བདུན། ལྷོ་མདོས་ལ་མདའ་སེར་རང་རྟགས་ཕྱག་མཚན་ཅན་ལྔ། སྲིན་མོ་རེ་མ་ཏི་དང་། ནུབ་མདོས་ལ་གཙོ་འཁོར་ལྔ་ལ་མདའ་དམར་རང་རྟགས་ཕྱག་མཚན་ཅན་ཏེ་དྲུག །སྲིད་པ་སྤྱི་སྐོས་ལ་མདའ་ཁྲ་སུམ་ཅུ་སོ་གཉིས་ཏེ། ཁྱོན་མདའ་བརྒྱ་རེ་གཉིས་པོ་ཐམས་ཅད་ལ་འགྲུབ་ན་སྒྲོ་དང་མདེའུ་བསྐྱོན་ཞིང་། ཐ་ནའང་མ་མགོན་བཅུ་གཅིག་ཙམ་ལ་མ་གྲུབ་པའི་ཐབས་མེད་དོ།། ༈ །།བཞི་པ་འཕང་ནི། མ་མགོན་བཅུ་གཅིག །བདུད་བརྒྱད་དེ་བཅུ་དགུར་འཕང་ནག་གསེར་གཡུའི་མེ་ལོང་ཅན་བཅུ་དགུ །ལྷ་བརྒྱད་ལ་འཕང་དཀར་གསེར་གཡུའི་མེ་ལོང་ཅན་བརྒྱད། གཤིན་རྗེ་བརྒྱད་དང་གནོད་སྦྱིན་བརྒྱད་ལ་འཕང་སྔོན་གསེར་གྱི་མེ་ལོང་ཅན་བཅུ་དྲུག །རྒྱལ་ཆེན་བཞི་ལ་འཕང་ཁྲ་གསེར་གཡུའི་མེ་ལོང་ཅན་བཞི། ཕྱོགས་སྐྱོང་བཅུ་གཅིག་ལ་བསེ་འཕང་གཡུའི་མེ་ལོང་ཅན་བཅུ་གཅིག །མ་ཧཱ་དེ་བར་འཕང་དཀར་གསེར་གྱི་མེ་ལོང་ཅན་ལྔ། གཤིན་རྗེར་འཕང་སེར་གཡུའི་མེ་ལོང་ཅན་ལྔ། བཙན་ལ་འཕང་དམར་དུང་གི་མེ་ལོང་ཅན་ལྔ། གནོད་སྦྱིན་ལ་འཕང་སྔོན་གསེར་གྱི་མེ་ལོང་ཅན་ལྔ། སྔགས་སྲུང་མར་ལྕགས་འཕང་ནག་པོ་དུང་གི་མེ་ལོང་ཅན་ལྔ། ཀླུ་ལ་འཕང་སྔོན་གསེར་གྱི་མེ་ལོང་ཅན་ལྔ། གཟའ་ལ་འཕང་སྔོན་དུང་གི་མེ་ལོང་ཅན་ལྔ། བདུད་ལ་འཕང་ནག་དུང་གི་མེ་ལོང་ཅན་ལྔ། ཤར་མདོས་ལ་འཕང་དཀར་མཆོང་གི་མེ་ལོང་ཅན་ལྔ། ལྷོ་མདོས་ལ་འཕང་སེར་གཡུའི་མེ་ལོང་ཅན་ལྔ། ནུབ་མདོས་ལ་འཕང་དམར་དུང་གི་མེ་ལོང་ཅན་ལྔ། བྱང་མདོས་ལ་འཕང་སྔོན་གསེར་གྱི་མེ་ལོང་ཅན་ལྔ། བརྟན་མ་བཅུ་གཉིས་ལ་འཕང་ཁྲ་གསེར་གཡུའི་མེ་ལོང་ཅན་བཅུ་གཉིས། སྲིད་པ་སྤྱི་སྐོས་སུ་འཕང་ཁྲ་སུམ་ཅུ་སོ་གཉིས་ཏེ་ཁྱོན་དྲིལ་བས་བརྒྱ་རེ་གཉིས་སོ།། ༈ །།ལྔ་པ་བྲིས་ཀྱི་སྐོར་ལ་མདའ་རིས་དང་། ཤིང་རིས་གཉིས་ལས། དང་པོ་མདའ་རྟགས་ཀྱི་རི་མོ་ནི། ཡེ་ཤེས་ཀྱི་མགོན་པོ་ལ་བེང་དང་ཐོད་ཁྲག་རིས། ཐུགས་མགོན་ལ་གྲི་གུག་དང་ཐོད་ཁྲག་རིས། སྐུ་མགོན་ལ་བེང་དང་རྒྱུ་ཞགས་རིས། གསུང་མགོན་ལ་རྩེ་གསུམ་དང་སྙིང་ཞགས་རིས། ཕྲིན་ལས་མགོན་པོར་གྲི་གུག་དང་ཐོད་ཁྲག་རིས། ལས་མགོན་ལ་ལྕགས་ཀྱུ་དང་ཐོད་ཁྲག་རིས། ཡེ་ཤེས་མ་མོར་ཤང་ལང་དང་ཐོད་ཁྲག་རིས། བདུད་མོ་རེ་མ་ཏིར་ཁྲམ་ཤིང་དང་ཤོ་རྡེ་རིས། གཤིན་རྗེ་རེ་མ་ཏི་ལ་རལ་གྲི་དང་ནེའུ་ལེ་རིས། སྲིན་མོ་རེ་མ་ཏིར་ཁྲག་རྐྱལ་དང་ཟོར་བ་རིས། གནོད་སྦྱིན་རེ་མ་ཏིར་རལ་གྲི་དང་ཐོད་ཁྲག་རིས། ཡུལ་འཁོར་སྲུང་ལ་པི་ཝཾ་རིས། འཕགས་སྐྱེས་པོར་རལ་གྲི །མིག་མི་བཟང་ལ་སྦྲུལ་ཞགས། རྣམ་སྲས་ལ་མདུང་དམར། བརྒྱ་བྱིན་རྡོ་རྗེ། གཤིན་རྗེ་ཐོད་དབྱུག །ཆུ་ལྷ་སྦྲུལ་ཞགས། གནོད་སྦྱིན་བེ་ཅོན། མེ་ལྷ་ལ་མེ་རིས། སྲིན་པོར་རལ་གྲི །རླུང་ལྷར་བ་དན། དབང་ལྡན་ལ་རྩེ་གསུམ། ཉི་མར་པདྨའི་ཞགས་པ། ཟླ་བར་ཨུཏྤལ་སྔོན་པོ། ས་བདག་ལ་རྡོ་རྗེ་དང་བུམ་པ་རིས། ལྷ་ཆེན་བརྒྱད་ལ། ཚངས་པར་དབྱུག་པ་དང་གུནྡྷེ། བརྒྱ་བྱིན་ལ་སྤུ་གྲི །ཚོགས་བདག་ལ་ཕུབ་དང་ལ་ཕུག །དྲག་པོར་ཕྲེང་བ། བྷྲྀང་གི་རི་ཏིར་གུནྡྷེ། དགའ་བྱེད་དབང་ཕྱུག་མདའ་གཞུ། སྨིན་དྲུག་གསེར་བུམ། བིཥྚི་པ་ཏྲ་ཟངས་ཀྱི་ཐོང་གཤོལ། གཤིན་རྗེ་བརྒྱད་ལ་ཐོད་དབྱུག་རིས། བདུད་པོ་བརྒྱད་ལ་ཁྲམ་ཤིང་རིས། ཛམྦྷ་ལར་བཱི་ཛ་པཱུ་ར། ནོར་བུ་བཟང་པོར་ལྕགས་ཀྱུ། གང་བ་བཟང་པོར་མདུང་། དབང་པོར་ཞགས་པ། པི་ཙི་ཀུཎྜ་ལིར་ནོར་བུ། སྒོ་དབང་རིན་ཆེན་དབྱུག་པ། ཀེ་མ་ལ་རིན་ཆེན་ལྕགས་ཀྱུ། རྡོ་རྗེ་བདུད་འདུལ་རྩེ་གསུམ། སྡེ་བརྒྱད་ལ། དབང་ཕྱུག་རྩེ་གསུམ་ཞགས་པ་རིས་དང་། འཁོར་བློན་པོ་བཞིར་དངུལ། གསེར། ཟངས། ལྕགས་བཞིའི་མདའ་གཞུ་རེ། གཤིན་རྗེ་ཆོས་རྒྱལ་བེ་ཅོན་ཞགས་པ། འཁོར་མོན་པ་བཞི་ལ་སྙིང་རིས་རེ། ཡམ་ཤུད་ལ་ཟངས་གྲི་ཤྭ་རྡེ་དང་། འཁོར་བཞི་ལ་མདའ་རིས་ཕྱོགས་ཚོན་ཅན་རེ། སོ་ཀ་རཱ་ཛར་ཁྲམ་ཞགས་དང་། འཁོར་བཞིར་དབྱུག་འཁར་སྔོ་དམར་དཀར་གསུམ་དང་ཐོད་དབྱུག །ཀླུ་བདུད་ལ་སྦྲུལ་སྔོན་ནད་རྐྱལ་དང། འཁོར་བཞིར་ཕྱོགས་ཚོན་ཅན་གྱི་སྦྲུལ་རེ། ཁྱབ་མཇུག་ལ་སྦྲུལ་ཞགས་དང་། འཁོར་བཞིར་ཐོག་མདེ་རིས་རེ། བདུད་རོལ་པ་རྐྱ་གཅིག་ལ་ཁྲམ་བམ་བདུད་ཞགས་དང་། འཁོར་བཞིར་ཟངས་ལྕགས་གཡུ་བསེ་བཞིའི་འཁར་བ་རེ། ཨེ་ཀ་ཛཱ་ཊིར་སྤྱང་སྔོན་དང་མེ་ལོང་། འཁོར་བཞིར་དར་མདུང་ནག་པོ། །དར་ནག །ལྕགས་ཀྱི་གཏུན་བུ། རྩེ་གསུམ་བཞིའི་རིས། སྲོག་བདག་ལ་སྤུ་གྲི་ཞགས་པ། པེ་ཧར་ལ་གསེག་ཤང་། རྡོར་ལེགས་རྡོ་རྗེ། སྲིན་པོར་ཤང་ལང་གྲི་གུག །སྐྱི་མཐིང་ཡ་མར་ཟངས་ཕུར། གངས་ཀྱི་ཡུམ་ཆེན་རྡོ་རྗེ། ཁ་རག་ཁྱུང་བཙུན་མདའ། མ་བཙུན་ཁུག་ཆོས་སེང་ལྡེང་ཕུར་བུ། ཀོང་བཙུན་དེ་མོ་ཁྲག་གི་བུམ་པ། ཤ་མེད་གངས་དཀར་ཁྲག་རྐྱལ། འབྲོག་སྲིན་འཁོར་འདུལ་ལྕགས་ཕུར། རྨ་ཏིང་ཏིང་མོ་མཆོང་གི་ཕུར་བུ། གཡུའི་དྲིལ་བུ་གཡུ་དྲིལ། དཀར་མོ་མིག་གཅིག་ཞིང་དབྱུག །བཙན་ལ་ལ་རོག་བ་སོའི་ཕུར་བུ། གངས་ཀྱི་ལ་རོ་སྨན་བྱ་རྒོད་ཀྱི་གཤོག་ཕུར་རིས་རྣམས་ཏེ། མདའ་ཐམས་ཅད་ཀྱི་སྒྲོའི་བར་དུ་རྡོ་རྗེ་རེ་ཡང་བྲིའོ།། ༈ །།གཉིས་པ་ཤིང་རིས་ལ་གཉིས་ཀྱི། དང་པོ་དྲེགས་པ་སོ་སོའི་སྐུ་བརྙན་ལས་མ་མགོན་ནི། གཙོ་བོ་ཡེ་ཤེས་ཀྱི་མགོན་པོ་མཐིང་ནག་ཞལ་གསུམ་དཀར་དམར་མཐིང་། ཕྱག་དྲུག་གཡས་གསུམ་བེང་། རྡོ་རྗེ། ལྕགས་ཕུར། གཡོན་གསུམ་ཐོད་ཁྲག །དགྲ་སྙིང་དང་བཅས་པའི་དབྱུག་ཏོ། སྦྲུལ་ཞགས། དར་ནག་གི་བེར་དང་དུར་ཁྲོད་ཀྱི་ཆས་ཅན། ཞབས་གཉིས་གཡོན་བརྐྱང་དོར་སྟབས་ཀྱིས་པད་ཉི་དགྲ་བགེགས་ཀྱི་གདན་ལ་འགྱིང་བ། ཐུགས་མགོན་མཐིང་ནག་གྲི་གུག་ཐོད་ཁྲག་དགྲ་བགེགས་ཀྱི་གདན་ལ་ཞབས་གཡོན་བརྐྱང་། དར་ནག་གི་བེར་དང་དུར་ཁྲོད་ཀྱི་ཆས་ཅན། སྐུ་མགོན་མཐིང་ནག་བེང་དང་ལྕགས་པར་དར་ནག་གི་བེར་དང་དུར་ཁྲོད་ཆས་ཅན་སྟག་ལ་ཞོན་པ། གསུང་མགོན་ནག་པོ་དར་མདུང་རྩེ་གསུམ་དང་བདུད་ཞགས་དར་ནག་གི་བེར་དང་དུར་ཁྲོད་ཀྱི་ཆས་ཅན་རྟ་ནག་ལ་ཞོན་པ། ཕྲིན་ལས་ཀྱི་མགོན་པོ་ནག་པོ་བྱ་རོག་གི་གདོང་ཅན་གྲི་གུག་དང་ཐོད་ཁྲག་དུར་ཁྲོད་ཀྱི་ཆས་ཅན་བྱ་རོག་ལ་ཞོན་པ། ༈ ལས་མགོན་ནག་པོ་སྤྲེའུའི་གདོང་ཅན་གྲི་གུག་དང་ཐོད་ཁྲག་དུར་ཁྲོད་ཀྱི་ཆས་ཅན་དང་། དེའི་གཡོན་དུ་ཡུམ་ནག་མོ་སྤྲེལ་གདོང་ལྕགས་ཀྱུ་དང་ཐོད་ཁྲག །གཙོ་མོ་འདོད་ཁམས་མ་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ཤང་ལང་དང་ཐོད་ཕྲེང་། གཡོན་གཉིས་ཐོད་ཁྲག་དང་རྩེ་གསུམ། གླང་ཀོའི་སྟོད་གཡོགས་དང་། རེ་ལྡེའི་སྨད་དཀྲིས་སོགས་མ་མོའི་ཆས་ཅན། བོང་བུ་གྭ་པ་ལ་འཆིབ་པ། བདུད་མོ་རེ་མ་ཏི་མཐིང་ནག་སྤྱན་གཅིག་ཚེམས་གཅིག་ནུ་གཅིག་ཁྲམ་ཤིང་དང་ཤྭ་རྡེ་བསྣམས་པ་དྲེལ་ལ་ཞོན་པ། གཤིན་རྗེ་རེ་མ་ཏི་མཐིང་ནག་རལ་གྲི་དང་ནེའུ་ལེ་བསྣམས་པ་བོང་བུ་གྭ་དམར་ལ་ཞོན་པ། སྲིན་མོ་རེ་མ་ཏི་དམར་མོ་སྤྲིན་དམར་གྱི་སློག་པ་ཅན་ཁྲག་རྐྱལ་དང་ཟོར་བ་བསྣམས་པ་དྲེལ་ཞོན། གནོད་སྦྱིན་རེ་མ་ཏི་ནག་མོ་མི་ལྤགས་ཀྱི་གོས་ཅན་རལ་གྲི་དང་ཐོད་ཁྲག་བསྣམས་པ་དྲེལ་ཞོན། དེ་ཐམས་ཅད་མ་མོའི་ཆས་ཅན་ནོ། ༈ །དེ་ནས་ནང་གཡོག་བརྒྱད་ནི། སྐུའི་མོན་པ་ནག་པོ་ཏྲི་ཤཱུལ་རྩེར་མི་རོ་འཕྱང་བ། གསུང་མོན་སྔོ་ནག་རྭ་དུང་འབུད་པ། ཐུགས་མོན་ནག་པོ་སྤུ་གྲི་དང་སྙིང་ཐོགས། སྐྱི་མཐིང་མ་ནག་མོ་གོས་སེར་ཅན་སྙིང་ཐོགས་ཤིང་ཤ་བ་ཞོན་པ། བ་ལམ་མ་ནག་མོ་དར་ནག་གི་གོས་ཅན་ཞིང་ལྤགས་ཀྱི་གཡབ་མོ་རྡེབ་ཅིང་དྲེལ་ལ་ཞོན་པ། ཁྲི་སྨན་སྨུག་ནག་ཟང་ཟང་གི་བེར་ཅན་ཆུ་སྲིན་གྱི་གཡང་གཞི་ཐོགས་ནས་སོ་བྱ་རོག་པོ་ཞོན་པ། ཀླུ་མོ་ནག་མོ་ཆུ་སྲིན་གྱི་མགོ་ཅན་ཐོད་ཁྲག །མ་ཡམས་ནག་མོ་འབྲིའུ་སྟོད་དཀར་གྱི་གོས་ཅན་ཁྲག་གི་ཟོར་ཀོང་ཐོགས་ནས་མཛོ་མོ་ཞོན་པ། ༈ དེ་ནས་རྒྱལ་ཆེན་བཞི་ནི། ཡུལ་འཁོར་སྲུང་དཀར་པོ་དུང་གི་ཁྲབ་རྨོག་ཅན་པི་ཝཾ་ཐོགས་ནས་རྟ་དཀར་ཞོན་པ། འཕགས་སྐྱེས་པོ་སྔོན་པོ་ཁྲབ་རྨོག་སྔོན་པོ་རལ་གྲི་ཅན་རྟ་སྔོན་པོ། མིག་མི་བཟང་དམར་པོ་ཁྲབ་རྨོག་དམར་པོ་སྦྲུལ་ཞགས་རྟ་དམར། རྣམ་ཐོས་སྲས་སེར་པོ་གསེར་གྱི་ཁྲབ་རྨོག་མདུང་དང་ནེའུ་ལེ་ཅན་རྟ་ངང་པ་ལ་ཞོན་པ། ༈ ཕྱོགས་སྐྱོང་བཅུ་གཅིག་ནི། བརྒྱ་བྱིན་དཀར་པོ་རྡོ་རྗེ་ཅན་གླང་ཆེན་ལ་ཞོན་པ། གཤིན་རྗེ་མཐིང་ནག་རལ་པ་ཅན་ཐོད་དབྱུག་ཞགས་པ་འཛིན་པ་མ་ཧེ་སྔོ་ནག་ཞོན་པ། ཆུ་ལྷ་དཀར་སེར་རལ་པ་ཅན་སྦྲུལ་ཞགས་དང་ནོར་བུ་ཐོགས་པ་ཆུ་སྲིན་སྔོན་པོ་ལ་ཞོན་པ། གནོད་སྦྱིན་མཐིང་ནག་རལ་པ་ཅན་གསེར་གྱི་བེ་ཅོན་ཐོགས་པ་སེང་གེར་ཞོན་པ། མེ་ལྷ་དམར་སེར་རལ་པ་ཅན་མེ་དཀྱིལ་བསྣམས་པ་ར་སྐྱེས་ཁམ་པ་ཞོན་པ། སྲིན་པོ་སྨུག་ནག་རལ་པ་ཅན་རལ་གྲི་དང་རྒྱུ་ཞགས་ཐོགས་པ་མི་རྒོད་ཞོན་པ། རླུང་ལྷ་ལྗང་གུ་རལ་པ་ཅན་བ་དན་འཕྱར་བ་ཤ་བ་ཞོན་པ། དབང་ལྡན་སྔོ་སྐྱ་རལ་པ་ཅན་རྩེ་གསུམ་ཐོགས་པ་བ་ལང་དཀར་པོ་ཞོན་པ། ཉི་མ་དམར་སེར་རལ་པ་ཅན་པདྨའི་ཞགས་པ་ཐོགས་པ་རྟ་དམར་ཕྲུམ་སྔོན་ཞོན་པ། ཟླ་བ་དཀར་པོ་ཨུཏྤལ་བསྣམས་པ་ངང་པ་དཀར་པོ་ཞོན་པ། སའི་ལྷ་མོ་སེར་པོ་རྡོ་རྗེ་དང་བུམ་པ་ཐོགས་པ་ཕག་དམར་སེར་ཞོན་པ། ༈ དེ་ནས་རུ་འདྲེན་གྱི་ལྷ་བརྒྱད་ནི། ཚངས་པ་དམར་སེར་གདོང་བཞི་པ་ཤེལ་ཁྲབ་ཅན་དབྱུག་པ་དང་གུནྡྷེ་བསྣམས་པ་གླང་པོ་ཞོན་པ། བརྒྱ་བྱིན་དཀར་པོ་དར་དཀར་གྱི་གོས་ཅན་རྡོ་རྗེ་སྤུ་གྲི་བསྣམས་པ་གླང་ཆེན་ཞོན་པ། ཚོགས་བདག་སེར་པོ་གསེར་ཁྲབ་ཅན་ཕུབ་དང་ལ་ཕུག་འཛིན་པ་བྱི་བ་སྔོན་པོ་ཞོན་པ། དྲག་པོ་སྨུག་ནག་བསེ་ཁྲབ་ཅན་ཕྲེང་བ་བསྣམས་པ་ཆུ་སྲིན་ལ་ཞོན་པ། བྷྲིངྒི་རི་ཏི་སྔོན་པོ་གཡུ་ཁྲབ་ཅན་སྤྱི་བླུགས་བསྣམས་པ་རྟ་དམར་ཞུར་པོ་འཆིབ་པ། དགའ་བྱེད་དབང་ཕྱུག་ནག་པོ་ལྕགས་ཁྲབ་ཅན་མདའ་གཞུ་འགེངས་པ་གླང་རྒོད་ཞོན་པ། གདོང་དྲུག་སེར་པོ་གསེར་ཁྲབ་ཅན་བུམ་པ་བསྣམས་པ་ཁྱིམ་བྱ་དཀར་པོ་ཞོན་པ། བིཥྚི་པ་ཏྲ་དམར་སེར་བསེ་ཁྲབ་ཅན་ཟངས་ཀྱི་གཤོལ་འཛིན་པ་རླུང་ལ་ཞོན་པ། བརྒྱད་ཀ་དར་དང་པྲོག་ཞུ་སོགས་རིན་པོ་ཆེའི་རྒྱན་ཅན་ནོ། ༈ །བདུད་བརྒྱད་ནི། རྐོས་རྗེ་དྲང་དཀར་ནག་པོ་སེང་མགོ་ཅན་ཁྲག་རལ་བེར་ནག་གྱོན་པ་སྦྲུལ་དང་ཁྲམ་ཤིང་བསྣམས་པ་རྟ་ནག་ཞོན་པ། ནག་པོ་བཀྲག་མེད་ནག་པོ་རལ་གྲི་རྩེ་གསུམ་པ་དང་བདུད་ཞགས་དྲེལ་ནག་ཞོན་པ། ཡ་བ་ནག་པོ་ཐོར་ཚུགས་ཅན་ཞགས་ནག་དང་རལ་གྲི་བསྣམས་པ་ཞིང་ལྤགས་གྱོན་ཞིང་མི་མགོའི་དོ་ཤལ་བྱས་པ་རྟ་ནག་ལ་ཞོན་པ། རྔམས་པ་དུང་མགོ་དམར་པོ་སྟག་ལྤགས་ཀྱི་སློག་པ་གྱོན་པ་རལ་གྲི་དང་སྙིང་ཐོགས་ནས་བ་ལང་དམར་པོ་ཞོན་པ། ནག་པོ་སྤྱི་རིང་ནག་པོ་འུག་མགོ་རལ་པ་དམར་པོ་ཅན་བྱ་ནག་གི་ཐུལ་པ་དང་སྤྲེལ་མགོའི་དོ་ཤལ་བྱས་པ་བདུད་ཞགས་དང་རལ་གྲི་ཐོགས་ནས་བྱ་ནག་ལ་ཞོན་པ། སྟག་གུ་སྤྱན་གཅིག་ནག་པོ་སྟག་གི་མགོ་ཅན་དཔྲལ་བ་ན་མིག་གཅིག་པ་ཞིང་ལྤགས་གྱོན་ཞིང་སྤུ་གྲི་དང་སྙིང་ཐོགས་པ་རྟ་ནག་ཞོན་པ། སྟག་གི་མགོ་ཅན་དམར་པོ་མེའི་རལ་པ་ཅན་འཇའ་ཚོན་གྱི་ཐུལ་པ་གྱོན་པ་ཁྲམ་ཞགས་ཐོགས་ནས་རྟ་ནག་ལ་ཞོན་པ། འཛུམ་མེད་ནག་པོ་བསེའི་རལ་པ་དང་སྟག་ལྤགས་ཀྱི་གོས་ཅན་ཁྲམ་དང་རལ་གྲི་རྩེ་གསུམ་པ་ཐོགས་ནས་གླང་ཆེན་སྔོན་པོ་ཞོན་པ། ༈ གཤིན་རྗེ་བརྒྱད་ནི། ཡ་མ་རཱ་ཙ་མཐིང་ནག་ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་དབྱུག་ཐོ་དང་རལ་གྲི་གཡོན་གཉིས་ཞགས་པ་དང་རལ་གྲི་བསྣམས་ནས་མ་ཧེ་སྔོ་ནག་ལ་ཞོན་པ། ཕྱ་སངས་དཀར་སེར་ཞལ་གཅིག་ཕྱག་བཞི་པ་གཡས་དབྱུག་ཐོ་འཁོར་ལོ་གཡོན་ཞགས་པ་མེ་དཔུང་ཉི་ཟླར་ཞོན་པ། ཡ་བ་ཏི་སྔོ་ནག་ཞལ་གཅིག་ཕྱག་བཞི་པ་གཡས་དབྱུག་ཞགས་དང་རལ་གྲི་གཡོན་པ་ཞགས་པ་དང་དགྲ་སཏྭ་ཆུ་གླང་སྔོན་པོ་ཞོན་པ། ཏེལ་པ་ནག་པོ་ཞལ་གཅིག་ཕྱག་བཞི་གཡས་དབྱུག་ཐོ་དང་མདའ་གཡོན་ཞགས་པ་དང་གཞུ་རྔ་མོང་ཞོན་པ། ཨ་བ་གླང་མགོ་དུད་ཀ་ཞལ་གཅིག་ཕྱག་བཞི་གཡས་དབྱུག་ཏོ་དང་ལྕགས་ཀྱུ་གཡོན་ཞགས་པ་དང་ལྕགས་སྒྲོག་དྲེའུ་ཞོན་པ། རྨིག་པ་སྔོ་ནག་ཞལ་གཅིག་ཕྱག་བཞི་གཡས་དབྱུག་ཐོ་བེར་ཀ་གཡོན་ཞགས་པ་མདུང་ཐུང་ཤ་ཕོ་ཞོན་པ། རལ་པ་ཚལ་དགུ་མཐིང་ནག་ཞལ་གཅིག་ཕྱག་བཞི་གཡས་དབྱུག་ཐོ་རལ་གྲི་གཡོན་གཉིས་སྙིང་དང་དུག་སྦྲུལ་ཞོན་པ། མིག་དམར་དམར་ནག་ཞལ་གཅིག་ཕྱག་བཞི་གཡས་དབྱུག་ཏོ་རྩེ་གསུམ་གཡོན་ཞགས་པ་དང་སྤུ་གྲི་ལུག་ལ་ཞོན་པ། བརྒྱད་ཀ་རལ་པ་ཅན་འཇིགས་པའི་ཆས་ཅན་ནོ། ༈ །གནོད་སྦྱིན་བརྒྱད་ནི། ཛམྦྷ་ལ་སེར་པོ་བཱི་ཛ་པཱུ་ར་དང་ནེའུ་ལེ་རྟ་ངང་པ་ལ་ཞོན་པ། ནོར་བཟང་དམར་པོ་ལྕགས་ཀྱུ་དང་བཱི་ཛ་པཱུ་ར་རྟ་སེར་པོ་ཞོན་པ། གང་བཟང་སེར་པོ་མདུང་ཐུང་དང་རལ་གྲི་དུང་ཁྲབ་ཅན་རྟ་སྔོན་ཞོན་པ། དབང་པོ་སྔོན་པོ་ཞགས་པ་དང་རྡོ་རྗེའི་ལྕགས་ཀྱུ་ལྕགས་ཁྲབ་ཅན་རྟ་ལ་ཞོན་པ། པི་ཙི་ཀུཎྜ་ལཱི་དམར་པོ་ནོར་བུ་དང་མདུང་དམར་རྟ་ལ་ཞོན་པ། སྒོའི་དབང་པོ་སེར་པོ་རིན་པོ་ཆེའི་དབྱུག་པ་དང་ནེའུ་ལེ་རྟ་ལ་ཞོན་པ། ཀེ་མཱ་ལ་ལྗང་གུ་རིན་པོ་ཆེའི་ལྕགས་ཀྱུ་དང་བཱི་ཛ་པཱུ་ར་རྟ་ལ་ཞོན་པ། རྡོ་རྗེ་བདུད་འདུལ་མཐིང་ནག་དར་མདུང་རྩེ་གསུམ་པ་དང་ཐོད་ཁྲག་དར་ནག་བེར་ཅན་རྟ་ལ་ཞོན་པ། བརྒྱད་ཀ་སྦོམ་ཞིང་ཐུང་ལ་གསུས་པ་ཆེ་བ་དར་དང་རིན་པོ་ཆེའི་རྒྱན་ཅན་ནོ། ༈ །དེ་ནས་ལྷ་སྲིན་སྡེ་བརྒྱད་ནི། མ་ཧཱ་དེ་བ་མཐིང་ནག་ཁྲོ་བརྗིད་ཅན་གཡས་བ་དན་དཔྱངས་པའི་མདུང་རྩེ་གསུམ་པ་དང་གཡོན་ཞགས་པ་གཡུ་འབྲུག་ལ་ཞོན་པ། འཁོར་བློན་པོ་བཞི་པོ་སྐུ་མདོག་དཀར་སེར་དམར་ནག་ཅན་རང་མདོག་དང་མཚུངས་པའི་མདའ་གཞུ་འགེང་ཞིང་འབྲུག་ལ་ཞོན་པ། ༈ གཤིན་རྗེ་ཆོས་རྒྱལ་སྔོ་ནག་བེ་ཅོན་དང་གཡོན་སྡིགས་མཛུབ་ཞགས་པ་དང་བཅས་པ་ཐོད་ཕྲེང་གི་ག་ཤ་ཅན་སྟག་ལྤགས་དང་སྦྲུལ་རྒྱན་ཅན་མ་ཧེ་སྔོ་ནག་ལ་ཞོན་པ། འཁོར་མོན་པ་བཞི་དཀར་པོ་སེང་གདོང་། ནག་པོ་སྟག་མགོ །དམར་པོ་དྲེད་མགོ །སེར་པོ་ཁྱུང་གདོང་སྟེ་བཞི་ཀ་སྙིང་བསྣམས་པ། ༈ བཙན་ཡམ་ཤུད་སྐུ་མདོག་དམར་པོ་སྟག་ལྤགས་ཀྱི་སློག་པ་ཅན་བསེའི་ཟངས་གྲི་དང་ཟངས་ཞགས་ཐོགས་པ་རྟ་དམར་ལ་ཞོན་པ། འཁོར་འབྱུང་བཞིའི་བཙན་དཀར་དམར་ནག་ལྗང་བཞི་ཐོག་མདས་མདེའུ་བྱས་པའི་མདའ་འཕེན་པ། ༈ གནོད་སྦྱིན་སོ་ཀ་རཱ་ཙ་དཀར་པོ་ལྕགས་ཀྱི་རལ་པ་ཅན་ཁྲམ་བམ་དང་རྒྱུ་ཞགས་ཐོགས་པ་རྔམ་པའི་གཟུགས་ཅན། འཁོར་འཕྲང་སྒུག་བཞི་ནི་མི་ནག་ལྕགས་རལ་ལྕགས་ཀྱི་འཁར་བ་ཐོགས་པ། དམར་པོ་ཟངས་རལ་གོས་དམར་ཅན་བྱུ་རུའི་འཁར་བ། དཀར་པོ་དུང་རལ་གོས་དཀར་དང་རིན་པོ་ཆེའི་རྒྱན་ཅན་དུང་གི་འཁར་བ། ནག་པོ་ཁྲག་རལ་ཐོད་དབྱུག་དང་ཐོད་ཁྲག་ཐོགས་པ། ༈ མ་མོ་ཨེ་ཀ་ཛཱ་ཊི་སྨུག་ནག་མཆེ་གཅིག་སྤྱན་གཅིག་རལ་གཅིག་གཡས་གཡུ་སྤྱང་དང་གཡོན་མེ་ལོང་ཐོགས་པ་བོང་བུ་ནག་པོ་ཞོན་པ། འཁོར་ཕུང་བྱེད་མ་བཞི་ནི། ནག་མོ་གཅེར་བུ་དར་མདུང་ནག་པོ་དང་མདའ་གཞུ་ཐོགས་པ། དམར་པོ་གླང་ཀོའི་སྟོད་གཡོགས་དང་ཞིང་ལྤགས་ཀྱི་ཤམ་ཐབས་ཅན་དར་ནག་གི་གཡབ་མོ་དང་རལ་གྲི། སེར་ནག་མི་མགོའི་དོ་ཤལ་དང་རལ་པའི་ཐོར་ཚུགས་ཅན་ལྕགས་གཏུན་དང་རལ་གྲི། སྔོན་མོ་ཞི་ཚུལ་ཅན་སྦྲུལ་དང་ཐོད་ཕྲེང་གིས་བརྒྱན་པ་རྩེ་གསུམ་དང་ལྕགས་ཀྱུ་ཐོགས་པའོ། ༈ །ཀླུ་འཆི་བདག་ནག་པོ་མི་ལུས་སྦྲུལ་མགོ་དགུའི་གདེང་ཀ་སྐུ་སྨད་སྦྲུལ་མཇུག་ཕྱག་གཡས་བརྒྱད་ན་སྦྲུལ་ཞགས་དང་གཡོན་བརྒྱད་ནད་རྐྱལ་ཐོགས་པ། སྦྱོར་ཡུམ་བུད་མེད་ལུས་ལ་སྦྲུལ་མཇུག་ཅན་ཕྱག་གཉིས་སྦྲུལ་ཞགས། རིགས་བཞིའི་ཀླུ་ནི། རྒྱལ་རིགས་གླང་གི་མགོ་ཅན་དཀར། རྗེ་རིགས་སྦལ་མགོ་ཅན་སེར། དམངས་རིག་རྩངས་པའི་མགོ་ཅན་ལྗང་ནག །བྲམ་ཟེའི་རིགས་སྡིག་པའི་མགོ་ཅན་དམར་པོ་སྟེ་བཞི་ཀ་སྦྲུལ་གྱི་གདེངས་ཀ་དང་སྦྲུལ་མཇུག་ཅན་ཕྱག་ན་སྦྲུལ་ཞགས་བསྣམས་པའོ། ༈ །གཟའ་བདུད་རཱ་ཧུ་ལ་དུད་ཀ་མགོ་དགུ་བྱ་རོག་གི་ཞལ་དང་བཅས་མིག་གིས་ལུས་གང་ཞིང་སྐུ་སྨད་ལ་སྦྲུལ་མཇུག་ཅན་ཕྱག་གཉིས་གཡས་ཆུ་སྲིན་གྱི་ཞགས་པ་དང་གཡོན་རའི་མདའ་གཞུ་ཐོགས་པ། འཁོར་གདོང་མོ་བཞི་ནི། སྲིན་མོ་སྟག་གདོང་དཀར། དྲེད་གདོང་སེར། བ་ལང་གདོང་དམར། ཆུ་སྲིན་མགོ་ཅན་ལྗང་གུ་སྟེ་བཞི་ཀ་སྲིན་མོའི་གཟུགས་ཅན་ཐོག་འབེབ་པའོ། ༈ །བདུད་པོ་རོལ་པ་རྐྱ་གཅིག་མི་ནག་རྟ་ནག་བེར་ནག་ཅན་ཁྲམ་བམ་ཐོགས་པ། འཁོར་བདུད་པོ་བཞི་ནི། རེ་ཏེ་མགོ་ཡག་མཐིང་ནག་བེར་སྔོན་ཅན་ར་ནག་ཞོན་པ། ཡོར་པོ་དམར་ནག་བེར་ནག་ཅན་འཕར་བ་ཞོན་པ། ཁྱབ་རིང་མཐིང་ག་ལྕགས་ཁྲབ་ཅན་དོམ་ནག་ཞོན་པ། ཐོམ་པོ་སྨུག་ནག་གཡག་ཐུལ་ཅན་ལུག་ལ་ཞོན་པ་སྟེ། བཞི་ཀ་རལ་པ་ཁམ་ནག་བརྫེས་ཤིང་སྐུ་མདོག་དང་མཚུངས་པའི་འཁར་བ་ཐོགས་པའོ། ༈ །དབང་ཆེན་སྡེ་བཞི་ནི། སྲོག་བདག་ཚངས་པ་དཀར་པོ་ཤེལ་གྱི་རལ་པ་ཅན་སྤྱན་གཅིག་ཚེམས་གཅིག་དར་དཀར་གྱི་གོས་གྱོན་པ་གཡས་ཤེལ་གྱི་སྤུ་གྲི་དང་གཡོན་ཉི་ཟེར་ཞགས་པ་བསྣམས་ཤིང་སེང་གེ་དཀར་པོ་ཞོན་པ། དགྲ་བླ་པེ་ཧར་དབུ་ལ་སྨྱུག་ཞུ་སྐུ་ལ་བེར་ནག་གསོལ་བ་ཕྱག་ན་གསེག་ཤང་དང་པར་བུ་བསྣམས་པ་གླང་ཆེན་ཞོན་པ། མདུན་ན་ཡུམ་ཤཱནྟི་རོ་ཟན་མ་བུད་མེད་ཀྱི་གཟུགས་ནག་མོ་འོ་དོད་འབོད་པ། འཁོར་གཡས་གཡོན་དུ་སྐྱེས་པ་སྟག་ཆས་ཅན་རེ་རེ། མདུན་དུ་ཤན་པ་གྲི་ཐོགས་བཞི། གཡས་སུ་སྐྱེས་པ་སྟག་ཆས་ཅན་ལྔ། གཡོན་དུ་བཙུན་པ་ལྔ། མདུན་དུ་བུད་མེད་ལྔ། རྒྱབ་ཏུ་སྔགས་པ་ལྔ། ཕྱོགས་རེར་ཨ་ཙ་ར་ནག་པོ་ལྔ་ལྔ། སྐྱེས་བུ་རྡོ་རྗེ་ལེགས་པ་དམར་པོ་སྐྱེས་བུའི་གཟུགས་ཅན་རལ་གྲི་དང་ཁྲམ་ཤིང་རྟ་ཞུར་པོ་ལག་དཀར་ལ་འཆིབ་པ། འཁོར་དགེ་བཤེས་ཀྱི་གཟུགས་རིན་པོ་ཆེའི་པྲོག་ཞུ་ན་བཟའ་ངུར་སྨྲིག་ཤེལ་ཕྲེང་གི་ག་ཤལ་དང་སྭག་ཏིའི་ལྷམ་རྐེད་ལ་གསེར་གྱི་ཕྱག་ཤིང་གཡས་རྡོ་རྗེ་བསྣམས་པ། བནྡེའི་གཟུགས་ཅན་སྐུ་ལ་ཞིང་ལྤགས་དབུ་ལ་སྤྱི་བླུགས་ཀྱི་ཞྭ་ནག་ཁྲམ་ཤིང་བསྣམས་ཤིང་ལྕགས་སྤྱང་ཞོན་པ། ཇག་དཔོན་གྱི་གཟུགས་ནི་སྤྱང་ཞུ་དང་སེང་གེའི་སློག་པ་ཅན་སྟག་རལ་དང་གཟིག་ཤུབས་བཏགས་པ་ཕྱག་ན་མདུང་དམར་བསྣམས་ཤིང་ངང་པ་སེར་པོ་ཞོན་པ། ཚོང་དཔོན་གྱི་གཟུགས་ནི་གཡི་སྤྱང་གི་སློག་པ་དང་འོབ་ཞུ་གསོལ་ཞིང་ཕྱག་ན་སྦ་ལྕག་དཀར་པོ་བསྣམས་པ་དྲེའུ་གྭ་པ་ཞོན་པ། སྲིན་པོ་ནག་པོ་ཤང་ལང་དང་ཐོད་ཁྲག་ཐོགས་ནས་རྟ་ཁམ་པ་ལ་ཞོན་པ། ཡུམ་སྲིན་མོ་དམར་མོ་གྲི་གུག་དང་མི་སྙིང་ཐོགས་པ། ༈ བརྟན་མ་བཅུ་གཉིས་ནི། སྐྱི་མཐིང་ཡ་མ་སྐྱོང་སྔོན་མོ་གཡག་ལྤགས་ཀྱི་གོས་དང་ཁྱུང་གཤོག་གི་ཤམ་ཐབས་ཅན་ཟངས་ཀྱི་ཕུར་བུ་འདྲིལ་ཞིང་དྲེལ་ཞོན་པ། གངས་ཡུམ་གཡུ་བུན་མ་དཀར་མོ་སེང་ལྤགས་གྱོན་ཞིང་རྡོ་རྗེ་རྩེ་ལྔ་བསྣམས་ནས་སེང་གེ་འཆིབ་པ། ཁ་རག་ཁྱུང་བཙུན་སེར་མོ་ཞིང་ལྤགས་ཀྱི་སྟོད་གཡོགས་དང་སྙིང་གི་ཤམ་ཐབས་མདའ་ལྟོང་ནག་བསྣམས་ནས་ཁྱུང་ལ་ཞོན་པ། ཨུག་ཆོས་དབྱར་མོ་བསིལ་དམར་ནག་སྦྲུལ་ནག་གཏམས་པའི་གཡང་གཞི་ཅན་སེང་ལྡེང་ཕུར་བུ་བསྣམས་ནས་རྣ་བུ་ཤད་ལ་འཆིབ་པ། ཀོང་བཙུན་དེ་མོ་ནག་མོ་སེང་ལྤགས་ཀྱི་སློག་པ་དང་སྦྲུལ་ནག་གཏམས་པའི་ཤམ་ཐབས་ཅན་ཁྲག་གི་བུམ་པ་བསྣམས་ནས་རྟ་དཀར་ཞོན་པ། ཤ་མེད་གངས་དཀར་མོ་དུང་གི་ཁུ་འཕང་གི་གོས་དང་གཡུའི་སྐ་རགས་ཅན་ཁྲག་གི་རྐྱལ་པ་བསྣམས་ཤིང་ཤ་བ་ཞོན་པ། འབྲོག་སྲིན་འཁོར་འདུལ་སྨུག་མོ་གླང་ནག་སྟོང་གི་སློག་པ་དང་ཁྱུང་གཤོག་སྟོང་གི་ཤམ་ཐབས་ཅན་ལྕགས་ཕུར་འདྲིལ་ཞིང་གསེར་ཤ་ཡུ་མོ་ཞོན་པ། རྨ་ཏིང་ཏིང་མོ་བཙུན་དམར་མོ་གཡག་ལྤགས་སྟོང་གི་སྟོད་གཡོགས་དང་ཁྱུང་གཤོག་སྟོང་གི་ཤམ་ཐབས་ཅན་མཆོང་གི་ཕུར་བུ་བསྣམས་ནས་འབྲོང་ལ་ཞོན་པ། གཡུའི་དྲིལ་བུ་སྔོན་མོ་སྤྱང་སློག་དང་མི་རྩིབ་བརྒྱུས་པའི་ཤམ་ཐབས་ཅན་གཡུ་དྲིལ་བསྣམས་ནས་གཡུའི་སེང་གེ་འཆིབ་པ། དཀར་མོ་མིག་གཅིག་མཆེ་བ་ཅན་མི་མགོའི་ཐུལ་པ་གྱོན་ཞིང་ཕྱག་ན་ཞིང་དབྱུག་ཐོགས་པ་ཕག་ནག་ལ་ཞོན་པ། བཙན་ལ་ལ་རོ་མ་དམར་མོ་རྟ་དཀར་གྱི་པགས་པའི་སྟོད་གཡོགས་དང་སྟག་ལྤགས་སྟོང་གི་ཤམ་ཐབས་ཅན་བསེའི་ཕུར་བུ་འདྲིལ་ཞིང་དྲེལ་ནག་ཁ་སེར་ལ་ཞོན་པ། སྐྱི་མཐིང་གངས་ཀྱི་ལ་རོ་སྨན་སྔོན་མོ་སྦྲུལ་ནག་སྟོང་གི་ཐུལ་པ་དང་གཡག་ལྤགས་ཀྱི་ཤམ་ཐབས་ཅན་བྱ་རྒོད་ཀྱི་གཤོག་ཕུར་བསྣམས་པ་གཡུ་འབྲུག་ལ་ཞོན་པའོ། །དེ་ལྟར་དྲེགས་པ་རྣམས་ཀྱི་གཟུགས་བརྙན་གྱི་རྒྱབ་ཏུ་སྔགས་བྱང་རྒྱས་པ་ལྟར་སོ་སོའི་སྲོག་སྙིང་གི་ཤམ་བུར་དམག་བཟློག་ན། དགྲ་དཔུང་ཆོམས། བདུད་དཔུང་ཤིགས། བགེགས་དཔུང་ཟློག །ས་མ་ཡ་བྷྱོ་བྷྱོཿ ཞེས་བཏགས་པ་ལྟ་བུ་ལས་གང་བྱེད་ཀྱི་ཤམ་བུ་སྦྲེལ་བ་བྲིའོ། ༈ །གཉིས་པ་སྐོང་རྫས་གཟུགས་བརྙན་གྱི་ཐོ་ལ། མ་མགོན་བཅུ་གཅིག་ཐུན་མོང་དུ། བྱ་ནག །གཡག་ནག །ར་ནག །ལུག་ནག །ཁྱི་ནག །དོམ་ནག །རྟ་ནག །ཕག་ནག །སྤྲེལ་ནག །མཛོ་ནག །མི་ནག །དྲེལ་ནག །དྲེད་མོ་ནག་མོ་རྣམས་བྲིས་པའི་རྒྱབ་ཏུ། ནག་པོའི་སྲོག་ཆགས་དམ་རྫས་འདིས། །མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །མི་མཐུན་རྐྱེན་དང་བར་ཆད་ཟློག །ཅེས་བྲིའོ། །རྒྱལ་ཆེན་བཞི་ལ། རྟ་པ་དཀར་པོ་དར་མདུང་ཅན་དང། གཡག་དཀར་པོ་བཞི། རྟ་པ་སྔོན་པོ་དར་མདུང་ཅན་དང་། རྟ་སྔོན་བཞི། རྟ་པ་དམར་པོ་དར་མདུང་ཅན་དང་། མཛོ་དམར་བཞི། རྟ་པ་སེར་པོ་དར་མདུང་ཅན་དང་། ལུག་སེར་པོ་བཞི་ལ་རྒྱབ་ཏུ། མཐུན་པའི་དཀོར་ནོར་སྲོག་ཆགས་འདིས། །རྒྱལ་ཆེན་འཁོར་བཅས་ཐུགས་དམ་བསྐང་། །བདག་ཅག་སོགས་འགྲེ། ལྷ་ཆེན་བརྒྱད་པོ་རེ་རེར། གཡག་དཀར་དང་ལུག་དཀར་རེ་བྲིས་པའི་རྒྱབ་ཏུ་གཞན་འདྲ་བ་ལས་རྐང་པ་གཉིས་པར། ལྷ་ཆེན་བརྒྱད་ཀྱི་ཐུགས་དམ་བསྐང་། །ཞེས་འབྲི། གཤིན་རྗེ་བརྒྱད་ལ་ར་རོག་རེ་རེ་བྲིས་པའི་རྒྱབ་ཏུ། ཙ་ར་རོག་པོའི་དཀོར་ནོར་འདིས། །གཤིན་རྗེ་བརྒྱད་ཀྱི་ཐུགས་དམ་བསྐང་། །སོགས་འགྲེའོ། །བདུད་བརྒྱད་སོ་སོར། རྟ་པ་ནག་པོ་གཡས་སུ་མདའ་གཞུ་དང་། གཡོན་དུ་མཚེ་ཡུངས་ཐོགས་པ་རེ་རེ། ཤ་བ་ནག་པོ་རེ་རེ། མི་ནག་མཚེ་དང་ཁྲམ་ཁྱེར་བ་རེ། ལུག་ནག་ར་ནག་གཡག་ནག་གསུམ་ཡང་རེ་རེ་བྲིས་པའི་རྒྱབ་ཏུ། ནག་པོའི་སྲོག་ཆགས་དཀོར་ནོར་འདིས། །ནག་པོ་བདུད་བརྒྱད་ཐུགས་དམ་བསྐང་། །སོགས་འགྲེ། གནོད་སྦྱིན་བརྒྱད་ལ་སྟག །གཟིག །བྱ་ཁྲ་གསུམ་བྱང་བུ་རེ་རེར་བྲིས་པའི་ཤིང་བྱང་བརྒྱད་ཀྱི་རྒྱབ་ཏུ། མཐུན་པའི་དཀོར་ནོར་སྲོག་ཆགས་འདིས། །གནོད་སྦྱིན་བརྒྱད་ཀྱི་སོགས་འགྲེ། སྡེ་བརྒྱད་ཀྱི་གཤིན་རྗེ་ལ། ར་རོག་སྟག་གཟིག་གསུམ་བྲིས་པ་ལྔ་ལ་རྒྱབ་ཡིག །མཐུན་པའི་སོགས་ཀྱི་རྗེས། འཆི་བདག་འཁོར་བཅས་ཐུགས་དམ་བསྐང་། །སོགས་འགྲེ། ཡམ་ཤུད་ལ་བྱ་མི་རྟ་ར་བཞི་དམར་པོ་བྲིས་པ་ལྔ་ལ། བཙན་རྒོད་འཁོར་བཅས་ཐུགས་དམ་བསྐང་། ཞེས་འགྲེ། གནོད་སྦྱིན་སོ་ག་རཱ་ཙར། ཁྱི་གཡག་གཉིས་དཀར་པོ་བྲིས་པ་ལྔ་ལ། གནོད་སྦྱིན་འཁོར་བཅས་ཐུགས་དམ་བསྐང་། །སྔགས་སྲུང་མར་བྱ་སྨུག །ལུག་ཁྱི་གཉིས་ནག་པོ་རྣམས་བྲིས་པ་ལྔ་ལ། སྔགས་སྲུང་འཁོར་བཅས་ཐུགས་དམ་བསྐང་། །ཀླུ་བདུད་ལ། ཉ་སྦྲུལ། སྦལ་ལྕོང་ཆུ་རྟ་ཆུ་ལུག་ཆུ་གླང་རྣམས་བྲིས་པ་ལྔ་ལ། ཀླུ་བདུད་འཁོར་བཅས་ཐུགས་དམ་བསྐང་། །གཟའ་རཱ་ཧུ་ལར། ར་རོག་དང་ལུག་ནག་གཉིས་བྲིས་པ་ལྔ་ལ། གཟའ་བདུད་འཁོར་བཅས་ཐུགས་དམ་བསྐང་། །ཞེས་སྦྱོར། བདུད་རོལ་པ་རྐྱ་གཅིག་ལ། མི་བྱ་རྟ་གླང་ཁྱི་རྣམས་ནག་པོ་བྲིས་པ་ལྔར། བདུད་པོ་འཁོར་བཅས་ཐུགས་དམ་བསྐང་། །སྲིད་པ་སྤྱི་སྐོང་ལ་མི་རྟ་གླང་པོ་ར་ལུག་བྱ་ཁྱི་ཕག་དྲེལ་རྣམས་བྲིས་པ་ཕྱོགས་རེར་བརྒྱད་བརྒྱད་ཀྱི་རྒྱབ་ཏུ། རང་རང་མཐུན་པའི་དཀོར་ནོར་འདིས། །སྣང་སྲིད་ལྷ་འདྲེའི་ཐུགས་དམ་བསྐང་། །སོགས་འགྲེ། ཤར་ཕྱོགས་སྲོག་བདག་ལ་བྱ་དཀར་ཟེ་དམར། ཁྱི་དཀར་སྣ་དམར། རྟ་དཀར་རྔོག་དམར། ལུག་དཀར་མཇིང་དམར། ར་དཀར་རུ་དམར། མི་དཀར་ཐོད་དམར་དྲུག་རེ་བྲིས་པའི་རྒྱབ་ཏུ། དཀར་བའི་སྲོག་ཆགས་དཀོར་ནོར་འདིས། །གིང་ཆེན་འཁོར་བཅས་ཐུགས་དམ་བསྐང་། །ལྷོ་པེ་ཧར་ལ། སྟག་སྤྲེ་སེང་གེ་སྤྱང་ཀི་རྣམས་བྲིས་པའི་རྒྱབ་ཏུ། མཐུན་པའི་སྲོག་ཆགས་དཀོར་རྫས་འདིས། །རྒྱལ་པོ་འཁོར་བཅས་ཐུགས་དམ་བསྐང་། །ནུབ་ཀྱི་རྡོར་ལེགས་ལ། ར་དཀར། ར་སེར་རྒྱ། གཡག་ཁམ་པ། ལུག་ཁ་རྒྱ། དྲེལ་ཁལ། བོང་ཁལ། ར་ཁལ་རྣམས་བྲིས་པའི་རྒྱབ་ཏུ། མཐུན་པའི་དཀོར་ནོར་འདི་དག་གིས། གཙང་བཙན་འཁོར་བཅས་ཐུགས་དམ་བསྐང་། །བྱང་སྲིན་པོར། ར་ལུག །སྟག །སྤྱང་ཀི །ཁྭ་ཏ། ཀངྐ། གཟིག །དྲེད། མ་ཧེ། ཁྱི། དོམ། ཅེ་སྤྱང་རྣམས་ཀྱི་གཟུགས་བྲིས་པའི་རྒྱབ་ཏུ། མཐུན་པའི་སྲོག་ཆགས་དཀོར་ནོར་འདིས། །སྲིན་པོ་ཕོ་མོའི་ཐུགས་དམ་བསྐང་། །སོགས་འགྲེ། གཤིན་རྗེ་བརྒྱད་དང་། གཤིན་རྗེ་ལྔའི་ཁྲམ་ཤིང་བཅུ་གསུམ་གྱི་རྒྱབ་ཏུ། འཆི་བདག་གཤིན་རྗེའི་ཁྲམ་ཁ་རྣམས། །བསྟན་པ་འཇིག་པའི་དགྲ་ལ་སྒྱུར། །ཅེས་འབྲི། བདུད་རོལ་པ་རྐྱ་གཅིག་ལ་ཁྲམ་ཤིང་ནག་པོ་ལྔའི་རྒྱབ་ཏུ། ནག་པོ་བདུད་ཀྱི་ཁྲམ་ཁ་རྣམས། །བསྟན་པ་འཇིག་པའི་སོགས་འགྲེའོ། །བརྟན་མ་བཅུ་གཉིས་ལ་གླུད་ཀྱི་ལག་ཏུ་བསྐུར་རྒྱུའི་ཁྲམ་ནག་ཆུང་ངུ་བཅུ་གཉིས་ཀྱི་རྒྱབ་ཏུ། ནག་མོའི་ཚོགས་ཀྱི་ཁྲམ་ཁ་རྣམས། །སོགས་སྦྱར་རོ། །ཕོ་གདོང་བརྒྱ་ཉེར་བཞི་པོ་ཐམས་ཅད་ཁྲབ་རྨོག་སོགས་སྟག་ཤར་གྱི་ཆས་ཅན་རྩེར་རྡོ་རྗེ་ཕྱེད་པས་མཚན་པ་རྣམས་ཀྱི་རྒྱབ་ཏུ། ཕོ་གླུད་བརྗིད་པ་སྟག་ཆས་ཅན། །སྐྱེས་པ་ཕོ་ཡི་གླུད་དུ་འབུལ། །ཕོ་ཡི་ཆག་ཆེ་ཉམ་ང་རྣམས། །སྡང་བ་དགྲ་ཡི་སྟེང་དུ་བྷྱོ། །ཞེས་འབྲི། མོ་གདོང་བརྒྱ་ཉེར་བཞི་པོ་ཐམས་ཅད་གཞོན་མཛེས་དར་དང་རིན་པོ་ཆེས་བརྒྱན་པ་རྩེར་པདྨས་མཚན་པ་རྣམས་ཀྱི་རྒྱབ་ཏུ། མོ་གླུད་མཛེས་པ་སྒེག་འགྲོས་ཅན། །ཟ་མ་མོ་ཡི་གླུད་དུ་འབུལ། །མོ་ཡི་ཆག་ཆེྎ སྡང་བྎ ཞེས་འགྲེ། ཡུལ་མཁར་བརྒྱ་དང་ལྔ་བཅུ་པོ་ཐམས་ཅད་ཀྱི་སྟེང་དུ་ནམ་མཁའ་སྤྲིན་དང་ཉི་ཟླ། བར་དུ་རི་དང་ཡུལ་ཁྱིམ། སྨད་དུ་མཚོ་བྲིས་པ་རྩེ་མོར་ནོར་བུས་མཚན་པ་རྣམས་ཀྱི་རྒྱབ་ཏུ། ཤིང་གྲི་མཛེས་པ་ཡུལ་མཁར་རིས། །ཡུལ་དང་མཁར་གྱི་གླུད་དུ་འབུལ། །ཡུལ་མཁར་ཆག་ཆེྎ སྡང་བྎ ༈ དྲུག་པ་དྲས་བཟོའི་སྐོར་ལ་རྒྱལ་མཚན། བ་དན། རུ་དར་གསུམ་ལས། དང་པོ་རྒྱལ་མཚན་ནི། ཡེ་ཤེས་མགོན་པོ་ལྔ་ལ་མི་ནག་རྒྱལ་མཚན། ཁྱི་ནག །ལུག་སྨུག་ནག །གཡག་ནག །བྱ་ནག་ལྔའི་རྒྱལ་མཚན། ལས་མགོན་ལ་ཕག་ནག་གི་རྒྱལ་མཚན། རེ་མ་ཏི་ལྔ་ལ། ཞིང་ཆུང་། ཀྱུང་ཀ །ཁྱི་ནག །ཁྱི་མོ་སེར་སྐྱ། བྱ་མོ་ནག་མོ་ལྔའི་རྒྱལ་མཚན། ཕྱོགས་སྐྱོང་བཅུ་གཅིག་ལ་ཟ་འོག་གི་རྒྱལ་མཚན་སྔོན་པོ་གསུམ། ངུར་སྨྲིག་གསུམ། དཀར་པོ་གཉིས། སེར་པོ། སྨུག་པོ། ལྗང་གུ་རྣམས་རེ་རེ། གཤིན་རྗེ་བརྒྱད་ལ་ཞིང་གི་རྒྱལ་མཚན་རེ་རེ། མ་ཧཱ་དེ་བ་ལ་ཟ་འོག་གི་རྒྱལ་མཚན་ལྔ། ཆོས་རྒྱལ་ལ། འུག་པ། སྲིན་བྱ། ར་དཀར། ལུག་དཀར། ཁྱི་དམར་ལྔའི་རྒྱལ་མཚན། ཡམ་ཤུད་ལ་ར་རྟ་མི་བྱ་བཞི་དམར་པོའི་རྒྱལ་མཚན། གནོད་སྦྱིན་ལ་རིན་པོ་ཆེའི་རྒྱལ་མཚན་ལྔ། སྔགས་སྲུང་མར་ཞིང་ལྤགས་ཀྱི་རྒྱལ་མཚན་ལྔ། ཀླུ་ལ་ཤིང་ལོའི་རྒྱལ་མཚན་ལྔ། སྲིད་པ་སྤྱི་སྐོས་ཀྱི་དར་ཟབ་ཀྱི་རྒྱལ་མཚན་སུམ་ཅུ་རྩ་གཉིས་དང་། སྤྲེའུ་རྨ་བྱ་བྱ་རྒོད་རྔ་མོང་བཞིའི་རྒྱལ་མཚན། སྲོག་བདག་ལ་སྨྱུག་རྒོད་དར་དཀར་གྱིས་བརྒྱན་པའི་རྒྱལ་མཚན་ལྔ་དང་། བྱ་ཁྱི་མི་རྟ་ར་ལུག་སྟེ་དཀར་པོ་དྲུག་གི་རྒྱལ་མཚན། པེ་ཧར་ལ་སྨྱུག་རྒོད་དར་སེར་དཔྱང་པའི་རྒྱལ་མཚན་ལྔ་དང་། སྟག །སྤྲེལ། སེང་གེ །སྤྱང་ཀི །དར་ཟབ་ལྔའི་རྒྱལ་མཚན། རྡོར་ལེགས་ལ་སྨྱུག་རྒོད་དར་དམར་དཔྱང་པའི་རྒྱལ་མཚན་གཅིག །སྲིན་པོ་ལ་ཞིང་གི་གདུགས་གཅིག་དང་། ར་ལུག་སྟག་གཟིག་བཞིའི་རྒྱལ་མཚན་རྣམས་སོ། ༈ །གཉིས་པ་བ་དན་ནི། མ་མགོན་བཅུ་གཅིག་ལ་བ་དན་བཅུ་གཅིག །རྒྱལ་ཆེན་བཞིར་བ་དན་དཀར་སྔོ་དམར་སེར་བཞི། ལྷ་བརྒྱད་ལ་བ་དན་དཀར་པོ་བརྒྱད། གཤིན་རྗེ་བརྒྱད་ལ་བ་དན་སྔོན་པོ་བརྒྱད། བདུད་བརྒྱད་ལ་བ་དན་ནག་པོ་བརྒྱད། གནོད་སྦྱིན་བརྒྱད་ལ་བ་དན་སྔོན་པོ་བརྒྱད། བཙན་ཡམ་ཤུད་ལ་བ་དན་དམར་པོ་ལྔ། གཟའ་བདུད་ལ་བ་དན་ཁྲ་བོ་ལྔ་རྣམས་སོ། ༈ །གསུམ་པ་དར་མདུང་ནི། མ་མགོན་བཅུ་གཅིག་ལ་དར་མདུང་ནག་པོ་བཅུ་གཅིག །རྒྱལ་ཆེན་བཞི་ལ་དར་མདུང་དཀར་སྔོ་དམར་སེར་བཞི། ལྷ་བརྒྱད་ལ་དར་མདུང་དཀར་པོ་བརྒྱད། གཤིན་རྗེ་བརྒྱད་ལ་དར་མདུང་དམར་པོ་བརྒྱད། བདུད་བརྒྱད་ལ་དར་མདུང་ནག་པོ་བརྒྱད། གནོད་སྦྱིན་བརྒྱད་ལ་དར་མདུང་ཁྲ་བོ་བརྒྱད། ཆོས་ཀྱི་རྒྱལ་པོར་དར་མདུང་སྔོན་པོ་ལྔ། ཡམ་ཤུད་ལ་དར་མདུང་དམར་པོ་ལྔ། གནོད་སྦྱིན་སོ་ག་རཱ་ཙ་ལ་དར་མདུང་ཁྲ་བོ་ལྔ། སྔགས་སྲུང་ལ་དར་མདུང་ཁྲ་བོ་ལྔ། གཟའ་བདུད་ལ་དར་མདུང་ཁྲ་བོ་ལྔ། རོལ་པ་རྐྱ་གཅིག་ལ་དར་མདུང་ནག་པོ་ལྔ། སྲོག་བདག་ལ་དར་མདུང་དཀར་པོ་ལྔ། པེ་ཧར་ལ་དར་མདུང་སེར་པོ་ལྔ། རྡོར་ལེགས་ལ་དར་མདུང་དམར་པོ་ལྔ། སྲིན་པོར་དར་མདུང་དམར་པོ་ལྔ་རྣམས་ཏེ། ཐམས་ཅད་ལ་མདུང་ཤིང་རྔ་མ་རྩེ་ལྕགས་དང་བཅས་པས་བརྒྱན་ནོ། །གལ་ཏེ་དམག་ཟློག་ལྟ་བུ་ཡིན་ན། ཐམས་ཅད་ལ་དར་མདུང་གསོག་པར་བཤད་ཅིང། མཐའི་ལྕགས་རི་ལའང་དར་མདུང་རྣོན་པོས་བསྐོར་ལ། དེ་ཐམས་ཅད་ལ་སྲོག་སྙིང་གི་མཐར། དམག་དཔོན་ཆེ་གེ་མོ་དཔུང་དང་བཅས་པའི་སྟེང་དུ་བྷྱོ་བྷྱོ་བྷྱོ་ས་མ་ཡ་ཟློག་ཟློག་ཟློག །དགྲ་དཔུང་ཤིགས། བདུད་དཔུང་ཆོམས་ཞེས་བྲིས་ནས་སོ་སོའི་གནས་སུ་བཙུགས་པས་རྣོ་ཞིང་ལས་མྱུར་ཞེས་འབྱུང་ངོ་། །གཞན་ཡང་། བྲི་གཟུགས་སོགས་ཆང་ཆུང་རྣམས་གསོག་ཡིག་ཏུ་འབྱུང་བས་འདིར་མ་བྲིས་སོ། །དེ་ལྟར་གསོག་ཡིག་གི་སྟེང་ནས་ཐོག་མར་གསོག་རྫས་རྣམས་ཚང་བར་བསགས་རྗེས། འདིའི་སྟེང་ནས་སྣལ་ཐགས་བྲིས་སོགས་སྔོན་དུ་བྱེད་དགོས་ཐམས་ཅད་ཚང་བར་བྱས་ཏེ། དེ་ནས་བཅའ་ཐབས་སྒྲོན་མེ་ལྟར་བཤམས་བཀོད་རྣམས་ལེགས་པར་བྱས་པས་ལག་ལེན་རྣམས་མི་འཛིངས་ཤིང་བྱ་སླ་བར་འགྱུར་བ་ལགས་སོ། །དེ་ལྟའི་ཆོས་ཚུལ་མཁས་པའི་ལུགས་མིན་ཞིང་། །སྔགས་འཆང་དཔྱོད་ལྡན་རྣམས་ལ་འདིས་ཅི་བྱ། །གླེན་བླུན་དག་ལ་འདིས་ཀྱང་ཉུང་བ་ཙམ། །ཀུན་ལ་སྐབས་སུ་བབས་པ་ག་ལ་ཤེས། །དེ་ཕྱིར་བདག་དང་བདག་འདྲའི་བན་སྔགས་པར། །འཚམ་པའི་ཟིན་བྱང་དྷརྨ་ཤྲཱིས་སྤེལ། །དགེ་འདིས་བདུད་དང་བདུད་ཕྱོགས་གཡུལ་ངོ་རྣམས། །དྲག་རྩལ་མཐུ་སྟོབས་ནུས་པས་ཚར་གཅོད་ཤོག །སིདྡྷི་རསྟུ།། །། | གུ་རུཾ་ཤ་ར་ཎ་གཙྪཱ་མི། འཇིགས་བྱེད་ཁྲོ་རྒྱལ་ཀུན་གྱི་རྗེ། །དྲེགས་པའི་བདག་པོ་ལ་བཏུད་དེ། །ནམ་རྒྱང་མདའ་འཕང་བྲིས་དྲས་བཟོ། །གསལ་བྱེད་སྡོམ་བྱང་སྒྲོན་མེ་སྦར། །དེ་ལ་དང་པོ་སྣལ་ཐགས་ཀྱི་སྐོར་ནི། གཙོ་བོ་ལ་ལྕགས་མཁར་གྲུ་གསུམ་རྨང་སྐྱོར་ཁ་བད་དང་བཅས་པའི་ཁར་གདུགས་ཉིས་བརྩེགས་ཁྱུང་ཚང་ཆར་ཁེབས་ཀྱི་གདུགས་ཆུང་རྣམས་ནག་པོ་འཇའ་རིས་ཅན་རྩེ་རྒྱན་དང་བཅས་པ། ཕྱོགས་མདོས་བཞི་ལ་ཆིག་གདུགས་ཁྱུང་ཚང་དང་བཅས་པ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་དམར་ནག་རྣམས་འཇའ་རིས་ཅན། ༈ དེ་ནས་སོ་སོའི་ཞལ་ནམ་ནི། མགོན་པོ་སྡེ་ལྔ་ལས་མགོན་དང་བཅས་པ་དྲུག་ལ་ནམ་མཁའ་ཁོང་ནག་འཇའ་རིས་ཅན་རྩེ་ལ་བྱ་ནག་གི་སྒྲོ་དང་ལོགས་གཉིས་ལ་དར་ནག་ཅན་དྲུག །རེ་མ་ཏི་ལྔ་ལ་ནམ་མཁའ་མཐིང་ནག་འཇའ་རིས་ཅན་རྩེ་ལ་རྨ་བྱའི་སྒྲོ་དང་ལོགས་དར་ནག་བཏགས་པ་ལྔ། ལྷ་བརྒྱད་ལ་ཁོང་དཀར་འཇའ་རིས་རྩེ་ལ་ཐང་དཀར་གྱི་སྒྲོ་དང་ལོགས་ལ་དར་དཀར་ཅན་བརྒྱད། གཤིན་རྗེ་བརྒྱད་ལ་ཁོང་སྔོན་ལྔ་དང་ཁོང་དཀར་དམར་དུད་ཁས་བྱས་པ་འཇའ་རིས་ཅན་རྩེར་བྱ་སྤུ་སྣ་ཚོགས་དང་ལོགས་དར་སྣས་བྱས་པ་བརྒྱད། བདུད་བརྒྱད་ལ་ཁོང་སྔོན་འཇའ་རིས་རྩེ་ལ་སྐྱུང་ཀའི་སྒྲོ་དང་ལོགས་དར་ནག་ཅན་བརྒྱད། གནོད་སྦྱིན་བརྒྱད་ལ་ཁོང་སྔོན་འཇའ་རིས་རྩེ་ལ་རྨ་བྱའི་སྒྲོ་དང་ལོགས་དར་སྔོན་ཅན་བརྒྱད། རྒྱལ་ཆེན་བཞི་ལ་ནམ་མཁའ་ཁོང་དཀར་པོ། སྔོན་པོ་དམར་པོ་སེར་པོས་བྱས་པ་འཇའ་རིས་རྩེ་ལ་རིམ་པར་ལྷ་བྱའི་སྒྲོ །བྱ་སྤུ་སྣ་ཚོགས། ཆུ་བྱའི་སྒྲོ། རྨ་བྱའི་སྒྲོས་བྱས་ཤིང་ལོགས་དར་སྣ་ཅན་ཏེ་བཞི། ཕྱོགས་སྐྱོང་བཅུ་གཅིག་ལ་ཁོང་སྔོ་གསུམ། ཁོང་ངུར་གསུམ། ཁོང་དཀར་གཉིས། ཁོང་སེར། ཁོང་སྨུག །ཁོང་ལྗང་རྣམས་རེ་རེས་བྱས་པ་འཇའ་རིས་རྩེ་བྱ་སྤུ་དང་ལོགས་དར་སྣ་ཅན་ཏེ་བཅུ་གཅིག །སྡེ་བརྒྱད་ཀྱི་མ་ཧཱ་དེ་བར་ཁོང་ངུར་སྨྲིག །དཀར་པོ། སེར་པོ། དམར་པོ། ནག་པོ་ལྔས་བྱས་པ་འཇའ་རིས་རྩེ་ལྷ་བྱའི་སྒྲོ་དང་ལོགས་དར་སྣ་ཅན་ཏེ་ལྔ། གཤིན་རྗེ་ཁོང་སྔོན། དཀར། ནག །དམར། སེར་ལྔས་བྱས་པ་འཇའ་རིས་རྩེ་འུག་སྒྲོ་དང་ལོགས་དར་སྣ་ཅན་ཏེ་ལྔ། བཙན་ལ་ཁོང་དམར་འཇའ་རིས་རྩེ་ཟེར་མོའི་སྒྲོ་དང་ལོགས་དར་དམར་ཅན་ལྔ། གནོད་སྦྱིན་ལ་ཁོང་ནག་པོ་གཉིས། དམར་པོ་གཅིག །དཀར་པོ་གཉིས་ཀྱིས་བྱས་པ་རྩེ་རྨ་བྱའི་སྒྲོ་དང་ལོགས་དར་ལྗང་ཅན་ཏེ་ལྔ། སྔགས་སྲུང་མར་ཁོང་སྨུག་པོ། ནག་པོ། དཀར་པོ། དམར་པོ། སྔོན་པོས་བྱས་པ་འཇའ་རིས་རྩེ་བྱ་ནག་གི་སྒྲོ་དང་ལོགས་དར་ནག་ཅན་ལྔ། བདུད་ལ་ཁོང་ནག་འཇའ་རིས་རྩེ་ལ་སྐྱུང་ཀའི་སྒྲོ་དང་ལོགས་དར་ནག་ཅན་ལྔ། ཕྱོགས་མདོས་བཞིའི་ཤར་མདོས་ལ་ཁོང་དཀར་འཇའ་རིས་རྩེ་ལ་ཐང་དཀར་གྱི་སྒྲོ་དང་ལོགས་དར་དཀར་གྱིས་བྱས་པ་ལྔ། ལྷོ་མདོས་ལ་ཁོང་སེར་འཇའ་རིས་ཅན་རྩེ་ལ་གསེར་བྱའི་སྒྲོ་དང་ལོགས་དར་སེར་གྱིས་བྱས་པ་ལྔ། ནུབ་མདོས་ལ་ཁོང་དམར་འཇའ་རིས་རྩེ་ལ་ཟེར་མོའི་སྒྲོ་དང་ལོགས་དར་དམར་ཅན་ལྔ། བྱང་མདོས་ལ་ཁོང་དམར་ནག་འཇའ་རིས་རྩེ་ལ་སྲིན་བྱ་དང་ལོགས་དར་ནག་ཅན་ལྔ། བརྟན་མ་བཅུ་གཉིས་ལ་སྔར་ཁྱུང་ཚང་འཐག་སྲོལ་འདུག་ཀྱང་མི་ལེགས་པས་ནམ་མཁའ་ཀུན་ཏུ་ཞལ་གཞན་ལས་ཆེ་བ་བྱས་པའི་བདུད་མོ་བཞིར་འཇའ་རིས་ཁོང་ནག་རྩེ་སྐྱུང་ཀའི་སྒྲོ་དང་ལོགས་དར་ནག་ཅན་བཞི། གནོད་སྦྱིན་མོ་བཞིར་ཁོང་དམར་འཇའ་རིས་རྩེར་རྨ་བྱའི་སྒྲོ་དང་ལོགས་དར་དམར་ཅན་བཞི། སྨན་བཙུན་བཞིར་ཁོང་དཀར་འཇའ་རིས་རྩེར་བྱ་དཀར་གྱི་སྒྲོ་དང་ལོགས་དར་དཀར་ཅན་བཞི། སྲིད་པ་སྤྱི་སྐོས་ཀྱི་ནམ་མཁའ་ཁོང་དཀར་པོ། སེར་པོ། དམར་པོ། སྔོན་པོ། ལྗང་གུ །ནག་པོ། སྨུག་པོ། ངུར་སྨྲིག །དམར་སྐྱ། དཀར་སེར། སེར་ནག །དམར་ནག །སྔོ་ནག །སྔོ་དམར། ལྗང་ནག་རྣམས་ཀྱིས་བྱས་པ་འཇའ་རིས་ཅན་རྩེ་ལ་བྱ་སྤུ་དང་ལོགས་ལ་དར་སྣ་བཏགས་པ་སུམ་ཅུ་རྩ་གཉིས་བསགས་པའི་ཕྱག་ལེན་ཡོད་ཀྱང་། ལྕགས་རི་ལའང་གཟུག་པར་གསུངས་པས་ད་དུང་ཉེར་བཞི་བསྣན་ཏེ་ལྔ་བཅུ་ང་དྲུག །ཁྱོན་ཡོངས་དྲིལ་ནམ་མཁའ་བརྒྱ་དང་བདུན་ཅུ་དོན་དྲུག་སྟེ། དེ་ཐམས་ཅད་ཀྱི་མགུལ་དུ་ཡུངས་དཀར་གྱི་གོང་བུ་རེ་བཏགས་སོ།། ༈ །།གཉིས་པ་རྒྱང་བུ་ནི། མ་མགོན་བཅུ་གཅིག །བདུད་བརྒྱད། སྔགས་སྲུང་གཙོ་འཁོར་ལྔ། གཟའ་གཙོ་འཁོར་ལྔ། བདུད་གཙོ་འཁོར་ལྔ། བདུད་མོ་བཞི་སྟེ་སུམ་ཅུ་རྩ་བརྒྱད་ལ་རྒྱང་བུ་ནག་པོ་སོ་བརྒྱད། ལྷ་བརྒྱད། ཤར་གྱི་རྒྱལ་ཆེན། ཕྱོགས་སྐྱོང་གཉིས། མ་ཧཱ་དེ་བ་གཙོ་འཁོར་ལྔ། ཤར་མདོས་གཙོ་འཁོར་ལྔ། སྨན་མོ་བཞི་སྟེ་ཉི་ཤུ་རྩ་ལྔ་ལ་རྒྱང་བུ་དཀར་པོ་ཉེར་ལྔ། གཤིན་རྗེ་བརྒྱད། གནོད་སྦྱིན་བརྒྱད། ལྷོའི་རྒྱལ་ཆེན། ཕྱོགས་སྐྱོང་གསུམ། གནོད་སྦྱིན་གཙོ་འཁོར་ལྔ། ཀླུ་གཙོ་འཁོར་ལྔ། བྱང་མདོས་གཙོ་འཁོར་ལྔ་སྟེ་སུམ་ཅུ་སོ་ལྔར་རྒྱང་བུ་སྔོན་པོ་སོ་ལྔ། བྱང་གི་རྒྱལ་ཆེན། ཕྱོགས་སྐྱོང་གཅིག །གཤིན་རྗེ་གཙོ་འཁོར་ལྔ། ལྷོ་མདོས་གཙོ་འཁོར་ལྔ་སྟེ་བཅུ་གཉིས་ལ་རྒྱང་བུ་སེར་པོ་བཅུ་གཉིས། ནུབ་ཀྱི་རྒྱལ་ཆེན། བཙན་གཙོ་འཁོར་ལྔ། ནུབ་མདོས་གཙོ་འཁོར་ལྔ། གནོད་སྦྱིན་མོ་བཞི་སྟེ་བཅོ་ལྔར་རྒྱང་བུ་དམར་པོ་བཅོ་ལྔ། ཕྱོགས་སྐྱོང་གསུམ་ལ་རྒྱང་ངུར་ཁ་གསུམ། ཕྱོགས་སྐྱོང་གཅིག་ལ་རྒྱང་སྨུག་གཅིག་དང་། གཅིག་ལ་རྒྱང་བུ་ལྗང་གུ་གཅིག །སྲིད་པ་སྤྱི་སྐོས་ཀྱི་རྒྱང་བུ་སྣ་ཚོགས་སུམ་ཅུ་སོ་གཉིས་ཏེ། ཁྱོན་རྒྱང་བུ་བརྒྱ་དང་དྲུག་ཅུ་རེ་གཉིས་པོ་ཐམས་ཅད་ལ་ཉི་ཟླས་བརྒྱན་པའོ།། ༈ །།གསུམ་པ་མདའ་ནི། མགོན་པོ་དྲུག །རེ་མ་ཏི་བཞི། བདུད་བརྒྱད། སྔགས་སྲུང་མ་ལྔ། བདུད་ལྔ། བྱང་མདོས་ལྔ་སྟེ་སོ་གསུམ་ལ་མདའ་ནག་རང་རྟགས་ཕྱག་མཚན་རིས་སུམ་ཅུ་སོ་གསུམ། ལྷ་བརྒྱད། ཤར་མདོས་ལྔ་སྟེ་བཅུ་གསུམ་ལ་མདའ་དཀར་རང་རྟགས་ཕྱག་མཚན་རིས་བཅུ་གསུམ། གཤིན་རྗེ་བརྒྱད། གནོད་སྦྱིན་བརྒྱད། གནོད་སྦྱིན་ལྔ། ཀླུ་ལྔ་སྟེ་ཉེར་དྲུག་ལ་མདའ་སྔོན་རང་རྟགས་ཕྱག་མཚན་ཅན་ཉི་ཤུ་རྩ་དྲུག །རྒྱལ་ཆེན་བཞི། ཕྱོགས་སྐྱོང་བཅུ་གཅིག །མ་ཧཱ་དེ་བ་ལྔ། གཤིན་རྗེ་ལྔ། བཙན་ལྔ། གཟའ་ལྔ། བརྟན་མ་བཅུ་གཉིས་རྣམས་ཏེ་ཞེ་བདུན་ལ་མདའ་ཁྲ་རང་རྟགས་ཕྱག་མཚན་རིས་ཞེ་བདུན། ལྷོ་མདོས་ལ་མདའ་སེར་རང་རྟགས་ཕྱག་མཚན་ཅན་ལྔ། སྲིན་མོ་རེ་མ་ཏི་དང་། ནུབ་མདོས་ལ་གཙོ་འཁོར་ལྔ་ལ་མདའ་དམར་རང་རྟགས་ཕྱག་མཚན་ཅན་ཏེ་དྲུག །སྲིད་པ་སྤྱི་སྐོས་ལ་མདའ་ཁྲ་སུམ་ཅུ་སོ་གཉིས་ཏེ། ཁྱོན་མདའ་བརྒྱ་རེ་གཉིས་པོ་ཐམས་ཅད་ལ་འགྲུབ་ན་སྒྲོ་དང་མདེའུ་བསྐྱོན་ཞིང་། ཐ་ནའང་མ་མགོན་བཅུ་གཅིག་ཙམ་ལ་མ་གྲུབ་པའི་ཐབས་མེད་དོ།། ༈ །།བཞི་པ་འཕང་ནི། མ་མགོན་བཅུ་གཅིག །བདུད་བརྒྱད་དེ་བཅུ་དགུར་འཕང་ནག་གསེར་གཡུའི་མེ་ལོང་ཅན་བཅུ་དགུ །ལྷ་བརྒྱད་ལ་འཕང་དཀར་གསེར་གཡུའི་མེ་ལོང་ཅན་བརྒྱད། གཤིན་རྗེ་བརྒྱད་དང་གནོད་སྦྱིན་བརྒྱད་ལ་འཕང་སྔོན་གསེར་གྱི་མེ་ལོང་ཅན་བཅུ་དྲུག །རྒྱལ་ཆེན་བཞི་ལ་འཕང་ཁྲ་གསེར་གཡུའི་མེ་ལོང་ཅན་བཞི། ཕྱོགས་སྐྱོང་བཅུ་གཅིག་ལ་བསེ་འཕང་གཡུའི་མེ་ལོང་ཅན་བཅུ་གཅིག །མ་ཧཱ་དེ་བར་འཕང་དཀར་གསེར་གྱི་མེ་ལོང་ཅན་ལྔ། གཤིན་རྗེར་འཕང་སེར་གཡུའི་མེ་ལོང་ཅན་ལྔ། བཙན་ལ་འཕང་དམར་དུང་གི་མེ་ལོང་ཅན་ལྔ། གནོད་སྦྱིན་ལ་འཕང་སྔོན་གསེར་གྱི་མེ་ལོང་ཅན་ལྔ། སྔགས་སྲུང་མར་ལྕགས་འཕང་ནག་པོ་དུང་གི་མེ་ལོང་ཅན་ལྔ། ཀླུ་ལ་འཕང་སྔོན་གསེར་གྱི་མེ་ལོང་ཅན་ལྔ། གཟའ་ལ་འཕང་སྔོན་དུང་གི་མེ་ལོང་ཅན་ལྔ། བདུད་ལ་འཕང་ནག་དུང་གི་མེ་ལོང་ཅན་ལྔ། ཤར་མདོས་ལ་འཕང་དཀར་མཆོང་གི་མེ་ལོང་ཅན་ལྔ། ལྷོ་མདོས་ལ་འཕང་སེར་གཡུའི་མེ་ལོང་ཅན་ལྔ། ནུབ་མདོས་ལ་འཕང་དམར་དུང་གི་མེ་ལོང་ཅན་ལྔ། བྱང་མདོས་ལ་འཕང་སྔོན་གསེར་གྱི་མེ་ལོང་ཅན་ལྔ། བརྟན་མ་བཅུ་གཉིས་ལ་འཕང་ཁྲ་གསེར་གཡུའི་མེ་ལོང་ཅན་བཅུ་གཉིས། སྲིད་པ་སྤྱི་སྐོས་སུ་འཕང་ཁྲ་སུམ་ཅུ་སོ་གཉིས་ཏེ་ཁྱོན་དྲིལ་བས་བརྒྱ་རེ་གཉིས་སོ།། ༈ །།ལྔ་པ་བྲིས་ཀྱི་སྐོར་ལ་མདའ་རིས་དང་། ཤིང་རིས་གཉིས་ལས། དང་པོ་མདའ་རྟགས་ཀྱི་རི་མོ་ནི། ཡེ་ཤེས་ཀྱི་མགོན་པོ་ལ་བེང་དང་ཐོད་ཁྲག་རིས། ཐུགས་མགོན་ལ་གྲི་གུག་དང་ཐོད་ཁྲག་རིས། སྐུ་མགོན་ལ་བེང་དང་རྒྱུ་ཞགས་རིས། གསུང་མགོན་ལ་རྩེ་གསུམ་དང་སྙིང་ཞགས་རིས། ཕྲིན་ལས་མགོན་པོར་གྲི་གུག་དང་ཐོད་ཁྲག་རིས། ལས་མགོན་ལ་ལྕགས་ཀྱུ་དང་ཐོད་ཁྲག་རིས། ཡེ་ཤེས་མ་མོར་ཤང་ལང་དང་ཐོད་ཁྲག་རིས། བདུད་མོ་རེ་མ་ཏིར་ཁྲམ་ཤིང་དང་ཤོ་རྡེ་རིས། གཤིན་རྗེ་རེ་མ་ཏི་ལ་རལ་གྲི་དང་ནེའུ་ལེ་རིས། སྲིན་མོ་རེ་མ་ཏིར་ཁྲག་རྐྱལ་དང་ཟོར་བ་རིས། གནོད་སྦྱིན་རེ་མ་ཏིར་རལ་གྲི་དང་ཐོད་ཁྲག་རིས། ཡུལ་འཁོར་སྲུང་ལ་པི་ཝཾ་རིས། འཕགས་སྐྱེས་པོར་རལ་གྲི །མིག་མི་བཟང་ལ་སྦྲུལ་ཞགས། རྣམ་སྲས་ལ་མདུང་དམར། བརྒྱ་བྱིན་རྡོ་རྗེ། གཤིན་རྗེ་ཐོད་དབྱུག །ཆུ་ལྷ་སྦྲུལ་ཞགས། གནོད་སྦྱིན་བེ་ཅོན། མེ་ལྷ་ལ་མེ་རིས། སྲིན་པོར་རལ་གྲི །རླུང་ལྷར་བ་དན། དབང་ལྡན་ལ་རྩེ་གསུམ། ཉི་མར་པདྨའི་ཞགས་པ། ཟླ་བར་ཨུཏྤལ་སྔོན་པོ། ས་བདག་ལ་རྡོ་རྗེ་དང་བུམ་པ་རིས། ལྷ་ཆེན་བརྒྱད་ལ། ཚངས་པར་དབྱུག་པ་དང་གུནྡྷེ། བརྒྱ་བྱིན་ལ་སྤུ་གྲི །ཚོགས་བདག་ལ་ཕུབ་དང་ལ་ཕུག །དྲག་པོར་ཕྲེང་བ། བྷྲྀང་གི་རི་ཏིར་གུནྡྷེ། དགའ་བྱེད་དབང་ཕྱུག་མདའ་གཞུ། སྨིན་དྲུག་གསེར་བུམ། བིཥྚི་པ་ཏྲ་ཟངས་ཀྱི་ཐོང་གཤོལ། གཤིན་རྗེ་བརྒྱད་ལ་ཐོད་དབྱུག་རིས། བདུད་པོ་བརྒྱད་ལ་ཁྲམ་ཤིང་རིས། ཛམྦྷ་ལར་བཱི་ཛ་པཱུ་ར། ནོར་བུ་བཟང་པོར་ལྕགས་ཀྱུ། གང་བ་བཟང་པོར་མདུང་། དབང་པོར་ཞགས་པ། པི་ཙི་ཀུཎྜ་ལིར་ནོར་བུ། སྒོ་དབང་རིན་ཆེན་དབྱུག་པ། ཀེ་མ་ལ་རིན་ཆེན་ལྕགས་ཀྱུ། རྡོ་རྗེ་བདུད་འདུལ་རྩེ་གསུམ། སྡེ་བརྒྱད་ལ། དབང་ཕྱུག་རྩེ་གསུམ་ཞགས་པ་རིས་དང་། འཁོར་བློན་པོ་བཞིར་དངུལ། གསེར། ཟངས། ལྕགས་བཞིའི་མདའ་གཞུ་རེ། གཤིན་རྗེ་ཆོས་རྒྱལ་བེ་ཅོན་ཞགས་པ། འཁོར་མོན་པ་བཞི་ལ་སྙིང་རིས་རེ། ཡམ་ཤུད་ལ་ཟངས་གྲི་ཤྭ་རྡེ་དང་། འཁོར་བཞི་ལ་མདའ་རིས་ཕྱོགས་ཚོན་ཅན་རེ། སོ་ཀ་རཱ་ཛར་ཁྲམ་ཞགས་དང་། འཁོར་བཞིར་དབྱུག་འཁར་སྔོ་དམར་དཀར་གསུམ་དང་ཐོད་དབྱུག །ཀླུ་བདུད་ལ་སྦྲུལ་སྔོན་ནད་རྐྱལ་དང། འཁོར་བཞིར་ཕྱོགས་ཚོན་ཅན་གྱི་སྦྲུལ་རེ། ཁྱབ་མཇུག་ལ་སྦྲུལ་ཞགས་དང་། འཁོར་བཞིར་ཐོག་མདེ་རིས་རེ། བདུད་རོལ་པ་རྐྱ་གཅིག་ལ་ཁྲམ་བམ་བདུད་ཞགས་དང་། འཁོར་བཞིར་ཟངས་ལྕགས་གཡུ་བསེ་བཞིའི་འཁར་བ་རེ། ཨེ་ཀ་ཛཱ་ཊིར་སྤྱང་སྔོན་དང་མེ་ལོང་། འཁོར་བཞིར་དར་མདུང་ནག་པོ། །དར་ནག །ལྕགས་ཀྱི་གཏུན་བུ། རྩེ་གསུམ་བཞིའི་རིས། སྲོག་བདག་ལ་སྤུ་གྲི་ཞགས་པ། པེ་ཧར་ལ་གསེག་ཤང་། རྡོར་ལེགས་རྡོ་རྗེ། སྲིན་པོར་ཤང་ལང་གྲི་གུག །སྐྱི་མཐིང་ཡ་མར་ཟངས་ཕུར། གངས་ཀྱི་ཡུམ་ཆེན་རྡོ་རྗེ། ཁ་རག་ཁྱུང་བཙུན་མདའ། མ་བཙུན་ཁུག་ཆོས་སེང་ལྡེང་ཕུར་བུ། ཀོང་བཙུན་དེ་མོ་ཁྲག་གི་བུམ་པ། ཤ་མེད་གངས་དཀར་ཁྲག་རྐྱལ། འབྲོག་སྲིན་འཁོར་འདུལ་ལྕགས་ཕུར། རྨ་ཏིང་ཏིང་མོ་མཆོང་གི་ཕུར་བུ། གཡུའི་དྲིལ་བུ་གཡུ་དྲིལ། དཀར་མོ་མིག་གཅིག་ཞིང་དབྱུག །བཙན་ལ་ལ་རོག་བ་སོའི་ཕུར་བུ། གངས་ཀྱི་ལ་རོ་སྨན་བྱ་རྒོད་ཀྱི་གཤོག་ཕུར་རིས་རྣམས་ཏེ། མདའ་ཐམས་ཅད་ཀྱི་སྒྲོའི་བར་དུ་རྡོ་རྗེ་རེ་ཡང་བྲིའོ།། ༈ །།གཉིས་པ་ཤིང་རིས་ལ་གཉིས་ཀྱི། དང་པོ་དྲེགས་པ་སོ་སོའི་སྐུ་བརྙན་ལས་མ་མགོན་ནི། གཙོ་བོ་ཡེ་ཤེས་ཀྱི་མགོན་པོ་མཐིང་ནག་ཞལ་གསུམ་དཀར་དམར་མཐིང་། ཕྱག་དྲུག་གཡས་གསུམ་བེང་། རྡོ་རྗེ། ལྕགས་ཕུར། གཡོན་གསུམ་ཐོད་ཁྲག །དགྲ་སྙིང་དང་བཅས་པའི་དབྱུག་ཏོ། སྦྲུལ་ཞགས། དར་ནག་གི་བེར་དང་དུར་ཁྲོད་ཀྱི་ཆས་ཅན། ཞབས་གཉིས་གཡོན་བརྐྱང་དོར་སྟབས་ཀྱིས་པད་ཉི་དགྲ་བགེགས་ཀྱི་གདན་ལ་འགྱིང་བ། ཐུགས་མགོན་མཐིང་ནག་གྲི་གུག་ཐོད་ཁྲག་དགྲ་བགེགས་ཀྱི་གདན་ལ་ཞབས་གཡོན་བརྐྱང་། དར་ནག་གི་བེར་དང་དུར་ཁྲོད་ཀྱི་ཆས་ཅན། སྐུ་མགོན་མཐིང་ནག་བེང་དང་ལྕགས་པར་དར་ནག་གི་བེར་དང་དུར་ཁྲོད་ཆས་ཅན་སྟག་ལ་ཞོན་པ། གསུང་མགོན་ནག་པོ་དར་མདུང་རྩེ་གསུམ་དང་བདུད་ཞགས་དར་ནག་གི་བེར་དང་དུར་ཁྲོད་ཀྱི་ཆས་ཅན་རྟ་ནག་ལ་ཞོན་པ། ཕྲིན་ལས་ཀྱི་མགོན་པོ་ནག་པོ་བྱ་རོག་གི་གདོང་ཅན་གྲི་གུག་དང་ཐོད་ཁྲག་དུར་ཁྲོད་ཀྱི་ཆས་ཅན་བྱ་རོག་ལ་ཞོན་པ། ༈ ལས་མགོན་ནག་པོ་སྤྲེའུའི་གདོང་ཅན་གྲི་གུག་དང་ཐོད་ཁྲག་དུར་ཁྲོད་ཀྱི་ཆས་ཅན་དང་། དེའི་གཡོན་དུ་ཡུམ་ནག་མོ་སྤྲེལ་གདོང་ལྕགས་ཀྱུ་དང་ཐོད་ཁྲག །གཙོ་མོ་འདོད་ཁམས་མ་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ཤང་ལང་དང་ཐོད་ཕྲེང་། གཡོན་གཉིས་ཐོད་ཁྲག་དང་རྩེ་གསུམ། གླང་ཀོའི་སྟོད་གཡོགས་དང་། རེ་ལྡེའི་སྨད་དཀྲིས་སོགས་མ་མོའི་ཆས་ཅན། བོང་བུ་གྭ་པ་ལ་འཆིབ་པ། བདུད་མོ་རེ་མ་ཏི་མཐིང་ནག་སྤྱན་གཅིག་ཚེམས་གཅིག་ནུ་གཅིག་ཁྲམ་ཤིང་དང་ཤྭ་རྡེ་བསྣམས་པ་དྲེལ་ལ་ཞོན་པ། གཤིན་རྗེ་རེ་མ་ཏི་མཐིང་ནག་རལ་གྲི་དང་ནེའུ་ལེ་བསྣམས་པ་བོང་བུ་གྭ་དམར་ལ་ཞོན་པ། སྲིན་མོ་རེ་མ་ཏི་དམར་མོ་སྤྲིན་དམར་གྱི་སློག་པ་ཅན་ཁྲག་རྐྱལ་དང་ཟོར་བ་བསྣམས་པ་དྲེལ་ཞོན། གནོད་སྦྱིན་རེ་མ་ཏི་ནག་མོ་མི་ལྤགས་ཀྱི་གོས་ཅན་རལ་གྲི་དང་ཐོད་ཁྲག་བསྣམས་པ་དྲེལ་ཞོན། དེ་ཐམས་ཅད་མ་མོའི་ཆས་ཅན་ནོ། ༈ །དེ་ནས་ནང་གཡོག་བརྒྱད་ནི། སྐུའི་མོན་པ་ནག་པོ་ཏྲི་ཤཱུལ་རྩེར་མི་རོ་འཕྱང་བ། གསུང་མོན་སྔོ་ནག་རྭ་དུང་འབུད་པ། ཐུགས་མོན་ནག་པོ་སྤུ་གྲི་དང་སྙིང་ཐོགས། སྐྱི་མཐིང་མ་ནག་མོ་གོས་སེར་ཅན་སྙིང་ཐོགས་ཤིང་ཤ་བ་ཞོན་པ། བ་ལམ་མ་ནག་མོ་དར་ནག་གི་གོས་ཅན་ཞིང་ལྤགས་ཀྱི་གཡབ་མོ་རྡེབ་ཅིང་དྲེལ་ལ་ཞོན་པ། ཁྲི་སྨན་སྨུག་ནག་ཟང་ཟང་གི་བེར་ཅན་ཆུ་སྲིན་གྱི་གཡང་གཞི་ཐོགས་ནས་སོ་བྱ་རོག་པོ་ཞོན་པ། ཀླུ་མོ་ནག་མོ་ཆུ་སྲིན་གྱི་མགོ་ཅན་ཐོད་ཁྲག །མ་ཡམས་ནག་མོ་འབྲིའུ་སྟོད་དཀར་གྱི་གོས་ཅན་ཁྲག་གི་ཟོར་ཀོང་ཐོགས་ནས་མཛོ་མོ་ཞོན་པ། ༈ དེ་ནས་རྒྱལ་ཆེན་བཞི་ནི། ཡུལ་འཁོར་སྲུང་དཀར་པོ་དུང་གི་ཁྲབ་རྨོག་ཅན་པི་ཝཾ་ཐོགས་ནས་རྟ་དཀར་ཞོན་པ། འཕགས་སྐྱེས་པོ་སྔོན་པོ་ཁྲབ་རྨོག་སྔོན་པོ་རལ་གྲི་ཅན་རྟ་སྔོན་པོ། མིག་མི་བཟང་དམར་པོ་ཁྲབ་རྨོག་དམར་པོ་སྦྲུལ་ཞགས་རྟ་དམར། རྣམ་ཐོས་སྲས་སེར་པོ་གསེར་གྱི་ཁྲབ་རྨོག་མདུང་དང་ནེའུ་ལེ་ཅན་རྟ་ངང་པ་ལ་ཞོན་པ། ༈ ཕྱོགས་སྐྱོང་བཅུ་གཅིག་ནི། བརྒྱ་བྱིན་དཀར་པོ་རྡོ་རྗེ་ཅན་གླང་ཆེན་ལ་ཞོན་པ། གཤིན་རྗེ་མཐིང་ནག་རལ་པ་ཅན་ཐོད་དབྱུག་ཞགས་པ་འཛིན་པ་མ་ཧེ་སྔོ་ནག་ཞོན་པ། ཆུ་ལྷ་དཀར་སེར་རལ་པ་ཅན་སྦྲུལ་ཞགས་དང་ནོར་བུ་ཐོགས་པ་ཆུ་སྲིན་སྔོན་པོ་ལ་ཞོན་པ། གནོད་སྦྱིན་མཐིང་ནག་རལ་པ་ཅན་གསེར་གྱི་བེ་ཅོན་ཐོགས་པ་སེང་གེར་ཞོན་པ། མེ་ལྷ་དམར་སེར་རལ་པ་ཅན་མེ་དཀྱིལ་བསྣམས་པ་ར་སྐྱེས་ཁམ་པ་ཞོན་པ། སྲིན་པོ་སྨུག་ནག་རལ་པ་ཅན་རལ་གྲི་དང་རྒྱུ་ཞགས་ཐོགས་པ་མི་རྒོད་ཞོན་པ། རླུང་ལྷ་ལྗང་གུ་རལ་པ་ཅན་བ་དན་འཕྱར་བ་ཤ་བ་ཞོན་པ། དབང་ལྡན་སྔོ་སྐྱ་རལ་པ་ཅན་རྩེ་གསུམ་ཐོགས་པ་བ་ལང་དཀར་པོ་ཞོན་པ། ཉི་མ་དམར་སེར་རལ་པ་ཅན་པདྨའི་ཞགས་པ་ཐོགས་པ་རྟ་དམར་ཕྲུམ་སྔོན་ཞོན་པ། ཟླ་བ་དཀར་པོ་ཨུཏྤལ་བསྣམས་པ་ངང་པ་དཀར་པོ་ཞོན་པ། སའི་ལྷ་མོ་སེར་པོ་རྡོ་རྗེ་དང་བུམ་པ་ཐོགས་པ་ཕག་དམར་སེར་ཞོན་པ། ༈ དེ་ནས་རུ་འདྲེན་གྱི་ལྷ་བརྒྱད་ནི། ཚངས་པ་དམར་སེར་གདོང་བཞི་པ་ཤེལ་ཁྲབ་ཅན་དབྱུག་པ་དང་གུནྡྷེ་བསྣམས་པ་གླང་པོ་ཞོན་པ། བརྒྱ་བྱིན་དཀར་པོ་དར་དཀར་གྱི་གོས་ཅན་རྡོ་རྗེ་སྤུ་གྲི་བསྣམས་པ་གླང་ཆེན་ཞོན་པ། ཚོགས་བདག་སེར་པོ་གསེར་ཁྲབ་ཅན་ཕུབ་དང་ལ་ཕུག་འཛིན་པ་བྱི་བ་སྔོན་པོ་ཞོན་པ། དྲག་པོ་སྨུག་ནག་བསེ་ཁྲབ་ཅན་ཕྲེང་བ་བསྣམས་པ་ཆུ་སྲིན་ལ་ཞོན་པ། བྷྲིངྒི་རི་ཏི་སྔོན་པོ་གཡུ་ཁྲབ་ཅན་སྤྱི་བླུགས་བསྣམས་པ་རྟ་དམར་ཞུར་པོ་འཆིབ་པ། དགའ་བྱེད་དབང་ཕྱུག་ནག་པོ་ལྕགས་ཁྲབ་ཅན་མདའ་གཞུ་འགེངས་པ་གླང་རྒོད་ཞོན་པ། གདོང་དྲུག་སེར་པོ་གསེར་ཁྲབ་ཅན་བུམ་པ་བསྣམས་པ་ཁྱིམ་བྱ་དཀར་པོ་ཞོན་པ། བིཥྚི་པ་ཏྲ་དམར་སེར་བསེ་ཁྲབ་ཅན་ཟངས་ཀྱི་གཤོལ་འཛིན་པ་རླུང་ལ་ཞོན་པ། བརྒྱད་ཀ་དར་དང་པྲོག་ཞུ་སོགས་རིན་པོ་ཆེའི་རྒྱན་ཅན་ནོ། ༈ །བདུད་བརྒྱད་ནི། རྐོས་རྗེ་དྲང་དཀར་ནག་པོ་སེང་མགོ་ཅན་ཁྲག་རལ་བེར་ནག་གྱོན་པ་སྦྲུལ་དང་ཁྲམ་ཤིང་བསྣམས་པ་རྟ་ནག་ཞོན་པ། ནག་པོ་བཀྲག་མེད་ནག་པོ་རལ་གྲི་རྩེ་གསུམ་པ་དང་བདུད་ཞགས་དྲེལ་ནག་ཞོན་པ། ཡ་བ་ནག་པོ་ཐོར་ཚུགས་ཅན་ཞགས་ནག་དང་རལ་གྲི་བསྣམས་པ་ཞིང་ལྤགས་གྱོན་ཞིང་མི་མགོའི་དོ་ཤལ་བྱས་པ་རྟ་ནག་ལ་ཞོན་པ། རྔམས་པ་དུང་མགོ་དམར་པོ་སྟག་ལྤགས་ཀྱི་སློག་པ་གྱོན་པ་རལ་གྲི་དང་སྙིང་ཐོགས་ནས་བ་ལང་དམར་པོ་ཞོན་པ། ནག་པོ་སྤྱི་རིང་ནག་པོ་འུག་མགོ་རལ་པ་དམར་པོ་ཅན་བྱ་ནག་གི་ཐུལ་པ་དང་སྤྲེལ་མགོའི་དོ་ཤལ་བྱས་པ་བདུད་ཞགས་དང་རལ་གྲི་ཐོགས་ནས་བྱ་ནག་ལ་ཞོན་པ། སྟག་གུ་སྤྱན་གཅིག་ནག་པོ་སྟག་གི་མགོ་ཅན་དཔྲལ་བ་ན་མིག་གཅིག་པ་ཞིང་ལྤགས་གྱོན་ཞིང་སྤུ་གྲི་དང་སྙིང་ཐོགས་པ་རྟ་ནག་ཞོན་པ། སྟག་གི་མགོ་ཅན་དམར་པོ་མེའི་རལ་པ་ཅན་འཇའ་ཚོན་གྱི་ཐུལ་པ་གྱོན་པ་ཁྲམ་ཞགས་ཐོགས་ནས་རྟ་ནག་ལ་ཞོན་པ། འཛུམ་མེད་ནག་པོ་བསེའི་རལ་པ་དང་སྟག་ལྤགས་ཀྱི་གོས་ཅན་ཁྲམ་དང་རལ་གྲི་རྩེ་གསུམ་པ་ཐོགས་ནས་གླང་ཆེན་སྔོན་པོ་ཞོན་པ། ༈ གཤིན་རྗེ་བརྒྱད་ནི། ཡ་མ་རཱ་ཙ་མཐིང་ནག་ཞལ་གཅིག་ཕྱག་བཞི་པ་གཡས་གཉིས་དབྱུག་ཐོ་དང་རལ་གྲི་གཡོན་གཉིས་ཞགས་པ་དང་རལ་གྲི་བསྣམས་ནས་མ་ཧེ་སྔོ་ནག་ལ་ཞོན་པ། ཕྱ་སངས་དཀར་སེར་ཞལ་གཅིག་ཕྱག་བཞི་པ་གཡས་དབྱུག་ཐོ་འཁོར་ལོ་གཡོན་ཞགས་པ་མེ་དཔུང་ཉི་ཟླར་ཞོན་པ། ཡ་བ་ཏི་སྔོ་ནག་ཞལ་གཅིག་ཕྱག་བཞི་པ་གཡས་དབྱུག་ཞགས་དང་རལ་གྲི་གཡོན་པ་ཞགས་པ་དང་དགྲ་སཏྭ་ཆུ་གླང་སྔོན་པོ་ཞོན་པ། ཏེལ་པ་ནག་པོ་ཞལ་གཅིག་ཕྱག་བཞི་གཡས་དབྱུག་ཐོ་དང་མདའ་གཡོན་ཞགས་པ་དང་གཞུ་རྔ་མོང་ཞོན་པ། ཨ་བ་གླང་མགོ་དུད་ཀ་ཞལ་གཅིག་ཕྱག་བཞི་གཡས་དབྱུག་ཏོ་དང་ལྕགས་ཀྱུ་གཡོན་ཞགས་པ་དང་ལྕགས་སྒྲོག་དྲེའུ་ཞོན་པ། རྨིག་པ་སྔོ་ནག་ཞལ་གཅིག་ཕྱག་བཞི་གཡས་དབྱུག་ཐོ་བེར་ཀ་གཡོན་ཞགས་པ་མདུང་ཐུང་ཤ་ཕོ་ཞོན་པ། རལ་པ་ཚལ་དགུ་མཐིང་ནག་ཞལ་གཅིག་ཕྱག་བཞི་གཡས་དབྱུག་ཐོ་རལ་གྲི་གཡོན་གཉིས་སྙིང་དང་དུག་སྦྲུལ་ཞོན་པ། མིག་དམར་དམར་ནག་ཞལ་གཅིག་ཕྱག་བཞི་གཡས་དབྱུག་ཏོ་རྩེ་གསུམ་གཡོན་ཞགས་པ་དང་སྤུ་གྲི་ལུག་ལ་ཞོན་པ། བརྒྱད་ཀ་རལ་པ་ཅན་འཇིགས་པའི་ཆས་ཅན་ནོ། ༈ །གནོད་སྦྱིན་བརྒྱད་ནི། ཛམྦྷ་ལ་སེར་པོ་བཱི་ཛ་པཱུ་ར་དང་ནེའུ་ལེ་རྟ་ངང་པ་ལ་ཞོན་པ། ནོར་བཟང་དམར་པོ་ལྕགས་ཀྱུ་དང་བཱི་ཛ་པཱུ་ར་རྟ་སེར་པོ་ཞོན་པ། གང་བཟང་སེར་པོ་མདུང་ཐུང་དང་རལ་གྲི་དུང་ཁྲབ་ཅན་རྟ་སྔོན་ཞོན་པ། དབང་པོ་སྔོན་པོ་ཞགས་པ་དང་རྡོ་རྗེའི་ལྕགས་ཀྱུ་ལྕགས་ཁྲབ་ཅན་རྟ་ལ་ཞོན་པ། པི་ཙི་ཀུཎྜ་ལཱི་དམར་པོ་ནོར་བུ་དང་མདུང་དམར་རྟ་ལ་ཞོན་པ། སྒོའི་དབང་པོ་སེར་པོ་རིན་པོ་ཆེའི་དབྱུག་པ་དང་ནེའུ་ལེ་རྟ་ལ་ཞོན་པ། ཀེ་མཱ་ལ་ལྗང་གུ་རིན་པོ་ཆེའི་ལྕགས་ཀྱུ་དང་བཱི་ཛ་པཱུ་ར་རྟ་ལ་ཞོན་པ། རྡོ་རྗེ་བདུད་འདུལ་མཐིང་ནག་དར་མདུང་རྩེ་གསུམ་པ་དང་ཐོད་ཁྲག་དར་ནག་བེར་ཅན་རྟ་ལ་ཞོན་པ། བརྒྱད་ཀ་སྦོམ་ཞིང་ཐུང་ལ་གསུས་པ་ཆེ་བ་དར་དང་རིན་པོ་ཆེའི་རྒྱན་ཅན་ནོ། ༈ །དེ་ནས་ལྷ་སྲིན་སྡེ་བརྒྱད་ནི། མ་ཧཱ་དེ་བ་མཐིང་ནག་ཁྲོ་བརྗིད་ཅན་གཡས་བ་དན་དཔྱངས་པའི་མདུང་རྩེ་གསུམ་པ་དང་གཡོན་ཞགས་པ་གཡུ་འབྲུག་ལ་ཞོན་པ། འཁོར་བློན་པོ་བཞི་པོ་སྐུ་མདོག་དཀར་སེར་དམར་ནག་ཅན་རང་མདོག་དང་མཚུངས་པའི་མདའ་གཞུ་འགེང་ཞིང་འབྲུག་ལ་ཞོན་པ། ༈ གཤིན་རྗེ་ཆོས་རྒྱལ་སྔོ་ནག་བེ་ཅོན་དང་གཡོན་སྡིགས་མཛུབ་ཞགས་པ་དང་བཅས་པ་ཐོད་ཕྲེང་གི་ག་ཤ་ཅན་སྟག་ལྤགས་དང་སྦྲུལ་རྒྱན་ཅན་མ་ཧེ་སྔོ་ནག་ལ་ཞོན་པ། འཁོར་མོན་པ་བཞི་དཀར་པོ་སེང་གདོང་། ནག་པོ་སྟག་མགོ །དམར་པོ་དྲེད་མགོ །སེར་པོ་ཁྱུང་གདོང་སྟེ་བཞི་ཀ་སྙིང་བསྣམས་པ། ༈ བཙན་ཡམ་ཤུད་སྐུ་མདོག་དམར་པོ་སྟག་ལྤགས་ཀྱི་སློག་པ་ཅན་བསེའི་ཟངས་གྲི་དང་ཟངས་ཞགས་ཐོགས་པ་རྟ་དམར་ལ་ཞོན་པ། འཁོར་འབྱུང་བཞིའི་བཙན་དཀར་དམར་ནག་ལྗང་བཞི་ཐོག་མདས་མདེའུ་བྱས་པའི་མདའ་འཕེན་པ། ༈ གནོད་སྦྱིན་སོ་ཀ་རཱ་ཙ་དཀར་པོ་ལྕགས་ཀྱི་རལ་པ་ཅན་ཁྲམ་བམ་དང་རྒྱུ་ཞགས་ཐོགས་པ་རྔམ་པའི་གཟུགས་ཅན། འཁོར་འཕྲང་སྒུག་བཞི་ནི་མི་ནག་ལྕགས་རལ་ལྕགས་ཀྱི་འཁར་བ་ཐོགས་པ། དམར་པོ་ཟངས་རལ་གོས་དམར་ཅན་བྱུ་རུའི་འཁར་བ། དཀར་པོ་དུང་རལ་གོས་དཀར་དང་རིན་པོ་ཆེའི་རྒྱན་ཅན་དུང་གི་འཁར་བ། ནག་པོ་ཁྲག་རལ་ཐོད་དབྱུག་དང་ཐོད་ཁྲག་ཐོགས་པ། ༈ མ་མོ་ཨེ་ཀ་ཛཱ་ཊི་སྨུག་ནག་མཆེ་གཅིག་སྤྱན་གཅིག་རལ་གཅིག་གཡས་གཡུ་སྤྱང་དང་གཡོན་མེ་ལོང་ཐོགས་པ་བོང་བུ་ནག་པོ་ཞོན་པ། འཁོར་ཕུང་བྱེད་མ་བཞི་ནི། ནག་མོ་གཅེར་བུ་དར་མདུང་ནག་པོ་དང་མདའ་གཞུ་ཐོགས་པ། དམར་པོ་གླང་ཀོའི་སྟོད་གཡོགས་དང་ཞིང་ལྤགས་ཀྱི་ཤམ་ཐབས་ཅན་དར་ནག་གི་གཡབ་མོ་དང་རལ་གྲི། སེར་ནག་མི་མགོའི་དོ་ཤལ་དང་རལ་པའི་ཐོར་ཚུགས་ཅན་ལྕགས་གཏུན་དང་རལ་གྲི། སྔོན་མོ་ཞི་ཚུལ་ཅན་སྦྲུལ་དང་ཐོད་ཕྲེང་གིས་བརྒྱན་པ་རྩེ་གསུམ་དང་ལྕགས་ཀྱུ་ཐོགས་པའོ། ༈ །ཀླུ་འཆི་བདག་ནག་པོ་མི་ལུས་སྦྲུལ་མགོ་དགུའི་གདེང་ཀ་སྐུ་སྨད་སྦྲུལ་མཇུག་ཕྱག་གཡས་བརྒྱད་ན་སྦྲུལ་ཞགས་དང་གཡོན་བརྒྱད་ནད་རྐྱལ་ཐོགས་པ། སྦྱོར་ཡུམ་བུད་མེད་ལུས་ལ་སྦྲུལ་མཇུག་ཅན་ཕྱག་གཉིས་སྦྲུལ་ཞགས། རིགས་བཞིའི་ཀླུ་ནི། རྒྱལ་རིགས་གླང་གི་མགོ་ཅན་དཀར། རྗེ་རིགས་སྦལ་མགོ་ཅན་སེར། དམངས་རིག་རྩངས་པའི་མགོ་ཅན་ལྗང་ནག །བྲམ་ཟེའི་རིགས་སྡིག་པའི་མགོ་ཅན་དམར་པོ་སྟེ་བཞི་ཀ་སྦྲུལ་གྱི་གདེངས་ཀ་དང་སྦྲུལ་མཇུག་ཅན་ཕྱག་ན་སྦྲུལ་ཞགས་བསྣམས་པའོ། ༈ །གཟའ་བདུད་རཱ་ཧུ་ལ་དུད་ཀ་མགོ་དགུ་བྱ་རོག་གི་ཞལ་དང་བཅས་མིག་གིས་ལུས་གང་ཞིང་སྐུ་སྨད་ལ་སྦྲུལ་མཇུག་ཅན་ཕྱག་གཉིས་གཡས་ཆུ་སྲིན་གྱི་ཞགས་པ་དང་གཡོན་རའི་མདའ་གཞུ་ཐོགས་པ། འཁོར་གདོང་མོ་བཞི་ནི། སྲིན་མོ་སྟག་གདོང་དཀར། དྲེད་གདོང་སེར། བ་ལང་གདོང་དམར། ཆུ་སྲིན་མགོ་ཅན་ལྗང་གུ་སྟེ་བཞི་ཀ་སྲིན་མོའི་གཟུགས་ཅན་ཐོག་འབེབ་པའོ། ༈ །བདུད་པོ་རོལ་པ་རྐྱ་གཅིག་མི་ནག་རྟ་ནག་བེར་ནག་ཅན་ཁྲམ་བམ་ཐོགས་པ། འཁོར་བདུད་པོ་བཞི་ནི། རེ་ཏེ་མགོ་ཡག་མཐིང་ནག་བེར་སྔོན་ཅན་ར་ནག་ཞོན་པ། ཡོར་པོ་དམར་ནག་བེར་ནག་ཅན་འཕར་བ་ཞོན་པ། ཁྱབ་རིང་མཐིང་ག་ལྕགས་ཁྲབ་ཅན་དོམ་ནག་ཞོན་པ། ཐོམ་པོ་སྨུག་ནག་གཡག་ཐུལ་ཅན་ལུག་ལ་ཞོན་པ་སྟེ། བཞི་ཀ་རལ་པ་ཁམ་ནག་བརྫེས་ཤིང་སྐུ་མདོག་དང་མཚུངས་པའི་འཁར་བ་ཐོགས་པའོ། ༈ །དབང་ཆེན་སྡེ་བཞི་ནི། སྲོག་བདག་ཚངས་པ་དཀར་པོ་ཤེལ་གྱི་རལ་པ་ཅན་སྤྱན་གཅིག་ཚེམས་གཅིག་དར་དཀར་གྱི་གོས་གྱོན་པ་གཡས་ཤེལ་གྱི་སྤུ་གྲི་དང་གཡོན་ཉི་ཟེར་ཞགས་པ་བསྣམས་ཤིང་སེང་གེ་དཀར་པོ་ཞོན་པ། དགྲ་བླ་པེ་ཧར་དབུ་ལ་སྨྱུག་ཞུ་སྐུ་ལ་བེར་ནག་གསོལ་བ་ཕྱག་ན་གསེག་ཤང་དང་པར་བུ་བསྣམས་པ་གླང་ཆེན་ཞོན་པ། མདུན་ན་ཡུམ་ཤཱནྟི་རོ་ཟན་མ་བུད་མེད་ཀྱི་གཟུགས་ནག་མོ་འོ་དོད་འབོད་པ། འཁོར་གཡས་གཡོན་དུ་སྐྱེས་པ་སྟག་ཆས་ཅན་རེ་རེ། མདུན་དུ་ཤན་པ་གྲི་ཐོགས་བཞི། གཡས་སུ་སྐྱེས་པ་སྟག་ཆས་ཅན་ལྔ། གཡོན་དུ་བཙུན་པ་ལྔ། མདུན་དུ་བུད་མེད་ལྔ། རྒྱབ་ཏུ་སྔགས་པ་ལྔ། ཕྱོགས་རེར་ཨ་ཙ་ར་ནག་པོ་ལྔ་ལྔ། སྐྱེས་བུ་རྡོ་རྗེ་ལེགས་པ་དམར་པོ་སྐྱེས་བུའི་གཟུགས་ཅན་རལ་གྲི་དང་ཁྲམ་ཤིང་རྟ་ཞུར་པོ་ལག་དཀར་ལ་འཆིབ་པ། འཁོར་དགེ་བཤེས་ཀྱི་གཟུགས་རིན་པོ་ཆེའི་པྲོག་ཞུ་ན་བཟའ་ངུར་སྨྲིག་ཤེལ་ཕྲེང་གི་ག་ཤལ་དང་སྭག་ཏིའི་ལྷམ་རྐེད་ལ་གསེར་གྱི་ཕྱག་ཤིང་གཡས་རྡོ་རྗེ་བསྣམས་པ། བནྡེའི་གཟུགས་ཅན་སྐུ་ལ་ཞིང་ལྤགས་དབུ་ལ་སྤྱི་བླུགས་ཀྱི་ཞྭ་ནག་ཁྲམ་ཤིང་བསྣམས་ཤིང་ལྕགས་སྤྱང་ཞོན་པ། ཇག་དཔོན་གྱི་གཟུགས་ནི་སྤྱང་ཞུ་དང་སེང་གེའི་སློག་པ་ཅན་སྟག་རལ་དང་གཟིག་ཤུབས་བཏགས་པ་ཕྱག་ན་མདུང་དམར་བསྣམས་ཤིང་ངང་པ་སེར་པོ་ཞོན་པ། ཚོང་དཔོན་གྱི་གཟུགས་ནི་གཡི་སྤྱང་གི་སློག་པ་དང་འོབ་ཞུ་གསོལ་ཞིང་ཕྱག་ན་སྦ་ལྕག་དཀར་པོ་བསྣམས་པ་དྲེའུ་གྭ་པ་ཞོན་པ། སྲིན་པོ་ནག་པོ་ཤང་ལང་དང་ཐོད་ཁྲག་ཐོགས་ནས་རྟ་ཁམ་པ་ལ་ཞོན་པ། ཡུམ་སྲིན་མོ་དམར་མོ་གྲི་གུག་དང་མི་སྙིང་ཐོགས་པ། ༈ བརྟན་མ་བཅུ་གཉིས་ནི། སྐྱི་མཐིང་ཡ་མ་སྐྱོང་སྔོན་མོ་གཡག་ལྤགས་ཀྱི་གོས་དང་ཁྱུང་གཤོག་གི་ཤམ་ཐབས་ཅན་ཟངས་ཀྱི་ཕུར་བུ་འདྲིལ་ཞིང་དྲེལ་ཞོན་པ། གངས་ཡུམ་གཡུ་བུན་མ་དཀར་མོ་སེང་ལྤགས་གྱོན་ཞིང་རྡོ་རྗེ་རྩེ་ལྔ་བསྣམས་ནས་སེང་གེ་འཆིབ་པ། ཁ་རག་ཁྱུང་བཙུན་སེར་མོ་ཞིང་ལྤགས་ཀྱི་སྟོད་གཡོགས་དང་སྙིང་གི་ཤམ་ཐབས་མདའ་ལྟོང་ནག་བསྣམས་ནས་ཁྱུང་ལ་ཞོན་པ། ཨུག་ཆོས་དབྱར་མོ་བསིལ་དམར་ནག་སྦྲུལ་ནག་གཏམས་པའི་གཡང་གཞི་ཅན་སེང་ལྡེང་ཕུར་བུ་བསྣམས་ནས་རྣ་བུ་ཤད་ལ་འཆིབ་པ། ཀོང་བཙུན་དེ་མོ་ནག་མོ་སེང་ལྤགས་ཀྱི་སློག་པ་དང་སྦྲུལ་ནག་གཏམས་པའི་ཤམ་ཐབས་ཅན་ཁྲག་གི་བུམ་པ་བསྣམས་ནས་རྟ་དཀར་ཞོན་པ། ཤ་མེད་གངས་དཀར་མོ་དུང་གི་ཁུ་འཕང་གི་གོས་དང་གཡུའི་སྐ་རགས་ཅན་ཁྲག་གི་རྐྱལ་པ་བསྣམས་ཤིང་ཤ་བ་ཞོན་པ། འབྲོག་སྲིན་འཁོར་འདུལ་སྨུག་མོ་གླང་ནག་སྟོང་གི་སློག་པ་དང་ཁྱུང་གཤོག་སྟོང་གི་ཤམ་ཐབས་ཅན་ལྕགས་ཕུར་འདྲིལ་ཞིང་གསེར་ཤ་ཡུ་མོ་ཞོན་པ། རྨ་ཏིང་ཏིང་མོ་བཙུན་དམར་མོ་གཡག་ལྤགས་སྟོང་གི་སྟོད་གཡོགས་དང་ཁྱུང་གཤོག་སྟོང་གི་ཤམ་ཐབས་ཅན་མཆོང་གི་ཕུར་བུ་བསྣམས་ནས་འབྲོང་ལ་ཞོན་པ། གཡུའི་དྲིལ་བུ་སྔོན་མོ་སྤྱང་སློག་དང་མི་རྩིབ་བརྒྱུས་པའི་ཤམ་ཐབས་ཅན་གཡུ་དྲིལ་བསྣམས་ནས་གཡུའི་སེང་གེ་འཆིབ་པ། དཀར་མོ་མིག་གཅིག་མཆེ་བ་ཅན་མི་མགོའི་ཐུལ་པ་གྱོན་ཞིང་ཕྱག་ན་ཞིང་དབྱུག་ཐོགས་པ་ཕག་ནག་ལ་ཞོན་པ། བཙན་ལ་ལ་རོ་མ་དམར་མོ་རྟ་དཀར་གྱི་པགས་པའི་སྟོད་གཡོགས་དང་སྟག་ལྤགས་སྟོང་གི་ཤམ་ཐབས་ཅན་བསེའི་ཕུར་བུ་འདྲིལ་ཞིང་དྲེལ་ནག་ཁ་སེར་ལ་ཞོན་པ། སྐྱི་མཐིང་གངས་ཀྱི་ལ་རོ་སྨན་སྔོན་མོ་སྦྲུལ་ནག་སྟོང་གི་ཐུལ་པ་དང་གཡག་ལྤགས་ཀྱི་ཤམ་ཐབས་ཅན་བྱ་རྒོད་ཀྱི་གཤོག་ཕུར་བསྣམས་པ་གཡུ་འབྲུག་ལ་ཞོན་པའོ། །དེ་ལྟར་དྲེགས་པ་རྣམས་ཀྱི་གཟུགས་བརྙན་གྱི་རྒྱབ་ཏུ་སྔགས་བྱང་རྒྱས་པ་ལྟར་སོ་སོའི་སྲོག་སྙིང་གི་ཤམ་བུར་དམག་བཟློག་ན། དགྲ་དཔུང་ཆོམས། བདུད་དཔུང་ཤིགས། བགེགས་དཔུང་ཟློག །ས་མ་ཡ་བྷྱོ་བྷྱོཿ ཞེས་བཏགས་པ་ལྟ་བུ་ལས་གང་བྱེད་ཀྱི་ཤམ་བུ་སྦྲེལ་བ་བྲིའོ། ༈ །གཉིས་པ་སྐོང་རྫས་གཟུགས་བརྙན་གྱི་ཐོ་ལ། མ་མགོན་བཅུ་གཅིག་ཐུན་མོང་དུ། བྱ་ནག །གཡག་ནག །ར་ནག །ལུག་ནག །ཁྱི་ནག །དོམ་ནག །རྟ་ནག །ཕག་ནག །སྤྲེལ་ནག །མཛོ་ནག །མི་ནག །དྲེལ་ནག །དྲེད་མོ་ནག་མོ་རྣམས་བྲིས་པའི་རྒྱབ་ཏུ། ནག་པོའི་སྲོག་ཆགས་དམ་རྫས་འདིས། །མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །མི་མཐུན་རྐྱེན་དང་བར་ཆད་ཟློག །ཅེས་བྲིའོ། །རྒྱལ་ཆེན་བཞི་ལ། རྟ་པ་དཀར་པོ་དར་མདུང་ཅན་དང། གཡག་དཀར་པོ་བཞི། རྟ་པ་སྔོན་པོ་དར་མདུང་ཅན་དང་། རྟ་སྔོན་བཞི། རྟ་པ་དམར་པོ་དར་མདུང་ཅན་དང་། མཛོ་དམར་བཞི། རྟ་པ་སེར་པོ་དར་མདུང་ཅན་དང་། ལུག་སེར་པོ་བཞི་ལ་རྒྱབ་ཏུ། མཐུན་པའི་དཀོར་ནོར་སྲོག་ཆགས་འདིས། །རྒྱལ་ཆེན་འཁོར་བཅས་ཐུགས་དམ་བསྐང་། །བདག་ཅག་སོགས་འགྲེ། ལྷ་ཆེན་བརྒྱད་པོ་རེ་རེར། གཡག་དཀར་དང་ལུག་དཀར་རེ་བྲིས་པའི་རྒྱབ་ཏུ་གཞན་འདྲ་བ་ལས་རྐང་པ་གཉིས་པར། ལྷ་ཆེན་བརྒྱད་ཀྱི་ཐུགས་དམ་བསྐང་། །ཞེས་འབྲི། གཤིན་རྗེ་བརྒྱད་ལ་ར་རོག་རེ་རེ་བྲིས་པའི་རྒྱབ་ཏུ། ཙ་ར་རོག་པོའི་དཀོར་ནོར་འདིས། །གཤིན་རྗེ་བརྒྱད་ཀྱི་ཐུགས་དམ་བསྐང་། །སོགས་འགྲེའོ། །བདུད་བརྒྱད་སོ་སོར། རྟ་པ་ནག་པོ་གཡས་སུ་མདའ་གཞུ་དང་། གཡོན་དུ་མཚེ་ཡུངས་ཐོགས་པ་རེ་རེ། ཤ་བ་ནག་པོ་རེ་རེ། མི་ནག་མཚེ་དང་ཁྲམ་ཁྱེར་བ་རེ། ལུག་ནག་ར་ནག་གཡག་ནག་གསུམ་ཡང་རེ་རེ་བྲིས་པའི་རྒྱབ་ཏུ། ནག་པོའི་སྲོག་ཆགས་དཀོར་ནོར་འདིས། །ནག་པོ་བདུད་བརྒྱད་ཐུགས་དམ་བསྐང་། །སོགས་འགྲེ། གནོད་སྦྱིན་བརྒྱད་ལ་སྟག །གཟིག །བྱ་ཁྲ་གསུམ་བྱང་བུ་རེ་རེར་བྲིས་པའི་ཤིང་བྱང་བརྒྱད་ཀྱི་རྒྱབ་ཏུ། མཐུན་པའི་དཀོར་ནོར་སྲོག་ཆགས་འདིས། །གནོད་སྦྱིན་བརྒྱད་ཀྱི་སོགས་འགྲེ། སྡེ་བརྒྱད་ཀྱི་གཤིན་རྗེ་ལ། ར་རོག་སྟག་གཟིག་གསུམ་བྲིས་པ་ལྔ་ལ་རྒྱབ་ཡིག །མཐུན་པའི་སོགས་ཀྱི་རྗེས། འཆི་བདག་འཁོར་བཅས་ཐུགས་དམ་བསྐང་། །སོགས་འགྲེ། ཡམ་ཤུད་ལ་བྱ་མི་རྟ་ར་བཞི་དམར་པོ་བྲིས་པ་ལྔ་ལ། བཙན་རྒོད་འཁོར་བཅས་ཐུགས་དམ་བསྐང་། ཞེས་འགྲེ། གནོད་སྦྱིན་སོ་ག་རཱ་ཙར། ཁྱི་གཡག་གཉིས་དཀར་པོ་བྲིས་པ་ལྔ་ལ། གནོད་སྦྱིན་འཁོར་བཅས་ཐུགས་དམ་བསྐང་། །སྔགས་སྲུང་མར་བྱ་སྨུག །ལུག་ཁྱི་གཉིས་ནག་པོ་རྣམས་བྲིས་པ་ལྔ་ལ། སྔགས་སྲུང་འཁོར་བཅས་ཐུགས་དམ་བསྐང་། །ཀླུ་བདུད་ལ། ཉ་སྦྲུལ། སྦལ་ལྕོང་ཆུ་རྟ་ཆུ་ལུག་ཆུ་གླང་རྣམས་བྲིས་པ་ལྔ་ལ། ཀླུ་བདུད་འཁོར་བཅས་ཐུགས་དམ་བསྐང་། །གཟའ་རཱ་ཧུ་ལར། ར་རོག་དང་ལུག་ནག་གཉིས་བྲིས་པ་ལྔ་ལ། གཟའ་བདུད་འཁོར་བཅས་ཐུགས་དམ་བསྐང་། །ཞེས་སྦྱོར། བདུད་རོལ་པ་རྐྱ་གཅིག་ལ། མི་བྱ་རྟ་གླང་ཁྱི་རྣམས་ནག་པོ་བྲིས་པ་ལྔར། བདུད་པོ་འཁོར་བཅས་ཐུགས་དམ་བསྐང་། །སྲིད་པ་སྤྱི་སྐོང་ལ་མི་རྟ་གླང་པོ་ར་ལུག་བྱ་ཁྱི་ཕག་དྲེལ་རྣམས་བྲིས་པ་ཕྱོགས་རེར་བརྒྱད་བརྒྱད་ཀྱི་རྒྱབ་ཏུ། རང་རང་མཐུན་པའི་དཀོར་ནོར་འདིས། །སྣང་སྲིད་ལྷ་འདྲེའི་ཐུགས་དམ་བསྐང་། །སོགས་འགྲེ། ཤར་ཕྱོགས་སྲོག་བདག་ལ་བྱ་དཀར་ཟེ་དམར། ཁྱི་དཀར་སྣ་དམར། རྟ་དཀར་རྔོག་དམར། ལུག་དཀར་མཇིང་དམར། ར་དཀར་རུ་དམར། མི་དཀར་ཐོད་དམར་དྲུག་རེ་བྲིས་པའི་རྒྱབ་ཏུ། དཀར་བའི་སྲོག་ཆགས་དཀོར་ནོར་འདིས། །གིང་ཆེན་འཁོར་བཅས་ཐུགས་དམ་བསྐང་། །ལྷོ་པེ་ཧར་ལ། སྟག་སྤྲེ་སེང་གེ་སྤྱང་ཀི་རྣམས་བྲིས་པའི་རྒྱབ་ཏུ། མཐུན་པའི་སྲོག་ཆགས་དཀོར་རྫས་འདིས། །རྒྱལ་པོ་འཁོར་བཅས་ཐུགས་དམ་བསྐང་། །ནུབ་ཀྱི་རྡོར་ལེགས་ལ། ར་དཀར། ར་སེར་རྒྱ། གཡག་ཁམ་པ། ལུག་ཁ་རྒྱ། དྲེལ་ཁལ། བོང་ཁལ། ར་ཁལ་རྣམས་བྲིས་པའི་རྒྱབ་ཏུ། མཐུན་པའི་དཀོར་ནོར་འདི་དག་གིས། གཙང་བཙན་འཁོར་བཅས་ཐུགས་དམ་བསྐང་། །བྱང་སྲིན་པོར། ར་ལུག །སྟག །སྤྱང་ཀི །ཁྭ་ཏ། ཀངྐ། གཟིག །དྲེད། མ་ཧེ། ཁྱི། དོམ། ཅེ་སྤྱང་རྣམས་ཀྱི་གཟུགས་བྲིས་པའི་རྒྱབ་ཏུ། མཐུན་པའི་སྲོག་ཆགས་དཀོར་ནོར་འདིས། །སྲིན་པོ་ཕོ་མོའི་ཐུགས་དམ་བསྐང་། །སོགས་འགྲེ། གཤིན་རྗེ་བརྒྱད་དང་། གཤིན་རྗེ་ལྔའི་ཁྲམ་ཤིང་བཅུ་གསུམ་གྱི་རྒྱབ་ཏུ། འཆི་བདག་གཤིན་རྗེའི་ཁྲམ་ཁ་རྣམས། །བསྟན་པ་འཇིག་པའི་དགྲ་ལ་སྒྱུར། །ཅེས་འབྲི། བདུད་རོལ་པ་རྐྱ་གཅིག་ལ་ཁྲམ་ཤིང་ནག་པོ་ལྔའི་རྒྱབ་ཏུ། ནག་པོ་བདུད་ཀྱི་ཁྲམ་ཁ་རྣམས། །བསྟན་པ་འཇིག་པའི་སོགས་འགྲེའོ། །བརྟན་མ་བཅུ་གཉིས་ལ་གླུད་ཀྱི་ལག་ཏུ་བསྐུར་རྒྱུའི་ཁྲམ་ནག་ཆུང་ངུ་བཅུ་གཉིས་ཀྱི་རྒྱབ་ཏུ། ནག་མོའི་ཚོགས་ཀྱི་ཁྲམ་ཁ་རྣམས། །སོགས་སྦྱར་རོ། །ཕོ་གདོང་བརྒྱ་ཉེར་བཞི་པོ་ཐམས་ཅད་ཁྲབ་རྨོག་སོགས་སྟག་ཤར་གྱི་ཆས་ཅན་རྩེར་རྡོ་རྗེ་ཕྱེད་པས་མཚན་པ་རྣམས་ཀྱི་རྒྱབ་ཏུ། ཕོ་གླུད་བརྗིད་པ་སྟག་ཆས་ཅན། །སྐྱེས་པ་ཕོ་ཡི་གླུད་དུ་འབུལ། །ཕོ་ཡི་ཆག་ཆེ་ཉམ་ང་རྣམས། །སྡང་བ་དགྲ་ཡི་སྟེང་དུ་བྷྱོ། །ཞེས་འབྲི། མོ་གདོང་བརྒྱ་ཉེར་བཞི་པོ་ཐམས་ཅད་གཞོན་མཛེས་དར་དང་རིན་པོ་ཆེས་བརྒྱན་པ་རྩེར་པདྨས་མཚན་པ་རྣམས་ཀྱི་རྒྱབ་ཏུ། མོ་གླུད་མཛེས་པ་སྒེག་འགྲོས་ཅན། །ཟ་མ་མོ་ཡི་གླུད་དུ་འབུལ། །མོ་ཡི་ཆག་ཆེྎ སྡང་བྎ ཞེས་འགྲེ། ཡུལ་མཁར་བརྒྱ་དང་ལྔ་བཅུ་པོ་ཐམས་ཅད་ཀྱི་སྟེང་དུ་ནམ་མཁའ་སྤྲིན་དང་ཉི་ཟླ། བར་དུ་རི་དང་ཡུལ་ཁྱིམ། སྨད་དུ་མཚོ་བྲིས་པ་རྩེ་མོར་ནོར་བུས་མཚན་པ་རྣམས་ཀྱི་རྒྱབ་ཏུ། ཤིང་གྲི་མཛེས་པ་ཡུལ་མཁར་རིས། །ཡུལ་དང་མཁར་གྱི་གླུད་དུ་འབུལ། །ཡུལ་མཁར་ཆག་ཆེྎ སྡང་བྎ ༈ དྲུག་པ་དྲས་བཟོའི་སྐོར་ལ་རྒྱལ་མཚན། བ་དན། རུ་དར་གསུམ་ལས། དང་པོ་རྒྱལ་མཚན་ནི། ཡེ་ཤེས་མགོན་པོ་ལྔ་ལ་མི་ནག་རྒྱལ་མཚན། ཁྱི་ནག །ལུག་སྨུག་ནག །གཡག་ནག །བྱ་ནག་ལྔའི་རྒྱལ་མཚན། ལས་མགོན་ལ་ཕག་ནག་གི་རྒྱལ་མཚན། རེ་མ་ཏི་ལྔ་ལ། ཞིང་ཆུང་། ཀྱུང་ཀ །ཁྱི་ནག །ཁྱི་མོ་སེར་སྐྱ། བྱ་མོ་ནག་མོ་ལྔའི་རྒྱལ་མཚན། ཕྱོགས་སྐྱོང་བཅུ་གཅིག་ལ་ཟ་འོག་གི་རྒྱལ་མཚན་སྔོན་པོ་གསུམ། ངུར་སྨྲིག་གསུམ། དཀར་པོ་གཉིས། སེར་པོ། སྨུག་པོ། ལྗང་གུ་རྣམས་རེ་རེ། གཤིན་རྗེ་བརྒྱད་ལ་ཞིང་གི་རྒྱལ་མཚན་རེ་རེ། མ་ཧཱ་དེ་བ་ལ་ཟ་འོག་གི་རྒྱལ་མཚན་ལྔ། ཆོས་རྒྱལ་ལ། འུག་པ། སྲིན་བྱ། ར་དཀར། ལུག་དཀར། ཁྱི་དམར་ལྔའི་རྒྱལ་མཚན། ཡམ་ཤུད་ལ་ར་རྟ་མི་བྱ་བཞི་དམར་པོའི་རྒྱལ་མཚན། གནོད་སྦྱིན་ལ་རིན་པོ་ཆེའི་རྒྱལ་མཚན་ལྔ། སྔགས་སྲུང་མར་ཞིང་ལྤགས་ཀྱི་རྒྱལ་མཚན་ལྔ། ཀླུ་ལ་ཤིང་ལོའི་རྒྱལ་མཚན་ལྔ། སྲིད་པ་སྤྱི་སྐོས་ཀྱི་དར་ཟབ་ཀྱི་རྒྱལ་མཚན་སུམ་ཅུ་རྩ་གཉིས་དང་། སྤྲེའུ་རྨ་བྱ་བྱ་རྒོད་རྔ་མོང་བཞིའི་རྒྱལ་མཚན། སྲོག་བདག་ལ་སྨྱུག་རྒོད་དར་དཀར་གྱིས་བརྒྱན་པའི་རྒྱལ་མཚན་ལྔ་དང་། བྱ་ཁྱི་མི་རྟ་ར་ལུག་སྟེ་དཀར་པོ་དྲུག་གི་རྒྱལ་མཚན། པེ་ཧར་ལ་སྨྱུག་རྒོད་དར་སེར་དཔྱང་པའི་རྒྱལ་མཚན་ལྔ་དང་། སྟག །སྤྲེལ། སེང་གེ །སྤྱང་ཀི །དར་ཟབ་ལྔའི་རྒྱལ་མཚན། རྡོར་ལེགས་ལ་སྨྱུག་རྒོད་དར་དམར་དཔྱང་པའི་རྒྱལ་མཚན་གཅིག །སྲིན་པོ་ལ་ཞིང་གི་གདུགས་གཅིག་དང་། ར་ལུག་སྟག་གཟིག་བཞིའི་རྒྱལ་མཚན་རྣམས་སོ། ༈ །གཉིས་པ་བ་དན་ནི། མ་མགོན་བཅུ་གཅིག་ལ་བ་དན་བཅུ་གཅིག །རྒྱལ་ཆེན་བཞིར་བ་དན་དཀར་སྔོ་དམར་སེར་བཞི། ལྷ་བརྒྱད་ལ་བ་དན་དཀར་པོ་བརྒྱད། གཤིན་རྗེ་བརྒྱད་ལ་བ་དན་སྔོན་པོ་བརྒྱད། བདུད་བརྒྱད་ལ་བ་དན་ནག་པོ་བརྒྱད། གནོད་སྦྱིན་བརྒྱད་ལ་བ་དན་སྔོན་པོ་བརྒྱད། བཙན་ཡམ་ཤུད་ལ་བ་དན་དམར་པོ་ལྔ། གཟའ་བདུད་ལ་བ་དན་ཁྲ་བོ་ལྔ་རྣམས་སོ། ༈ །གསུམ་པ་དར་མདུང་ནི། མ་མགོན་བཅུ་གཅིག་ལ་དར་མདུང་ནག་པོ་བཅུ་གཅིག །རྒྱལ་ཆེན་བཞི་ལ་དར་མདུང་དཀར་སྔོ་དམར་སེར་བཞི། ལྷ་བརྒྱད་ལ་དར་མདུང་དཀར་པོ་བརྒྱད། གཤིན་རྗེ་བརྒྱད་ལ་དར་མདུང་དམར་པོ་བརྒྱད། བདུད་བརྒྱད་ལ་དར་མདུང་ནག་པོ་བརྒྱད། གནོད་སྦྱིན་བརྒྱད་ལ་དར་མདུང་ཁྲ་བོ་བརྒྱད། ཆོས་ཀྱི་རྒྱལ་པོར་དར་མདུང་སྔོན་པོ་ལྔ། ཡམ་ཤུད་ལ་དར་མདུང་དམར་པོ་ལྔ། གནོད་སྦྱིན་སོ་ག་རཱ་ཙ་ལ་དར་མདུང་ཁྲ་བོ་ལྔ། སྔགས་སྲུང་ལ་དར་མདུང་ཁྲ་བོ་ལྔ། གཟའ་བདུད་ལ་དར་མདུང་ཁྲ་བོ་ལྔ། རོལ་པ་རྐྱ་གཅིག་ལ་དར་མདུང་ནག་པོ་ལྔ། སྲོག་བདག་ལ་དར་མདུང་དཀར་པོ་ལྔ། པེ་ཧར་ལ་དར་མདུང་སེར་པོ་ལྔ། རྡོར་ལེགས་ལ་དར་མདུང་དམར་པོ་ལྔ། སྲིན་པོར་དར་མདུང་དམར་པོ་ལྔ་རྣམས་ཏེ། ཐམས་ཅད་ལ་མདུང་ཤིང་རྔ་མ་རྩེ་ལྕགས་དང་བཅས་པས་བརྒྱན་ནོ། །གལ་ཏེ་དམག་ཟློག་ལྟ་བུ་ཡིན་ན། ཐམས་ཅད་ལ་དར་མདུང་གསོག་པར་བཤད་ཅིང། མཐའི་ལྕགས་རི་ལའང་དར་མདུང་རྣོན་པོས་བསྐོར་ལ། དེ་ཐམས་ཅད་ལ་སྲོག་སྙིང་གི་མཐར། དམག་དཔོན་ཆེ་གེ་མོ་དཔུང་དང་བཅས་པའི་སྟེང་དུ་བྷྱོ་བྷྱོ་བྷྱོ་ས་མ་ཡ་ཟློག་ཟློག་ཟློག །དགྲ་དཔུང་ཤིགས། བདུད་དཔུང་ཆོམས་ཞེས་བྲིས་ནས་སོ་སོའི་གནས་སུ་བཙུགས་པས་རྣོ་ཞིང་ལས་མྱུར་ཞེས་འབྱུང་ངོ་། །གཞན་ཡང་། བྲི་གཟུགས་སོགས་ཆང་ཆུང་རྣམས་གསོག་ཡིག་ཏུ་འབྱུང་བས་འདིར་མ་བྲིས་སོ། །དེ་ལྟར་གསོག་ཡིག་གི་སྟེང་ནས་ཐོག་མར་གསོག་རྫས་རྣམས་ཚང་བར་བསགས་རྗེས། འདིའི་སྟེང་ནས་སྣལ་ཐགས་བྲིས་སོགས་སྔོན་དུ་བྱེད་དགོས་ཐམས་ཅད་ཚང་བར་བྱས་ཏེ། དེ་ནས་བཅའ་ཐབས་སྒྲོན་མེ་ལྟར་བཤམས་བཀོད་རྣམས་ལེགས་པར་བྱས་པས་ལག་ལེན་རྣམས་མི་འཛིངས་ཤིང་བྱ་སླ་བར་འགྱུར་བ་ལགས་སོ། །དེ་ལྟའི་ཆོས་ཚུལ་མཁས་པའི་ལུགས་མིན་ཞིང་། །སྔགས་འཆང་དཔྱོད་ལྡན་རྣམས་ལ་འདིས་ཅི་བྱ། །གླེན་བླུན་དག་ལ་འདིས་ཀྱང་ཉུང་བ་ཙམ། །ཀུན་ལ་སྐབས་སུ་བབས་པ་ག་ལ་ཤེས། །དེ་ཕྱིར་བདག་དང་བདག་འདྲའི་བན་སྔགས་པར། །འཚམ་པའི་ཟིན་བྱང་དྷརྨ་ཤྲཱིས་སྤེལ། །དགེ་འདིས་བདུད་དང་བདུད་ཕྱོགས་གཡུལ་ངོ་རྣམས། །དྲག་རྩལ་མཐུ་སྟོབས་ནུས་པས་ཚར་གཅོད་ཤོག །སིདྡྷི་རསྟུ།། །། | ||
</div></onlyinclude> | </div></onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> |
Revision as of 18:09, 29 December 2017
མགོན་པོ་གཡུལ་ཟློག་གི་མདོས་ཀྱི་ཟིན་རིས་སྒྲོན་མེ་སྐོར་གསུམ་ལས། རྫས་གསོག་པའི་སྡོམ་བྱང་གསལ་བྱེད་སྒྲོན་མེ་
mgon po g.yul zlog gi mdos kyi zin ris sgron me skor gsum las/_rdzas gsog pa'i sdom byang gsal byed sgron me
by སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་ (Minling Lochen Dharmaśrī)
revealed by ཉང་རལ་ཉི་མ་འོད་ཟེར་ (Nyangral Nyima Özer)
in cycle མགོན་པོ་གཡུལ་ཟློག་གི་མདོས་ཀྱི་ཟིན་བྲིས་སྒྲོན་མེ་སྐོར་གསུམ་ (Mgon po g.yul zlog gi mdos kyi zin bris sgron me skor gsum)
Volume 37 (ཇི) / Pages 381-408 / Folios 1a1 to 14b1
Footnotes
Other Information
Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).