Terdzo-CI-009: Difference between revisions
m Text replacement - "totalvolumes[ ]?=[ ]?70[ ]? " to "totalvolumes=71 " |
No edit summary |
||
| (One intermediate revision by one other user not shown) | |||
| Line 5: | Line 5: | ||
|fulltitletib=ཕག་མོ་ཟབ་རྒྱའི་གསོལ་འདེབས་ | |fulltitletib=ཕག་མོ་ཟབ་རྒྱའི་གསོལ་འདེབས་ | ||
|fulltitle=phag mo zab rgya'i gsol 'debs | |fulltitle=phag mo zab rgya'i gsol 'debs | ||
|citation=[[pad+ma tshe dbang rgyal po]]. phag mo zab rgya'i gsol 'debs. In Rin chen gter mdzod chen mo pod so lnga pa (The Great Treasury of Rediscovered Teachings Volume 35) by 'jam mgon kong sprul, 417-419. New Delhi: Shechen Publications, 2007- | |citation=[[pad+ma tshe dbang rgyal po]]. phag mo zab rgya'i gsol 'debs. In Rin chen gter mdzod chen mo pod so lnga pa (The Great Treasury of Rediscovered Teachings Volume 35) by 'jam mgon kong sprul, 417-419. New Delhi: Shechen Publications, 2007-2018. | ||
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition | |collectiontitle=Rin chen gter mdzod; Rin chen gter mdzod Shechen Edition | ||
|collectiontitletib=རིན་ཆེན་གཏེར་མཛོད་ | |collectiontitletib=རིན་ཆེན་གཏེར་མཛོད་ | ||
| Line 41: | Line 41: | ||
<onlyinclude> | <onlyinclude> | ||
<div id='tibetan' class='tib-text'> | <div id='tibetan' class='tib-text'> | ||
ཕག་མོ་ཟབ་རྒྱའི་གསོལ་འདེབས་བཞུགས་སོ། །ཨོཾ་ཨཱཿཧཱུྃ། ཡེ་ཤེས་རབ་གསལ་ཁྱབ་བརྡལ་ཆེན་པོ་ནས། །དང་པོའི་སངས་རྒྱས་བདེ་ཆེན་རང་གསལ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །བདེ་ཆེན་གསང་བ་ཕུག་གི་གནས་མཆོག་ཏུ། །གདོད་མའི་མཁའ་འགྲོ་རྡོ་རྗེ་ཕག་མོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྣང་སྲིད་སྒྱུ་མར་རྟོགས་པར་བྱིན་གྱིས་རློབས། །རང་གསལ་དག་པ་དབྱིངས་ཀྱི་ཕོ་བྲང་དུ། །ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། | ཕག་མོ་ཟབ་རྒྱའི་གསོལ་འདེབས་བཞུགས་སོ། །ཨོཾ་ཨཱཿཧཱུྃ། ཡེ་ཤེས་རབ་གསལ་ཁྱབ་བརྡལ་ཆེན་པོ་ནས། །དང་པོའི་སངས་རྒྱས་བདེ་ཆེན་རང་གསལ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །བདེ་ཆེན་གསང་བ་ཕུག་གི་གནས་མཆོག་ཏུ། །གདོད་མའི་མཁའ་འགྲོ་རྡོ་རྗེ་ཕག་མོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྣང་སྲིད་སྒྱུ་མར་རྟོགས་པར་བྱིན་གྱིས་རློབས། །རང་གསལ་དག་པ་དབྱིངས་ཀྱི་ཕོ་བྲང་དུ། །ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདེ་གསལ་དབྱེར་མེད་རྟོག་པར་བྱིན༴ དྭངས་མ་ཡེ་ཤེས་ལྔ་ལྡན་ཕོ་བྲང་དུ། །བདེ་ཆེན་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཕུང་པོ་འོད་ལུས་འགྲུབ་པར་བྱིན༴ དག་པ་ཨོ་རྒྱན་ཡུལ་གྱི་གཞལ་ཡས་སུ། །རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དོན་དམ་མཐའ་བྲལ་རྟོགས་པར་བྱིན༴ བདེ་ཆེན་མཁའ་སྤྱོད་དག་པའི་གཞལ་ཡས་སུ། །གཏེར་སྟོན་མཉམ་མེད་ཚེ་དབང་རྒྱལ་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འཛིན་མེད་བདེ་གསལ་རྟོགས་པར་བྱིན༴ དྲག་སྔགས་མེ་དཔུང་འབར་བའི་ཀློང་དཀྱིལ་དུ། །སྔགས་འཆང་ཆེན་པོ་གསང་སྔགས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གཉིས་འཛིན་འཁྲུལ་པ་ཞིག་པར་བྱིན༴ སྣང་སྲིད་སྐུ་དང་འོད་ཀྱི་ཞིང་ཁམས་སུ། །ཐེག་པའི་མཆོག་གྱུར་རང་གྲོལ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འོད་གསལ་སྣང་བཞི་འབྱོངས་པར་བྱིན༴ བདེ་སྟོང་དགའ་བཞིར་འཁྱིལ་བའི་གཞལ་ཡས་སུ། །ཐོགས་མེད་རབ་འབྱམས་སྨྲ་བའི་སེངྒེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདེ་སྟོང་རྒྱུན་ཆད་མེད་པར་བྱིན༴ གཟུང་འཛིན་དྷཱུ་ཏིར་དག་པའི་མཁའ་དབྱིངས་སུ། །རིག་འཛིན་ཆེན་པོ་ཆོས་དབྱིངས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སེམས་ཉིད་ཆོས་སྐུར་རྟོགས་པར་བྱིན༴ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ། །རྟོགས་པའི་མངའ་བདག་འཁྲུལ་ཞིག་ཆེན་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འབྲས་བུ་སྐུ་གསུམ་ཐོབ་པར་བྱིན༴ གར་བཞུགས་དག་པ་ཆོས་ཀྱི་ཕོ་བྲང་དུ། །རླུང་སེམས་མཐར་ཕྱིན་ཀརྨ་ཨཱ་ཡུཿལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལས་རླུང་དྷཱུ་ཏིར་ཚུད་པར་བྱིན༴ འབྲལ་མེད་སྙིང་ག་ཆོས་ཀྱི་ཕོ་བྲང་དུ། །རྩ་བའི་བླ་མ་དྷརྨ་ཕུན་ཚོགས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །རྩ་རླུང་ལས་སུ་རུང་བར་བྱིན༴ མང་ཡུལ་རི་བོ་དཔལ་འབར་གཏེར་གནས་སུ། །མཁའ་འགྲོའི་སྲོག་ཐིག་ཕག་མོ་ཟབ་རྒྱ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཚིག་དོན་དབྱེར་མེད་རྟོགས་པར་བྱིན༴ རང་ལུས་རྣམ་དག་རྩ་ཡི་ཕོ་བྲང་དུ། །ཡེ་ཤེས་མཁའ་འགྲོ་རིགས་ལྔ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྣང་སྲིད་ལྷ་སྐུར་རྟོགས་པར་བྱིན༴ རང་སྣང་ཕྱོགས་མེད་དག་པའི་ཞིང་ཁམས་སུ། །རྒྱལ་ཁམས་ཆོས་གྲོགས་ཆོས་མཛད་ཕོ་མོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དག་སྣང་ཕྱོགས་མེད་འབྱོངས་པར་བྱོན༴ དུར་ཁྲོད་ཆེན་པོ་སོ་སོའི་གནས་མཆོག་ནས། །རྒྱལ་བའི་བཀའ་སྡོད་དམ་ཅན་གཏེར་བདག་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འགལ་རྐྱེན་བར་ཆད་ཞི་བར་བྱིན༴ བརྒྱུད་པའི་བླ་མ་མཁའ་འགྲོ་རིགས་ལྔའི་ཚོགས། །འོག་མིན་གནས་ནས་ཐུགས་རྗེས་བརྩེར་དགོངས་ལ། །ལུས་ལ་བདེ་དྲོད་འབར་བར་བྱིན༴ ལྷན་སྐྱེས་ཡེ་ཤེས་རྟོགས་པར་བྱིན༴ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་བ་འདེབས་སོ་རྗེས་འཇུག་བྱིན༴ འགྲོ་བའི་སྡུག་བསྔལ་དག་ལས་བསྒྲལ་དུ་གསོལ། །རེ་ལྟོས་གཞན་ན་མེད་དོ་ཐུགས་རྗེ་ཅན། །ཞེས་གསོལ་བ་བཏབ་པས་བརྒྱུད་པའི་བླ་མ་རྣམས་འོད་དུ་ཞུ་ནས་བླ་མ་རྣམས་ལ་ཐིམ། རྩ་བའི་བླ་མ་འོད་དུ་ཞུ། བདག་རྟ་མགྲིན་ཡབ་ཡུམ་དུ་གསལ་བ་ལ་ཐིམ་པར་བསམ། དགེའོ།། །། | ||
</div></onlyinclude> | </div></onlyinclude> | ||
{{TsagliCall}} | {{TsagliCall}} | ||
Latest revision as of 18:06, 18 February 2019
ཕག་མོ་ཟབ་རྒྱའི་གསོལ་འདེབས་
revealed by རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་, པདྨ་ཚེ་དབང་རྒྱལ་པོ་ (Rigdzin Gödem, Pema Tsewang Gyalpo)
in cycle རྡོ་རྗེ་ཕག་མོའི་ཟབ་ཁྲིད་ཡང་གསང་ཀུན་གྱི་སྙིང་པོ་ (Rdo rje phag mo'i zab khrid yang gsang kun gyi snying po)
Volume 35 (ཅི) / Pages 417-419 / Folios 1a1 to 2a6
Tibetan Text
ཕག་མོ་ཟབ་རྒྱའི་གསོལ་འདེབས་བཞུགས་སོ། །ཨོཾ་ཨཱཿཧཱུྃ། ཡེ་ཤེས་རབ་གསལ་ཁྱབ་བརྡལ་ཆེན་པོ་ནས། །དང་པོའི་སངས་རྒྱས་བདེ་ཆེན་རང་གསལ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །བདེ་ཆེན་གསང་བ་ཕུག་གི་གནས་མཆོག་ཏུ། །གདོད་མའི་མཁའ་འགྲོ་རྡོ་རྗེ་ཕག་མོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྣང་སྲིད་སྒྱུ་མར་རྟོགས་པར་བྱིན་གྱིས་རློབས། །རང་གསལ་དག་པ་དབྱིངས་ཀྱི་ཕོ་བྲང་དུ། །ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདེ་གསལ་དབྱེར་མེད་རྟོག་པར་བྱིན༴ དྭངས་མ་ཡེ་ཤེས་ལྔ་ལྡན་ཕོ་བྲང་དུ། །བདེ་ཆེན་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཕུང་པོ་འོད་ལུས་འགྲུབ་པར་བྱིན༴ དག་པ་ཨོ་རྒྱན་ཡུལ་གྱི་གཞལ་ཡས་སུ། །རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དོན་དམ་མཐའ་བྲལ་རྟོགས་པར་བྱིན༴ བདེ་ཆེན་མཁའ་སྤྱོད་དག་པའི་གཞལ་ཡས་སུ། །གཏེར་སྟོན་མཉམ་མེད་ཚེ་དབང་རྒྱལ་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འཛིན་མེད་བདེ་གསལ་རྟོགས་པར་བྱིན༴ དྲག་སྔགས་མེ་དཔུང་འབར་བའི་ཀློང་དཀྱིལ་དུ། །སྔགས་འཆང་ཆེན་པོ་གསང་སྔགས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གཉིས་འཛིན་འཁྲུལ་པ་ཞིག་པར་བྱིན༴ སྣང་སྲིད་སྐུ་དང་འོད་ཀྱི་ཞིང་ཁམས་སུ། །ཐེག་པའི་མཆོག་གྱུར་རང་གྲོལ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འོད་གསལ་སྣང་བཞི་འབྱོངས་པར་བྱིན༴ བདེ་སྟོང་དགའ་བཞིར་འཁྱིལ་བའི་གཞལ་ཡས་སུ། །ཐོགས་མེད་རབ་འབྱམས་སྨྲ་བའི་སེངྒེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདེ་སྟོང་རྒྱུན་ཆད་མེད་པར་བྱིན༴ གཟུང་འཛིན་དྷཱུ་ཏིར་དག་པའི་མཁའ་དབྱིངས་སུ། །རིག་འཛིན་ཆེན་པོ་ཆོས་དབྱིངས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སེམས་ཉིད་ཆོས་སྐུར་རྟོགས་པར་བྱིན༴ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ། །རྟོགས་པའི་མངའ་བདག་འཁྲུལ་ཞིག་ཆེན་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འབྲས་བུ་སྐུ་གསུམ་ཐོབ་པར་བྱིན༴ གར་བཞུགས་དག་པ་ཆོས་ཀྱི་ཕོ་བྲང་དུ། །རླུང་སེམས་མཐར་ཕྱིན་ཀརྨ་ཨཱ་ཡུཿལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ལས་རླུང་དྷཱུ་ཏིར་ཚུད་པར་བྱིན༴ འབྲལ་མེད་སྙིང་ག་ཆོས་ཀྱི་ཕོ་བྲང་དུ། །རྩ་བའི་བླ་མ་དྷརྨ་ཕུན་ཚོགས་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །རྩ་རླུང་ལས་སུ་རུང་བར་བྱིན༴ མང་ཡུལ་རི་བོ་དཔལ་འབར་གཏེར་གནས་སུ། །མཁའ་འགྲོའི་སྲོག་ཐིག་ཕག་མོ་ཟབ་རྒྱ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཚིག་དོན་དབྱེར་མེད་རྟོགས་པར་བྱིན༴ རང་ལུས་རྣམ་དག་རྩ་ཡི་ཕོ་བྲང་དུ། །ཡེ་ཤེས་མཁའ་འགྲོ་རིགས་ལྔ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྣང་སྲིད་ལྷ་སྐུར་རྟོགས་པར་བྱིན༴ རང་སྣང་ཕྱོགས་མེད་དག་པའི་ཞིང་ཁམས་སུ། །རྒྱལ་ཁམས་ཆོས་གྲོགས་ཆོས་མཛད་ཕོ་མོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དག་སྣང་ཕྱོགས་མེད་འབྱོངས་པར་བྱོན༴ དུར་ཁྲོད་ཆེན་པོ་སོ་སོའི་གནས་མཆོག་ནས། །རྒྱལ་བའི་བཀའ་སྡོད་དམ་ཅན་གཏེར་བདག་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འགལ་རྐྱེན་བར་ཆད་ཞི་བར་བྱིན༴ བརྒྱུད་པའི་བླ་མ་མཁའ་འགྲོ་རིགས་ལྔའི་ཚོགས། །འོག་མིན་གནས་ནས་ཐུགས་རྗེས་བརྩེར་དགོངས་ལ། །ལུས་ལ་བདེ་དྲོད་འབར་བར་བྱིན༴ ལྷན་སྐྱེས་ཡེ་ཤེས་རྟོགས་པར་བྱིན༴ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་བ་འདེབས་སོ་རྗེས་འཇུག་བྱིན༴ འགྲོ་བའི་སྡུག་བསྔལ་དག་ལས་བསྒྲལ་དུ་གསོལ། །རེ་ལྟོས་གཞན་ན་མེད་དོ་ཐུགས་རྗེ་ཅན། །ཞེས་གསོལ་བ་བཏབ་པས་བརྒྱུད་པའི་བླ་མ་རྣམས་འོད་དུ་ཞུ་ནས་བླ་མ་རྣམས་ལ་ཐིམ། རྩ་བའི་བླ་མ་འོད་དུ་ཞུ། བདག་རྟ་མགྲིན་ཡབ་ཡུམ་དུ་གསལ་བ་ལ་ཐིམ་པར་བསམ། དགེའོ།། །།