Terdzo-DZA-015: Difference between revisions
From Rinchen Terdzö
m (Text replacement - " {{Header }}" to " {{Header}}") |
No edit summary |
||
(4 intermediate revisions by one other user not shown) | |||
Line 5: | Line 5: | ||
|fulltitletib=བཀའ་བརྒྱད་རང་བྱུང་རང་ཤར་ལས། ཚེ་ལྷ་ཡོངས་རྫོགས་ཀྱི་ཕྲིན་ལས་སྨིན་བྱེད་དང་བཅས་པ་པདྨའི་རྒྱན་ཕྲེང་ | |fulltitletib=བཀའ་བརྒྱད་རང་བྱུང་རང་ཤར་ལས། ཚེ་ལྷ་ཡོངས་རྫོགས་ཀྱི་ཕྲིན་ལས་སྨིན་བྱེད་དང་བཅས་པ་པདྨའི་རྒྱན་ཕྲེང་ | ||
|fulltitle=bka' brgyad rang byung rang shar las/_tshe lha yongs rdzogs kyi phrin las smin byed dang bcas pa pad+ma'i rgyan phreng | |fulltitle=bka' brgyad rang byung rang shar las/_tshe lha yongs rdzogs kyi phrin las smin byed dang bcas pa pad+ma'i rgyan phreng | ||
|citation=[['jam mgon kong sprul]]. bka' brgyad rang byung rang shar las tshe lha yongs rdzogs kyi phrin las smin byed dang bcas pa pad+ma'i rgyan phreng. In Rin chen gter mdzod chen mo pod bcu dgu pa (The Great Treasury of Rediscovered Teachings Volume 19) by 'jam mgon kong sprul, 309-333. New Delhi: Shechen Publications, 2007- | |citation=[['jam mgon kong sprul]]. bka' brgyad rang byung rang shar las tshe lha yongs rdzogs kyi phrin las smin byed dang bcas pa pad+ma'i rgyan phreng. In Rin chen gter mdzod chen mo pod bcu dgu pa (The Great Treasury of Rediscovered Teachings Volume 19) by 'jam mgon kong sprul, 309-333. New Delhi: Shechen Publications, 2007-2018. | ||
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition | |collectiontitle=Rin chen gter mdzod; Rin chen gter mdzod Shechen Edition | ||
|collectiontitletib=རིན་ཆེན་གཏེར་མཛོད་ | |collectiontitletib=རིན་ཆེན་གཏེར་མཛོད་ | ||
Line 27: | Line 27: | ||
|volnumtib=༡༩ | |volnumtib=༡༩ | ||
|volyigtib=ཛ | |volyigtib=ཛ | ||
|totalvolumes= | |totalvolumes=71 | ||
|textnuminvol=15 | |textnuminvol=15 | ||
|pagenumbers=309-333 | |pagenumbers=309-333 | ||
Line 44: | Line 44: | ||
}} | }} | ||
{{Header}} | {{Header}} | ||
= Tibetan Text | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
<div id='tibetan' class='tib-text'> | <div id='tibetan' class='tib-text'> | ||
༄༅། །བཀའ་བརྒྱད་རང་བྱུང་རང་ཤར་ལས། ཚེ་ལྷ་ཡོངས་རྫོགས་ཀྱི་ཕྲིན་ལས་སྨིན་བྱེད་དང་བཅས་པ་པདྨའི་རྒྱན་ཕྲེང་ཞེས་བྱ་བ་བཞུགས་སོ། ། | ༄༅། །བཀའ་བརྒྱད་རང་བྱུང་རང་ཤར་ལས། ཚེ་ལྷ་ཡོངས་རྫོགས་ཀྱི་ཕྲིན་ལས་སྨིན་བྱེད་དང་བཅས་པ་པདྨའི་རྒྱན་ཕྲེང་ཞེས་བྱ་བ་བཞུགས་སོ། ། | ||
ན་མོ་གུ་རུ་བཛྲཱཡུརྡེ་བཱ་ཡ། གང་མཚན་ཟླ་བའི་འཛུམ་གྱིས་དུས་ཆེན་པོའི། །སྨག་རུམ་བཅོམ་ནས་རིང་འཚོའི་བདུད་རྩིའི་བཅུད། །འཆི་མེད་མཆོག་སྩོལ་མཛད་ལ་ཕྱག་བྱས་ནས། །པདྨའི་རྒྱན་ཕྲེང་སྔགས་ཆུང་མགུལ་དུ་སྦྱིན། །བྱང་གཏེར་ཚེ་ལྷ་ཡོངས་རྫོགས་ཀྱི་ཕྲིན་ལས་ལ་འཇུག་པར་འདོད་པས། དཀྱིལ་འཁོར་བུམ་པ་ཚེ་འབྲང་ཚེ་རིལ་ཚེ་ཆང་མདའ་དར་མཆོད་གཏོར་སོགས་སྤྱི་དང་མཐུན་པར་བཤམ། ཕྲིན་ལས་དངོས་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་སྐྱབས་འགྲོ་ནི། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས་ལ་སྐྱབས་སུ་མཆི། །མི་འབྲལ་རྩེ་གཅིག་བྱིན་བརླབ་པའི། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སེམས་བསྐྱེད་ནི། སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་འཐོབ་བྱ་སྙམ། སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཅིང། །སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར། །འཇུག་པའི་བྱང་ཆུབ་སེམས་བསྐྱེད་དེ། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །མཚམས་བཅད་པ་ནི། རང་ཉིད་རྟ་མགྲིན་གྱི་སྐུར་གསལ་ལ། ཧཱུྃ༔ ང་ནི་པདྨ་ཧེ་རུ་ཀ༔ ཐུགས་ལས་སྤྲུལ་པའི་རྟ་མགྲིན་དཔལ༔ མཁའ་འགྲོ་ཀུན་གྱི་ཕོ་ཉ་ཡིན༔ སྤྱི་གཙུག་རྟ་སྐད་ཐེངས་གསུམ་གྱིས༔ འཇིག་རྟེན་སྲིད་པའི་རྩེ་མོ་ནས༔ ན་རག་དམྱལ་ཁམས་ཡན་ཆད་གཡོ༔ བར་དུ་ཧྲཱིཿཡིག་རྔམ་སྒྲ་ཡིས༔ ལྷ་མིན་སྲིན་པོ་གནོད་སྦྱིན་བརྒྱལ༔ འོག་ཏུ་ཞབས་ཀྱིས་བྲོ་བརྡུངས་པས༔ ས་གཞི་རྒྱ་མཚོ་འཆོལ་ཞིང་ལྡེག༔ སྐུ་ལས་བསྐལ་པའི་མེ་འབར་བས༔ དྲེགས་པ་སྡེ་བརྒྱད་ཐམས་ཅད་སྲེག༔ ང་ནི་དབང་ཆེན་རྒྱལ་པོ་ཡིན༔ ང་ཡི་བཀའ་ལས་སུ་འདའ་བ༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱའོ༔ རྟ་མགྲིན་གྱི་སྙིང་པོ་དང་སུཾ་བྷ་ནིས་བགེགས་བསྐྲད། རང་གི་གནས་དེ་རྟ་མགྲིན་མང་པོས་གང་ཞིང༔ མེ་རི་འབར་བ་དང་རྡོ་རྗེའི་གུར་དུ་གཏམས་པར་གྱུར༔ མཆོད་རྫས་བྱིན་བརླབ་སྤྱི་མཐུན་བྱ། གཉིས་པ་ལ་གསུམ། བདག་བསྐྱེད། བུམ་བསྐྱེད། མདུན་བསྐྱེད་དོ། །དང་པོ་ནི། སྲུང་འཁོར་གྱི་ནང་དུ་སྐད་ཅིག་གིས་རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་པདྨའི་སྡོང་པོ་ཐུགས་ཀར་འཛིན་པ༔ གཡོན་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་བསྣམས་པ༔ ཞབས་སྐྱིལ་ཀྲུང་དུ་བཞུགས་པ༔ དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ༔ ཤིན་ཏུ་ལྷམ་མེ་ལྷང་ངེ་ལྷན་ནེ་སྣང་ལ་རང་བཞིན་མེད་པར་བསྒོམ༔ གནས་གསུམ་དུ་འབྲུ་གསུམ་གསལ་བ་དེའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དེའི་རྣམ་པར་སྤྱན་དྲང༔ ཨོཾ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར། སྔགས་སྔ་མའི་ཤམ་དུ། བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། བསྟོད་པ་ནི། ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དུས་གསུམ་བདེ་གཤེགས་ཀུན་འདུས་སྐུ༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ མཉམ་ཉིད་སྐུ་ལ་ཕྱག་འཚལ་ལོ༔ སྐུ་མདོག་པདྨ་རཱ་ག་འདྲ༔ ཕྱག་གཉིས་པདྨ་ཚེ་བུམ་བསྣམས༔ ཚེ་བཅུད་བདུད་རྩིས་བཀང་ནས་ཀྱང༔ དངོས་གྲུབ་སྩོལ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་མ་ལུས་སྐྱེད་མཛད་ཅིང༔ སངས་རྒྱས་བྱང་སེམས་ཚོགས་ཀྱིས་བསྐོར༔ ཚེ་དཔལ་དངོས་གྲུབ་སྩོལ་མཛད་པའི༔ འཆི་མེད་རྡོ་རྗེའི་སྐུ་ལ་བསྟོད༔ ཇི་ལྟར་པདྨ་ལྟར་རྒྱས་པས༔ ཁམས་གསུམ་རྣམ་པར་ཁྱབ་མཛད་ཅིང༔ ཐུགས་རྗེས་ཕྱོགས་བཅུར་གཟིགས་མཛད་པའི༔ དཔག་མེད་མགོན་ལ་ཕྱག་འཚལ་བསྟོད༔ ལྷ་ཀླུ་གནོད་སྦྱིན་གདོན་གྱི་ཚོགས༔ ཞི་བར་མཛད་ཅིང་དབང་དུ་སྡུད༔ ཚེ་དང་བསོད་ནམས་རྒྱས་མཛད་པའི༔ འཆི་མེད་དབང་པོའི་སྐུ་ལ་བསྟོད༔ བཟླས་པ་ནི། རང་གི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧྲཱིཿཡིག་གི་མཐར་ཚེའི་སྙིང་པོས་གཡས་སུ་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་མཆོད། སེམས་ཅན་རྣམས་ཀྱི་འཆི་བདག་གི་འཇིགས་པ་བསལ། འཆི་མེད་ཚེའི་བྱིན་རླབས། བརྟན་གཡོའི་དྭངས་བཅུད་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པས་ཚེའི་རིག་འཛིན་འགྲུབ་པར་གྱུར། ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཞེས་ཏིང་ངེ་འཛིན་དང་ལྡན་པས་བཟླའོ། །གཉིས་པ་ནི། བུམ་པ་བསང་སྦྱང། སྟོང་པའི་ངང་ལས་བྷྲཱུྃ་ལས་ཚེའི་བུམ་པ་དབྱིབས་ཟླུམ་པོ་ལྟོ་བ་ལྡིར་བ། མཆུ་འཕྱང་བ། ཁ་གཡེལ་བ། འོད་ཟེར་ལྔ་འཕྲོ་བ། དེའི་ནང་དུ་ཨ་ལས་བུམ་ཆུ་དཀར་པོ་བདུད་རྩིའི་རྒྱ་མཚོར་གྱུར། དེའི་སྟེང་དུ་ལྷའི་གཞལ་ཡས་ཁང་གི་དབུས་ན། པདྨ་འདབ་བཞིའི་སྟེང་དུ་ཧྲཱིཿལས་བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔སོགས་བདག་བསྐྱེད་ལྟར་ལ། སྤྱན་འདྲེན་སྐབས་སྤྲོ་ན། མ་ལུས་སེམས་མགོན་བརྗོད། ནང་མཆོད་ཡན་སོང་ནས། བསྟོད་པ་ནི། ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སངས་རྒྱས་སྤྱན་དང་མཉམ་པར་སྦྱོར༔ མི་འགྱུར་རྡོ་རྗེའི་སྐུ་མངའ་བ༔ ཐུགས་མཆོག་ཡབ་ཡུམ་ཕྱག་འཚལ་བསྟོད༔ བཅོམ་ལྡན་རིན་ཆེན་ཚེ་དཔག་མེད༔ མ་མཱ་ཀི་དང་མཉམ་པར་སྦྱོར༔ བདེ་ཆེན་ལྷུན་གྲུབ་སྐུ་མངའ་བ༔ ཡོན་ཏན་ཡབ་ཡུམ་ཕྱག་འཚལ་བསྟོད༔ བཅོམ་ལྡན་རྣམ་སྣང་ཚེ་དཔག་མེད༔ དབྱིངས་ཕྱུག་ཡུམ་དང་གཉིས་མེད་སྦྱོར༔ ཆོས་ཀྱི་འཁོར་ལོ་བསྐོར་མཛད་པའི༔ སྐུ་མཆོག་ཡབ་ཡུམ་ཕྱག་འཚལ་བསྟོད༔ བཅོམ་ལྡན་ཀརྨ་ཚེ་དཔག་མེད༔ སྒྲོལ་མ་ཡུམ་དང་གཉིས་མེད་སྦྱོར༔ སེམས་ཅན་བདེ་ལ་འགོད་མཛད་པའི༔ ཕྲིན་ལས་ཡབ་ཡུམ་ཕྱག་འཚལ་བསྟོད༔ དེ་ནས་གཟུངས་ཐག་བླངས་ལ། རང་སྲོག་སྔགས་ཀྱི་འོད་ཟེར་ལྟ་བུས་ཏིང་ངེ་འཛིན་གསལ་བཏབ་ལ་བཟླས་པ་བདག་བསྐྱེད་སྐབས་ལྟར་ཅི་འགྲུབ་བཟླ། མཐར་མཆོད་བསྟོད་བྱས་ལ། ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས༔ དམ་ཚིག་པ་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཚེ་ཆུ་ནུས་པ་དང་ལྡན་པར་གྱུར༔ ཅེས་མོས། གསུམ་པ་ནི། མདུན་དཀྱིལ་ལ་དམིགས་ཏེ། ཧྲཱི༔ ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་ལས༔ ཐུགས་རྗེ་ཆེན་པོས་སེམས་ཅན་ཀུན་ལ་ཁྱབ༔ རྒྱུ་ལས་ཀུན་བསྐྱེད་ཡི་གེ་ཧཱུྃ་དུ་གསལ༔ ཧཱུྃ་ལས་འོད་འཕྲོས་འབྱུང་བ་རིམ་བརྩེགས་བསྐྱེད༔ ཨེ་ཡཾ་རཾ་བཾ་སུཾ་བྷྲཱུྃ༔ འབྱུང་བ་ཡོངས་གྱུར་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྒྱན་དང་ལྡན༔ མཐའ་མ་རྡོ་རྗེ་མེ་རིས་བསྐོར༔ དཀྱིལ་འཁོར་ཆེན་པོ་དེ་ཡི་དབུས༔ པདྨ་འདབ་བརྒྱད་རིགས་ཀྱི་གདན༔ པདྨ་སཱུརྻ་ཙནྡྲ་མཎྜ་ལ༔ ཧྲཱི༔ དཀྱིལ་འཁོར་ཆེན་པོ་དབུས་ཀྱི་ལྟེ་བ་ལ༔ རིན་ཆེན་ཁྲི་རྐང་རྨ་བྱ་བརྒྱད་བསྣོལ་སྟེང༔ པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔ ཧྲཱིཿལས་བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད༔ སྐུ་མདོག་དཀར་པོ་ཚེ་ཡི་བུམ་པ་བསྣམས༔ ཡུམ་ཆེན་ན་བཟའ་དཀར་མོ་གཉིས་མོད་འཁྲིལ༔ ཤར་དུ་རྣམ་སྣང་ཡབ་ཡུམ་ཚེ་ཡི་བདག༔ སྐུ་མདོག་མཐིང་ཁ་འཁོར་ལོ་ཚེ་བུམ་བསྣམས༔ ལྷོ་རུ་རིན་འབྱུང་ཡབ་ཡུམ་ཚེ་ཡི་བདག༔ སྐུ་མདོག་སེར་པོ་རིན་ཆེན་ཚེ་བུམ་བསྣམས༔ ནུབ་ཏུ་སྣང་མཐའ་ཡབ་ཡུམ་ཚེ་ཡི་བདག༔ སྐུ་མདོག་དམར་པོ་པདྨ་ཚེ་བུམ་བསྣམས༔ བྱང་དུ་དོན་གྲུབ་ཡབ་ཡུམ་ཚེ་ཡི་བདག༔ སྐུ་མདོག་ལྗང་གུ་རྒྱ་གྲམ་ཚེ་བུམ་བསྣམས༔ ཡུམ་རྣམས་ཕྱག་གཉིས་ཚེ་དར་ཚེ་བུམ་བསྣམས༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས་པར་བརྒྱན༔ ཤར་ལྷོར་ལྷུན་གྲུབ་རིག་འཛིན་སྐུ་མདོག་དཀར༔ ལྷོ་ནུབ་ཕྱག་ཆེན་རིག་འཛིན་སྐུ་མདོག་སེར༔ ནུབ་བྱང་ཚེ་དབང་རིག་འཛིན་སྐུ་མདོག་དམར༔ བྱང་ཤར་རྣམ་སྨིན་རིག་འཛིན་སྐུ་མདོག་ལྗང༔ ཀུན་ཀྱང་ཕྱག་གཉིས་ཚེ་དར་ཚེ་བུམ་བསྣམས༔ དེ་ཡི་ཕྱི་རིམ་གྲུ་ཆད་བར་ཁྱམས་ལ༔ ལཱ་སེ་མཱ་ལེ་གཱིརྟི་ནཱིརྟི་མ༔ དྷཱུ་པེ་པུཥྤེ་ཨཱ་ལོ་གནྡྷེ་མ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ ཐམས་ཅད་སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས༔ ཀུན་ཀྱང་ཕྱག་གཉིས་ཚེ་དར་ཚེ་བུམ་བསྣམས༔ ཡེ་ཤེས་འོད་ལྔའི་ན་བཟའ་མཛེས་པར་གསོལ༔ གནས་གསུམ་ཐིག་ལེ་འབྲུ་གསུམ་དཀར་དམར་མཐིང༔ ཀུན་ཀྱང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ བདེ་གཤེགས་ཐམས་ཅད་སྤྱན་དྲངས་གཉིས་མེད་བསྟིམ༔ སྤྱན་འདྲེན་པ་ནི། ཧྲཱི༔ བདེ་བ་ཅན་གྱི་ཞིང་ཁམས་ཆེན་པོ་ནས༔ བཅོམ་ལྡན་རྡོ་རྗེ་ཚེ་ཡི་ལྷ་ཚོགས་དང༔ སྐུ་གསུམ་སྤྲུལ་པའི་ལྷ་ཚོགས་འཁོར་བཅས་རྣམས༔ ཐུགས་དམ་ཚུལ་བཞིན་སྤྱན་འདྲེན་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི། ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་ཡི་ལྷ་ཚོགས་དང༔ སྐུ་གསུམ་སྤྲུལ་པའི་ལྷ་ཚོགས་འཁོར་བཅས་རྣམས༔ རིན་ཆེན་པདྨ་ཉི་ཟླའི་གདན་སྟེང་དུ༔ ཚེ་དཔལ་དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧྲཱི༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་འཁོར་བཅས་རྣམས༔ ཡེ་ཤེས་ཆེན་པོ་གསལ་བའི་སྐུ་མངའ་བ༔ ཐུགས་རྗེས་འགྲོ་བ་སེམས་ཅན་དོན་མཛད་པའི༔ འཆི་མེད་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་འབུལ་ནི། ཧྲཱི༔ དྲི་མེད་ཡིད་འོང་གཙང་མར་སྦྱར་བ་ཡི༔ མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་སྙན་པའི་རོལ་མོ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་སྤྲིན་རྒྱ་མཚོར་འབུལ༔ སརྦ་པཱུ་ཛ་ཧོ༔ བསྟོད་པ་ནི། ཧྲཱི༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ སྐུ་མདོག་དཀར་གསལ་གངས་རིའི་མདོག་འདྲ་བ༔ ཕྱག་གཉིས་མཉམ་གཞག་ཚེ་ཡི་བུམ་པ་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བརྟན་པར་བཞུགས༔ ཡུམ་ཆེན་ལྷ་མོ་གོས་དཀར་མོ་དང་འཁྲིལ༔ ཡབ་ཡུམ་རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས༔ ཚེ་དང་དཔལ་གྱི་དངོས་གྲུབ་སྩོལ་མཛད་པའི༔ འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༔ གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ༔ ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ༔ ཚེ་ལྷ་རིགས་ལྔ་ཡབ་ཡུམ་ཕྱག་འཚལ་བསྟོད༔ ཧྲཱི༔ ལྷུན་གྲུབ་རིག་འཛིན་ཕྱག་རྒྱའི་རིག་འཛིན་དང༔ ཚེ་དབང་རིག་འཛིན་རྣམ་སྨིན་རིག་འཛིན་སོགས༔ འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བརྙེས་པའི༔ འཆི་མེད་རིག་འཛིན་རྣམས་ལ་ཕྱག་འཚལ་བསྟོད༔ ལཱ་སེ་མཱ་ལེ་གཱིརྟི་ནཱིརྟི་མ༔ དྷཱུ་པེ་པུཥྤེ་ཨཱ་ལོ་གནྡྷེ་མ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ བཟླས་དམིགས་ནི། ཐུགས་ཀར་ཟླ་བ་ལ་གནས་པའི་སོགས་བདག་བསྐྱེད་ལྟར་ལ། དྭངས་བཅུད་ཐམས་ཅད་བསྡུས་ནས་ལྷ་དང་སྒྲུབ་རྫས་རྣམས་ལ་ཐིམ་པས་གཟི་བརྗིད་མཆོག་ཏུ་འབར་བར་གྱུར། ཅེས་བསྒོམས་ལ་ཛཔ྄་སྔགས་སྔ་མ་ལྟར་བཟླ། སྤྲོ་ན་སྒྲུབ་ཆེན་ཡོངས་རྫོགས་ལྟར་རིགས་ལྔ་སྤྱི་དྲིལ་བཅས་པའི་སྔགས་རྣམས་ཀྱང་བཟླས་ལ། ཚོགས་རྫས་རྣམས། རཾ་ཡཾ་ཁཾ་དང་། སྭ་བྷཱ་བས་སྦྱང་། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། ཨཱ་ཡུརྫྙཱ་ན་དེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧིཿ ལན་གསུམ་གྱིས་ཕུལ། མཆོད་བསྟོད་མདོར་བསྡུས་བྱའོ། །དེ་ནས་ཚེ་འགུགས་པ་ནི། ཨཱ་ཡུརྫྙཱ་ན་བྷྲཱུྃ༔ ཞེས་པས་ཁམས་གསུམ་ཐམས་ཅད་ཀྱི་ཚེའི་བཀྲག་མདངས་གཟི་བརྗིད་བསྡུས་པར་བསམ༔ ཨོཾ་བཛྲ་ཨཱ་ཡུཿམུཀྟ་ཧོ༔ ས་མ་ཡ་བོ་དྷི་ཙིཏྟ་བཛྲ་ཨཾ་ཀུ་ཤ་ཛ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཨ་ཨཱ༔ ཚེ་མདའ་གཡབ་ལ། ཧྲཱི༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ ཐུགས་རྗེའི་དབང་གིས་འགྲོ་བའི་དོན་ལ་བྱོན༔ མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་སུ༔ བྱང་ཆུབ་སེམས་ཀྱི་བདུད་རྩི་འོད་དུ་འཕྲོ༔ སྐལ་ལྡན་བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ ལཱ་སེ་དཀར་མོ་ཚེ་ཡི་བདག༔ ཕྱག་ན་ཤེལ་གྱི་བུམ་པ་བསྣམས༔ ཚེ་དང་དཔལ་གྱི་ཕྲིན་ལས་མཛོད༔ ཧྲཱི༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ མཱ་ལེ་སྔོན་མོ་ཚེ་ཡི་བདག༔ ཕྱག་ན་མཐིང་གི་བུམ་པ་བསྣམས༔ ཚེ་དང་དཔལ་གྱི་ཕྲིན་ལས་མཛོད༔ ཧྲཱི༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ གཱིརྟི་དམར་མོ་ཚེ་ཡི་བདག༔ ཕྱག་ན་མཆོང་གི་བུམ་པ་བསྣམས༔ ཚེ་དང་དཔལ་གྱི་ཕྲིན་ལས་མཛོད༔ ཧྲཱི༔ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ནཱིརྟི་ལྗང་གུ་ཚེ་ཡི་བདག༔ ཕྱག་ན་གཡུ་ཡི་བུམ་པ་བསྣམས༔ ཚེ་དང་དཔལ་གྱི་ཕྲིན་ལས་མཛོད༔ ཧྲཱི༔ ལུས་ཀྱི་ཤ་ཡི་ཁམས་ཉམས་ན༔ འབྱུང་བ་ས་ཡི་བཅུད་སྡུས་ལ༔ སངས་རྒྱས་སྤྱན་མས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ ལུས་ཀྱི་ཁྲག་གི་ཁམས་ཉམས་ན༔ འབྱུང་བ་ཆུ་ཡི་བཅུད་སྡུས་ལ༔ མཱ་མ་ཀཱི་ཡིས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ ལུས་ཀྱི་དྲོད་ཀྱི་ཁམས་ཉམས་ན༔ འབྱུང་བ་མེ་ཡི་བཅུད་སྡུས་ལ༔ གོས་དཀར་མོ་ཡིས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ ལུས་ཀྱི་དབུགས་ཀྱི་ཁམས་ཉམས་ན༔ འབྱུང་བ་རླུང་གི་བཅུད་སྡུས་ལ༔ དམ་ཚིག་སྒྲོལ་མས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ ཤར་ཕྱོགས་འབྱུང་བ་ས་ཡི་ཞིང་ཁམས་ན༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛད་མ༔ དཀར་མོ་མགྱོགས་མ་ཞི་བྱེད་འོད་འཕྲོའི་ཚོགས༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་སྒྱུར་མ༔ ཤར་ཕྱོགས་སྣོད་བཅུད་ཀུན་གྱི་ཚེ་ཁུག་ཅིག༔ ཧྲཱི༔ ལྷོ་ཕྱོགས་འབྱུང་བ་ཆུ་ཡི་ཞིང་ཁམས་ན༔ རཏྣ་ཚེ་མཆོག་འགུགས་པའི་ལས་མཛད་མ༔ སྔོན་མོ་མགྱོགས་མ་རྒྱས་བྱེད་འོད་འཕྲོའི་ཚོགས༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་སྒྱུར་མ༔ ལྷོ་ཕྱོགས་སྣོད་བཅུད་ཀུན་གྱི་ཚེ་ཁུག་ཅིག༔ ཧྲཱི༔ ནུབ་ཕྱོགས་འབྱུང་བ་མེ་ཡི་ཞིང་ཁམས་ན༔ པདྨ་ཚེ་མཆོག་འགུགས་པའི་ལས་མཛད་མ༔ དམར་མོ་མགྱོགས་མ་དབང་སྡུད་མཁའ་འགྲོའི་ཚོགས༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་སྒྱུར་མ༔ ནུབ་ཕྱོགས་སྣོད་བཅུད་ཀུན་གྱི་ཚེ་ཁུག་ཅིག༔ ཧྲཱི༔ བྱང་ཕྱོགས་འབྱུང་བ་རླུང་གི་ཞིང་ཁམས་ནས༔ ཀརྨ་ཚེ་མཆོག་འགུགས་པའི་ལས་མཛད་མ༔ ལྗང་མོ་མགྱོགས་མ་གྲུབ་བྱེད་འོད་འཕྲོའི་ཚོགས༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་སྒྱུར་མ༔ བྱང་ཕྱོགས་སྣོད་བཅུད་ཀུན་གྱི་ཚེ་ཁུག་ཅིག༔ དེ་ནས་ཚེ་བསྟིམ་པ་ནི། ཧྲཱི༔ སྲིད་པ་གསུམ་གྱི་ཚེ་བཀྲག་རྣམས༔ ཡི་གེ་བྷྲཱུྃ་ལ་བསྟིམ་པར་བྱ༔ བྷྲཱུྃ་དེ་འོད་དུ་ཞུ་བ་ལས༔ ཚེ་ཡི་བུམ་པ་ཉིད་ལ་ཐིམ༔ བུམ་པའི་ནང་གི་འོད་ཟེར་རྣམས༔ འབྱུང་བའི་སྙིང་པོ་ལྔ་ལ་ཐིམ༔ ཨེ་ཡཾ་རཾ་བཾ་སུཾ༔ སྙིང་པོ་ལྔ་ཡི་བཀྲག་མདངས་རྒྱས༔ ལྷ་ཡི་སྙིང་པོ་ལྔ་ལ་ཐིམ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཡི་གེ་དཔའ་བོ་འབྲུ་ལྔ་པོ༔ རང་གི་སྙིང་ཁར་ཐིམ་པ་ཡིས༔ སྙིང་ནང་འོད་ཀྱི་ག་འུར་གྱུར༔ ས་མ་ཡ་ཏིཥྛ་ལྷན༔ དེ་ནས་སྲུང་བ་བྱ་བ་ནི། ཧྲཱི༔ ཙིཏྟ་གསང་བའི་སྒོ་སྲུང་ནི༔ དབང་གི་རྒྱལ་པོ་རྟ་མགྲིན་ཏེ༔ ཚེ་སྲོག་བར་ཆད་བསྲུང་བར་མཛོད༔ འཆི་བདག་བདུད་བཞིའི་སྒོ་ཆོད་ལ༔ ཚེ་བདག་ཆེན་པོ་བརྟན་པར་བཞུགས༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ༔ བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བརྗོད་པས། ནང་གི་རྩ་སྒོ་རྟ་མགྲིན་གྱིས་སྲུང༔ ཕྱིའི་ལུས་མགོ་མཇུག་རྡོ་རྗེའི་གོ་ཁྲབ་ཀྱིས་སྲུང་བར་གྱུར༔ ཅེས་མོས་ལ་རྡོ་རྗེས་གནས་རྣམས་སུ་རྒྱས་གདབ་བོ། །གསུམ་པ་རྗེས་ཆོག་ནི། གཏང་རག་མཆོད་བསྟོད་བྱ། དངོས་གྲུབ་སྐུལ་ཚིག་གང་རུང་བརྗོད་ལ་ཚེ་རྫས་ལོངས་སྤྱད། ནོངས་བཤགས་བཟོད་གསོལ། རྟེན་ཡོད་ན་མདུན་བསྐྱེད་བརྟན་བཞུགས་དང་མེད་ན་གཤེགས་བསྡུ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་བཅས་རིགས་མཐུན་ནམ་གསང་བ་སྤྱི་ལྟར་བྱས་པས་འགྲུབ་བོ། །འདིའི་དཀྱིལ་འཁོར་དུ་ཚེ་དབང་ཡོངས་རྫོགས་བསྐུར་ན། སྟེགས་བུའི་སྟེང་དུ་དཀྱིལ་འཁོར་སྒོ་རྫོགས་ཅན་གཞུང་མཐུན་བྲིས་པའམ། མཎྜལ་ལ་འབྲུ་དཀར་གྱིས་ཚོམ་བུ་གཙོ་འཁོར་དགུ །དེ་རྒྱབ་བརྒྱད། དེ་རྒྱབ་ཕྱོགས་བཞིར་བཞི་རྣམས་བཀོད་པའི་སྟེང་དུ་མཉྫི་ལ་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་དང་བཅས་པ། མདུན་དུ་ཚེ་འབྲང་། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་དུ་ཚེ་མདའ་མཐར་མཆོད་གཏོར་གྱིས་བསྐོར་བ་དང་། ལས་བུམ། རྒྱལ་སྲིད་བདུན། རྫས་བརྒྱད་ཙཀ་ལི་སོགས་ཉེར་མཁོ་རྣམས་ཚོགས་པར་བྱས་ལ། ལས་བྱང་ལྟར་བདག་མདུན་བུམ་པ་རྣམས་བསྒྲུབ་ཅིང་བཟླས་པ་ཅི་ནུས་མཐར། ཚོགས་མཆོད་ཚེ་འགུགས་ཡན་གཏང་། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་བྱ། ཏིང་ངེ་འཛིན་གྱི་དབང་ངམ་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །དེ་ནས་སློབ་མ་རྣམས་ལ་ཁྲུས་བྱས། གྲལ་དུ་འཁོད། བགེགས་གཏོར་བཏང་། ལས་བྱང་ལྟར་བཀའ་བསྒོ་ཞིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ་སོགས་བྱས་ལ། ཇི་སྐད་དུ། བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་པ་ལ། །ཆོས་རྒྱལ་གདུང་རྒྱུད་སྐྱོབ་པའི་མན་ངག་བདོག །ཅེས་བོད་ཁམས་སྐྱོབ་བྱེད་ཀྱི་གསང་མཛོད་ཆེན་པོ་ཉིད་དུ་བསྔགས་པ་བྱང་ཟང་ཟང་ལྷ་བྲག་གི་བྲག་རི་དུག་སྦྲུལ་སྤུངས་འདྲའི་ཟབ་གཏེར་རྣམས། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ཡང་སྲིད་སྤྲུལ་སྐུ་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་པ་ལས། འདིར་མཛོད་ལྔའི་ནང་ཚན་ཤར་དུང་མཛོད་དཀར་པོ་ནས་བྱོན་པ་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་ཆོས་སྡེ། ཡོངས་རྫོགས་རྣམ་པ་གསུམ་གྱི་ནང་ཚན་འཆི་མེད་ཚེ་ལྷ་ཡོངས་རྫོགས་ཀྱི་སྨིན་བྱེད་སྒྲུབ་པའི་སྐབས་སུ་བབས་པ་སྟེ། འདི་ཉིད་ཀྱི་ནང་སྒྲུབ་ལས། ཨོ་རྒྱན་པདྨ་བདག་ཉིད་ཀྱིས༔ ཚེ་སྒྲུབ་ཟབ་མོ་བརྒྱ་སྟོང་ལས༔ ཚེགས་ཆུང་དོན་ཆེའི་མན་ངག་བསྡུས༔ ཡང་ཟབ་འགྲུབ་མྱུར་དོན་འདྲིལ་བ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་དང་། བསྐལ་པ་དུས་ཀྱི་ཐ་མ་ལ༔ མི་རྣམས་ཚེ་ཐུང་སྙིང་རུས་ཆུང༔ དེ་དུས་ཚེགས་ཆུང་སྒྲུབ་སླ་མྱུར༔ ཚེ་སྒྲུབ་ཀུན་གྱི་དོན་བསྡུས་ནས༔ བདག་འདྲ་པདྨས་གཏེར་དུ་སྦས༔ ཞེས་སོགས་བསྔགས་པར་མཛད་པའི་ཚེ་སྒྲུབ་ཟབ་མོའི་དབང་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་པས༔ བདག་ལ་འཆི་མེད་ཚེ་དབང་བསྐུར་དུ་གསོལ༔ ཚེ་ཡི་དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ། བླ་མ་འཆི་མེད་མགོན་པོ་ཚེ་ལྷ་རིག་འཛིན་རྒྱལ་བ་སྲས་དང་བཅས་པ་ལ་བདག་སོགས་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཐུགས་རྗེའི་དབང་གིས་སོགས་གསུམ། སྨོན་འཇུག་དོན་དམ་པའི་སེམས་བསྐྱེད་རྣམས་རིམ་པར་གསལ་ཐོབ་ལ་འདིའི་རྗེས་ཟློས། སྔོན་ནས་བསགས་པའི་སོགས་གསུམ། དེ་ནས་ཐོག་མར་བྱིན་རླབས་བླ་མའི་དབང་གིས་ཡེ་ཤེས་པའི་གཟི་བྱིན་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། ལས་ཆུ་འཐོར། བསང་སྦྱང་། ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལས་པདྨ་ཉི་ཟླའི་སྟེང་དུ་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པ་ཧྲཱིཿཡིག་དམར་གསལ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པདྨའི་སྡོང་པོ་ཐུགས་ཀར་འཛིན་པ། གཡོན་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་བསྣམས་པ། ཞབས་སྐྱིལ་ཀྲུང་དུ་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། མཚན་དཔེའི་གཟི་བྱིན་རབ་ཏུ་འབར་བའི་སྐུ་ཅན་དུ་གསལ་བའི་གནས་གསུམ་ཡིག་འབྲུ་གསུམ་དང་། ཐུགས་དབུས་ཟླ་སྟེང་ཧྲཱིཿཡིག་གིས་མཚན་པར་སྒོམས་ཤིག དེ་ནས་ལུས་སེམས་ཁོང་ཀློད་དེ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་མོས་གུས་དྲག་ཏུ་བྱས་པའི་རྐྱེན་གྱིས། འོག་མིན་ཆོས་ཀྱི་དབྱིངས་ནས། རང་གི་སྤྱི་གཙུག་ཡན་ཆད་བླ་མ་བརྒྱུད་པས་ཁེངས་ཏེ། དེ་དག་ཐམས་ཅད་ཀྱི་ཕྱག་ན་ཚེའི་བུམ་པ་རེ་རེ་བསྣམས་ཤིང་དབང་བསྐུར། འཁོར་མཁའ་འགྲོ་མང་པོས་གར་བྱེད་པ་ལ་གསོལ་བ་བཏབ་པས་རྡོ་རྗེའི་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་བསྩལ་བར་མོས་ཤིག །སྦྱར་སྤོས་བསྲེག །ཌཱ་དྲིལ་དབྱངས་བཅས། ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཡེ་ཤེས་སྣང་བ་ལམ་མེ་བ༔ ཀུན་ཏུ་བཟང་པོའི་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ པདྨ་དབང་གི་ཞིང་ཁམས་ནས༔ ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ༔ སྣང་བ་མཐའ་ཡས་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ འཆི་མེད་དབང་པོ་ལྷ་ཡི་ལྷ༔ ཚེ་དཔག་མེད་པའི་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འཛམ་བུ་གླིང་གི་གནས་བརྒྱད་ནས༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ པདྨ་འབྱུང་གནས་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ པདྨ་དཀར་པོ་རྒྱས་འདྲའི་སྤྱན༔ པདྨ་སཾ་བྷའི་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༔ བློ་ལྡན་མཆོག་སྲེད་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ༔ པདྨ་རྒྱལ་པོའི་དུས་ལ་བབ༔ | ན་མོ་གུ་རུ་བཛྲཱཡུརྡེ་བཱ་ཡ། གང་མཚན་ཟླ་བའི་འཛུམ་གྱིས་དུས་ཆེན་པོའི། །སྨག་རུམ་བཅོམ་ནས་རིང་འཚོའི་བདུད་རྩིའི་བཅུད། །འཆི་མེད་མཆོག་སྩོལ་མཛད་ལ་ཕྱག་བྱས་ནས། །པདྨའི་རྒྱན་ཕྲེང་སྔགས་ཆུང་མགུལ་དུ་སྦྱིན། །བྱང་གཏེར་ཚེ་ལྷ་ཡོངས་རྫོགས་ཀྱི་ཕྲིན་ལས་ལ་འཇུག་པར་འདོད་པས། དཀྱིལ་འཁོར་བུམ་པ་ཚེ་འབྲང་ཚེ་རིལ་ཚེ་ཆང་མདའ་དར་མཆོད་གཏོར་སོགས་སྤྱི་དང་མཐུན་པར་བཤམ། ཕྲིན་ལས་དངོས་ལ་གསུམ། སྔོན་འགྲོ །དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་སྐྱབས་འགྲོ་ནི། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས་ལ་སྐྱབས་སུ་མཆི། །མི་འབྲལ་རྩེ་གཅིག་བྱིན་བརླབ་པའི། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སེམས་བསྐྱེད་ནི། སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་འཐོབ་བྱ་སྙམ། སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཅིང། །སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར། །འཇུག་པའི་བྱང་ཆུབ་སེམས་བསྐྱེད་དེ། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །མཚམས་བཅད་པ་ནི། རང་ཉིད་རྟ་མགྲིན་གྱི་སྐུར་གསལ་ལ། ཧཱུྃ༔ ང་ནི་པདྨ་ཧེ་རུ་ཀ༔ ཐུགས་ལས་སྤྲུལ་པའི་རྟ་མགྲིན་དཔལ༔ མཁའ་འགྲོ་ཀུན་གྱི་ཕོ་ཉ་ཡིན༔ སྤྱི་གཙུག་རྟ་སྐད་ཐེངས་གསུམ་གྱིས༔ འཇིག་རྟེན་སྲིད་པའི་རྩེ་མོ་ནས༔ ན་རག་དམྱལ་ཁམས་ཡན་ཆད་གཡོ༔ བར་དུ་ཧྲཱིཿཡིག་རྔམ་སྒྲ་ཡིས༔ ལྷ་མིན་སྲིན་པོ་གནོད་སྦྱིན་བརྒྱལ༔ འོག་ཏུ་ཞབས་ཀྱིས་བྲོ་བརྡུངས་པས༔ ས་གཞི་རྒྱ་མཚོ་འཆོལ་ཞིང་ལྡེག༔ སྐུ་ལས་བསྐལ་པའི་མེ་འབར་བས༔ དྲེགས་པ་སྡེ་བརྒྱད་ཐམས་ཅད་སྲེག༔ ང་ནི་དབང་ཆེན་རྒྱལ་པོ་ཡིན༔ ང་ཡི་བཀའ་ལས་སུ་འདའ་བ༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱའོ༔ རྟ་མགྲིན་གྱི་སྙིང་པོ་དང་སུཾ་བྷ་ནིས་བགེགས་བསྐྲད། རང་གི་གནས་དེ་རྟ་མགྲིན་མང་པོས་གང་ཞིང༔ མེ་རི་འབར་བ་དང་རྡོ་རྗེའི་གུར་དུ་གཏམས་པར་གྱུར༔ མཆོད་རྫས་བྱིན་བརླབ་སྤྱི་མཐུན་བྱ། གཉིས་པ་ལ་གསུམ། བདག་བསྐྱེད། བུམ་བསྐྱེད། མདུན་བསྐྱེད་དོ། །དང་པོ་ནི། སྲུང་འཁོར་གྱི་ནང་དུ་སྐད་ཅིག་གིས་རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་པདྨའི་སྡོང་པོ་ཐུགས་ཀར་འཛིན་པ༔ གཡོན་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་བསྣམས་པ༔ ཞབས་སྐྱིལ་ཀྲུང་དུ་བཞུགས་པ༔ དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ༔ ཤིན་ཏུ་ལྷམ་མེ་ལྷང་ངེ་ལྷན་ནེ་སྣང་ལ་རང་བཞིན་མེད་པར་བསྒོམ༔ གནས་གསུམ་དུ་འབྲུ་གསུམ་གསལ་བ་དེའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དེའི་རྣམ་པར་སྤྱན་དྲང༔ ཨོཾ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་བཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར། སྔགས་སྔ་མའི་ཤམ་དུ། བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། བསྟོད་པ་ནི། ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དུས་གསུམ་བདེ་གཤེགས་ཀུན་འདུས་སྐུ༔ མཁའ་དང་མཉམ་པའི་སྐུ་མངའ་བ༔ མཉམ་ཉིད་སྐུ་ལ་ཕྱག་འཚལ་ལོ༔ སྐུ་མདོག་པདྨ་རཱ་ག་འདྲ༔ ཕྱག་གཉིས་པདྨ་ཚེ་བུམ་བསྣམས༔ ཚེ་བཅུད་བདུད་རྩིས་བཀང་ནས་ཀྱང༔ དངོས་གྲུབ་སྩོལ་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་མ་ལུས་སྐྱེད་མཛད་ཅིང༔ སངས་རྒྱས་བྱང་སེམས་ཚོགས་ཀྱིས་བསྐོར༔ ཚེ་དཔལ་དངོས་གྲུབ་སྩོལ་མཛད་པའི༔ འཆི་མེད་རྡོ་རྗེའི་སྐུ་ལ་བསྟོད༔ ཇི་ལྟར་པདྨ་ལྟར་རྒྱས་པས༔ ཁམས་གསུམ་རྣམ་པར་ཁྱབ་མཛད་ཅིང༔ ཐུགས་རྗེས་ཕྱོགས་བཅུར་གཟིགས་མཛད་པའི༔ དཔག་མེད་མགོན་ལ་ཕྱག་འཚལ་བསྟོད༔ ལྷ་ཀླུ་གནོད་སྦྱིན་གདོན་གྱི་ཚོགས༔ ཞི་བར་མཛད་ཅིང་དབང་དུ་སྡུད༔ ཚེ་དང་བསོད་ནམས་རྒྱས་མཛད་པའི༔ འཆི་མེད་དབང་པོའི་སྐུ་ལ་བསྟོད༔ བཟླས་པ་ནི། རང་གི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧྲཱིཿཡིག་གི་མཐར་ཚེའི་སྙིང་པོས་གཡས་སུ་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་རྣམས་མཆོད། སེམས་ཅན་རྣམས་ཀྱི་འཆི་བདག་གི་འཇིགས་པ་བསལ། འཆི་མེད་ཚེའི་བྱིན་རླབས། བརྟན་གཡོའི་དྭངས་བཅུད་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པས་ཚེའི་རིག་འཛིན་འགྲུབ་པར་གྱུར། ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཞེས་ཏིང་ངེ་འཛིན་དང་ལྡན་པས་བཟླའོ། །གཉིས་པ་ནི། བུམ་པ་བསང་སྦྱང། སྟོང་པའི་ངང་ལས་བྷྲཱུྃ་ལས་ཚེའི་བུམ་པ་དབྱིབས་ཟླུམ་པོ་ལྟོ་བ་ལྡིར་བ། མཆུ་འཕྱང་བ། ཁ་གཡེལ་བ། འོད་ཟེར་ལྔ་འཕྲོ་བ། དེའི་ནང་དུ་ཨ་ལས་བུམ་ཆུ་དཀར་པོ་བདུད་རྩིའི་རྒྱ་མཚོར་གྱུར། དེའི་སྟེང་དུ་ལྷའི་གཞལ་ཡས་ཁང་གི་དབུས་ན། པདྨ་འདབ་བཞིའི་སྟེང་དུ་ཧྲཱིཿལས་བཅོམ་ལྡན་འདས་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔སོགས་བདག་བསྐྱེད་ལྟར་ལ། སྤྱན་འདྲེན་སྐབས་སྤྲོ་ན། མ་ལུས་སེམས་མགོན་བརྗོད། ནང་མཆོད་ཡན་སོང་ནས། བསྟོད་པ་ནི། ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སངས་རྒྱས་སྤྱན་དང་མཉམ་པར་སྦྱོར༔ མི་འགྱུར་རྡོ་རྗེའི་སྐུ་མངའ་བ༔ ཐུགས་མཆོག་ཡབ་ཡུམ་ཕྱག་འཚལ་བསྟོད༔ བཅོམ་ལྡན་རིན་ཆེན་ཚེ་དཔག་མེད༔ མ་མཱ་ཀི་དང་མཉམ་པར་སྦྱོར༔ བདེ་ཆེན་ལྷུན་གྲུབ་སྐུ་མངའ་བ༔ ཡོན་ཏན་ཡབ་ཡུམ་ཕྱག་འཚལ་བསྟོད༔ བཅོམ་ལྡན་རྣམ་སྣང་ཚེ་དཔག་མེད༔ དབྱིངས་ཕྱུག་ཡུམ་དང་གཉིས་མེད་སྦྱོར༔ ཆོས་ཀྱི་འཁོར་ལོ་བསྐོར་མཛད་པའི༔ སྐུ་མཆོག་ཡབ་ཡུམ་ཕྱག་འཚལ་བསྟོད༔ བཅོམ་ལྡན་ཀརྨ་ཚེ་དཔག་མེད༔ སྒྲོལ་མ་ཡུམ་དང་གཉིས་མེད་སྦྱོར༔ སེམས་ཅན་བདེ་ལ་འགོད་མཛད་པའི༔ ཕྲིན་ལས་ཡབ་ཡུམ་ཕྱག་འཚལ་བསྟོད༔ དེ་ནས་གཟུངས་ཐག་བླངས་ལ། རང་སྲོག་སྔགས་ཀྱི་འོད་ཟེར་ལྟ་བུས་ཏིང་ངེ་འཛིན་གསལ་བཏབ་ལ་བཟླས་པ་བདག་བསྐྱེད་སྐབས་ལྟར་ཅི་འགྲུབ་བཟླ། མཐར་མཆོད་བསྟོད་བྱས་ལ། ཡེ་ཤེས་པ་མདུན་གྱི་ནམ་མཁར་བཞུགས༔ དམ་ཚིག་པ་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཚེ་ཆུ་ནུས་པ་དང་ལྡན་པར་གྱུར༔ ཅེས་མོས། གསུམ་པ་ནི། མདུན་དཀྱིལ་ལ་དམིགས་ཏེ། ཧྲཱི༔ ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་ལས༔ ཐུགས་རྗེ་ཆེན་པོས་སེམས་ཅན་ཀུན་ལ་ཁྱབ༔ རྒྱུ་ལས་ཀུན་བསྐྱེད་ཡི་གེ་ཧཱུྃ་དུ་གསལ༔ ཧཱུྃ་ལས་འོད་འཕྲོས་འབྱུང་བ་རིམ་བརྩེགས་བསྐྱེད༔ ཨེ་ཡཾ་རཾ་བཾ་སུཾ་བྷྲཱུྃ༔ འབྱུང་བ་ཡོངས་གྱུར་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྒྱན་དང་ལྡན༔ མཐའ་མ་རྡོ་རྗེ་མེ་རིས་བསྐོར༔ དཀྱིལ་འཁོར་ཆེན་པོ་དེ་ཡི་དབུས༔ པདྨ་འདབ་བརྒྱད་རིགས་ཀྱི་གདན༔ པདྨ་སཱུརྻ་ཙནྡྲ་མཎྜ་ལ༔ ཧྲཱི༔ དཀྱིལ་འཁོར་ཆེན་པོ་དབུས་ཀྱི་ལྟེ་བ་ལ༔ རིན་ཆེན་ཁྲི་རྐང་རྨ་བྱ་བརྒྱད་བསྣོལ་སྟེང༔ པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ༔ ཧྲཱིཿལས་བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད༔ སྐུ་མདོག་དཀར་པོ་ཚེ་ཡི་བུམ་པ་བསྣམས༔ ཡུམ་ཆེན་ན་བཟའ་དཀར་མོ་གཉིས་མོད་འཁྲིལ༔ ཤར་དུ་རྣམ་སྣང་ཡབ་ཡུམ་ཚེ་ཡི་བདག༔ སྐུ་མདོག་མཐིང་ཁ་འཁོར་ལོ་ཚེ་བུམ་བསྣམས༔ ལྷོ་རུ་རིན་འབྱུང་ཡབ་ཡུམ་ཚེ་ཡི་བདག༔ སྐུ་མདོག་སེར་པོ་རིན་ཆེན་ཚེ་བུམ་བསྣམས༔ ནུབ་ཏུ་སྣང་མཐའ་ཡབ་ཡུམ་ཚེ་ཡི་བདག༔ སྐུ་མདོག་དམར་པོ་པདྨ་ཚེ་བུམ་བསྣམས༔ བྱང་དུ་དོན་གྲུབ་ཡབ་ཡུམ་ཚེ་ཡི་བདག༔ སྐུ་མདོག་ལྗང་གུ་རྒྱ་གྲམ་ཚེ་བུམ་བསྣམས༔ ཡུམ་རྣམས་ཕྱག་གཉིས་ཚེ་དར་ཚེ་བུམ་བསྣམས༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས་པར་བརྒྱན༔ ཤར་ལྷོར་ལྷུན་གྲུབ་རིག་འཛིན་སྐུ་མདོག་དཀར༔ ལྷོ་ནུབ་ཕྱག་ཆེན་རིག་འཛིན་སྐུ་མདོག་སེར༔ ནུབ་བྱང་ཚེ་དབང་རིག་འཛིན་སྐུ་མདོག་དམར༔ བྱང་ཤར་རྣམ་སྨིན་རིག་འཛིན་སྐུ་མདོག་ལྗང༔ ཀུན་ཀྱང་ཕྱག་གཉིས་ཚེ་དར་ཚེ་བུམ་བསྣམས༔ དེ་ཡི་ཕྱི་རིམ་གྲུ་ཆད་བར་ཁྱམས་ལ༔ ལཱ་སེ་མཱ་ལེ་གཱིརྟི་ནཱིརྟི་མ༔ དྷཱུ་པེ་པུཥྤེ་ཨཱ་ལོ་གནྡྷེ་མ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ ཐམས་ཅད་སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས༔ ཀུན་ཀྱང་ཕྱག་གཉིས་ཚེ་དར་ཚེ་བུམ་བསྣམས༔ ཡེ་ཤེས་འོད་ལྔའི་ན་བཟའ་མཛེས་པར་གསོལ༔ གནས་གསུམ་ཐིག་ལེ་འབྲུ་གསུམ་དཀར་དམར་མཐིང༔ ཀུན་ཀྱང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ བདེ་གཤེགས་ཐམས་ཅད་སྤྱན་དྲངས་གཉིས་མེད་བསྟིམ༔ སྤྱན་འདྲེན་པ་ནི། ཧྲཱི༔ བདེ་བ་ཅན་གྱི་ཞིང་ཁམས་ཆེན་པོ་ནས༔ བཅོམ་ལྡན་རྡོ་རྗེ་ཚེ་ཡི་ལྷ་ཚོགས་དང༔ སྐུ་གསུམ་སྤྲུལ་པའི་ལྷ་ཚོགས་འཁོར་བཅས་རྣམས༔ ཐུགས་དམ་ཚུལ་བཞིན་སྤྱན་འདྲེན་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོ༔ ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི། ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་ཡི་ལྷ་ཚོགས་དང༔ སྐུ་གསུམ་སྤྲུལ་པའི་ལྷ་ཚོགས་འཁོར་བཅས་རྣམས༔ རིན་ཆེན་པདྨ་ཉི་ཟླའི་གདན་སྟེང་དུ༔ ཚེ་དཔལ་དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧྲཱི༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་འཁོར་བཅས་རྣམས༔ ཡེ་ཤེས་ཆེན་པོ་གསལ་བའི་སྐུ་མངའ་བ༔ ཐུགས་རྗེས་འགྲོ་བ་སེམས་ཅན་དོན་མཛད་པའི༔ འཆི་མེད་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་འབུལ་ནི། ཧྲཱི༔ དྲི་མེད་ཡིད་འོང་གཙང་མར་སྦྱར་བ་ཡི༔ མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་སྙན་པའི་རོལ་མོ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལྔ་ཡི་མཆོད་སྤྲིན་རྒྱ་མཚོར་འབུལ༔ སརྦ་པཱུ་ཛ་ཧོ༔ བསྟོད་པ་ནི། ཧྲཱི༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ སྐུ་མདོག་དཀར་གསལ་གངས་རིའི་མདོག་འདྲ་བ༔ ཕྱག་གཉིས་མཉམ་གཞག་ཚེ་ཡི་བུམ་པ་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བརྟན་པར་བཞུགས༔ ཡུམ་ཆེན་ལྷ་མོ་གོས་དཀར་མོ་དང་འཁྲིལ༔ ཡབ་ཡུམ་རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས༔ ཚེ་དང་དཔལ་གྱི་དངོས་གྲུབ་སྩོལ་མཛད་པའི༔ འཆི་མེད་ཚེ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༔ གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ༔ ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པ༔ ཚེ་ལྷ་རིགས་ལྔ་ཡབ་ཡུམ་ཕྱག་འཚལ་བསྟོད༔ ཧྲཱི༔ ལྷུན་གྲུབ་རིག་འཛིན་ཕྱག་རྒྱའི་རིག་འཛིན་དང༔ ཚེ་དབང་རིག་འཛིན་རྣམ་སྨིན་རིག་འཛིན་སོགས༔ འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བརྙེས་པའི༔ འཆི་མེད་རིག་འཛིན་རྣམས་ལ་ཕྱག་འཚལ་བསྟོད༔ ལཱ་སེ་མཱ་ལེ་གཱིརྟི་ནཱིརྟི་མ༔ དྷཱུ་པེ་པུཥྤེ་ཨཱ་ལོ་གནྡྷེ་མ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ བཟླས་དམིགས་ནི། ཐུགས་ཀར་ཟླ་བ་ལ་གནས་པའི་སོགས་བདག་བསྐྱེད་ལྟར་ལ། དྭངས་བཅུད་ཐམས་ཅད་བསྡུས་ནས་ལྷ་དང་སྒྲུབ་རྫས་རྣམས་ལ་ཐིམ་པས་གཟི་བརྗིད་མཆོག་ཏུ་འབར་བར་གྱུར། ཅེས་བསྒོམས་ལ་ཛཔ྄་སྔགས་སྔ་མ་ལྟར་བཟླ། སྤྲོ་ན་སྒྲུབ་ཆེན་ཡོངས་རྫོགས་ལྟར་རིགས་ལྔ་སྤྱི་དྲིལ་བཅས་པའི་སྔགས་རྣམས་ཀྱང་བཟླས་ལ། ཚོགས་རྫས་རྣམས། རཾ་ཡཾ་ཁཾ་དང་། སྭ་བྷཱ་བས་སྦྱང་། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། ཨཱ་ཡུརྫྙཱ་ན་དེ་ཝ་ཌཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧིཿ ལན་གསུམ་གྱིས་ཕུལ། མཆོད་བསྟོད་མདོར་བསྡུས་བྱའོ། །དེ་ནས་ཚེ་འགུགས་པ་ནི། ཨཱ་ཡུརྫྙཱ་ན་བྷྲཱུྃ༔ ཞེས་པས་ཁམས་གསུམ་ཐམས་ཅད་ཀྱི་ཚེའི་བཀྲག་མདངས་གཟི་བརྗིད་བསྡུས་པར་བསམ༔ ཨོཾ་བཛྲ་ཨཱ་ཡུཿམུཀྟ་ཧོ༔ ས་མ་ཡ་བོ་དྷི་ཙིཏྟ་བཛྲ་ཨཾ་ཀུ་ཤ་ཛ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཨ་ཨཱ༔ ཚེ་མདའ་གཡབ་ལ། ཧྲཱི༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ ཐུགས་རྗེའི་དབང་གིས་འགྲོ་བའི་དོན་ལ་བྱོན༔ མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་སུ༔ བྱང་ཆུབ་སེམས་ཀྱི་བདུད་རྩི་འོད་དུ་འཕྲོ༔ སྐལ་ལྡན་བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ ཤར་གྱི་ཕྱོགས་ནས་ཚེ་འགུགས་མ༔ ལཱ་སེ་དཀར་མོ་ཚེ་ཡི་བདག༔ ཕྱག་ན་ཤེལ་གྱི་བུམ་པ་བསྣམས༔ ཚེ་དང་དཔལ་གྱི་ཕྲིན་ལས་མཛོད༔ ཧྲཱི༔ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ༔ མཱ་ལེ་སྔོན་མོ་ཚེ་ཡི་བདག༔ ཕྱག་ན་མཐིང་གི་བུམ་པ་བསྣམས༔ ཚེ་དང་དཔལ་གྱི་ཕྲིན་ལས་མཛོད༔ ཧྲཱི༔ ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ༔ གཱིརྟི་དམར་མོ་ཚེ་ཡི་བདག༔ ཕྱག་ན་མཆོང་གི་བུམ་པ་བསྣམས༔ ཚེ་དང་དཔལ་གྱི་ཕྲིན་ལས་མཛོད༔ ཧྲཱི༔ བྱང་གི་ཕྱོགས་ནས་ཚེ་འགུགས་མ༔ ནཱིརྟི་ལྗང་གུ་ཚེ་ཡི་བདག༔ ཕྱག་ན་གཡུ་ཡི་བུམ་པ་བསྣམས༔ ཚེ་དང་དཔལ་གྱི་ཕྲིན་ལས་མཛོད༔ ཧྲཱི༔ ལུས་ཀྱི་ཤ་ཡི་ཁམས་ཉམས་ན༔ འབྱུང་བ་ས་ཡི་བཅུད་སྡུས་ལ༔ སངས་རྒྱས་སྤྱན་མས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ ལུས་ཀྱི་ཁྲག་གི་ཁམས་ཉམས་ན༔ འབྱུང་བ་ཆུ་ཡི་བཅུད་སྡུས་ལ༔ མཱ་མ་ཀཱི་ཡིས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ ལུས་ཀྱི་དྲོད་ཀྱི་ཁམས་ཉམས་ན༔ འབྱུང་བ་མེ་ཡི་བཅུད་སྡུས་ལ༔ གོས་དཀར་མོ་ཡིས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ ལུས་ཀྱི་དབུགས་ཀྱི་ཁམས་ཉམས་ན༔ འབྱུང་བ་རླུང་གི་བཅུད་སྡུས་ལ༔ དམ་ཚིག་སྒྲོལ་མས་ཚེ་ཁུག་ལ༔ བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཧྲཱི༔ ཤར་ཕྱོགས་འབྱུང་བ་ས་ཡི་ཞིང་ཁམས་ན༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛད་མ༔ དཀར་མོ་མགྱོགས་མ་ཞི་བྱེད་འོད་འཕྲོའི་ཚོགས༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་སྒྱུར་མ༔ ཤར་ཕྱོགས་སྣོད་བཅུད་ཀུན་གྱི་ཚེ་ཁུག་ཅིག༔ ཧྲཱི༔ ལྷོ་ཕྱོགས་འབྱུང་བ་ཆུ་ཡི་ཞིང་ཁམས་ན༔ རཏྣ་ཚེ་མཆོག་འགུགས་པའི་ལས་མཛད་མ༔ སྔོན་མོ་མགྱོགས་མ་རྒྱས་བྱེད་འོད་འཕྲོའི་ཚོགས༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་སྒྱུར་མ༔ ལྷོ་ཕྱོགས་སྣོད་བཅུད་ཀུན་གྱི་ཚེ་ཁུག་ཅིག༔ ཧྲཱི༔ ནུབ་ཕྱོགས་འབྱུང་བ་མེ་ཡི་ཞིང་ཁམས་ན༔ པདྨ་ཚེ་མཆོག་འགུགས་པའི་ལས་མཛད་མ༔ དམར་མོ་མགྱོགས་མ་དབང་སྡུད་མཁའ་འགྲོའི་ཚོགས༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་སྒྱུར་མ༔ ནུབ་ཕྱོགས་སྣོད་བཅུད་ཀུན་གྱི་ཚེ་ཁུག་ཅིག༔ ཧྲཱི༔ བྱང་ཕྱོགས་འབྱུང་བ་རླུང་གི་ཞིང་ཁམས་ནས༔ ཀརྨ་ཚེ་མཆོག་འགུགས་པའི་ལས་མཛད་མ༔ ལྗང་མོ་མགྱོགས་མ་གྲུབ་བྱེད་འོད་འཕྲོའི་ཚོགས༔ འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་སྒྱུར་མ༔ བྱང་ཕྱོགས་སྣོད་བཅུད་ཀུན་གྱི་ཚེ་ཁུག་ཅིག༔ དེ་ནས་ཚེ་བསྟིམ་པ་ནི། ཧྲཱི༔ སྲིད་པ་གསུམ་གྱི་ཚེ་བཀྲག་རྣམས༔ ཡི་གེ་བྷྲཱུྃ་ལ་བསྟིམ་པར་བྱ༔ བྷྲཱུྃ་དེ་འོད་དུ་ཞུ་བ་ལས༔ ཚེ་ཡི་བུམ་པ་ཉིད་ལ་ཐིམ༔ བུམ་པའི་ནང་གི་འོད་ཟེར་རྣམས༔ འབྱུང་བའི་སྙིང་པོ་ལྔ་ལ་ཐིམ༔ ཨེ་ཡཾ་རཾ་བཾ་སུཾ༔ སྙིང་པོ་ལྔ་ཡི་བཀྲག་མདངས་རྒྱས༔ ལྷ་ཡི་སྙིང་པོ་ལྔ་ལ་ཐིམ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཡི་གེ་དཔའ་བོ་འབྲུ་ལྔ་པོ༔ རང་གི་སྙིང་ཁར་ཐིམ་པ་ཡིས༔ སྙིང་ནང་འོད་ཀྱི་ག་འུར་གྱུར༔ ས་མ་ཡ་ཏིཥྛ་ལྷན༔ དེ་ནས་སྲུང་བ་བྱ་བ་ནི། ཧྲཱི༔ ཙིཏྟ་གསང་བའི་སྒོ་སྲུང་ནི༔ དབང་གི་རྒྱལ་པོ་རྟ་མགྲིན་ཏེ༔ ཚེ་སྲོག་བར་ཆད་བསྲུང་བར་མཛོད༔ འཆི་བདག་བདུད་བཞིའི་སྒོ་ཆོད་ལ༔ ཚེ་བདག་ཆེན་པོ་བརྟན་པར་བཞུགས༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་བ་ཧཱུྃ༔ བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བརྗོད་པས། ནང་གི་རྩ་སྒོ་རྟ་མགྲིན་གྱིས་སྲུང༔ ཕྱིའི་ལུས་མགོ་མཇུག་རྡོ་རྗེའི་གོ་ཁྲབ་ཀྱིས་སྲུང་བར་གྱུར༔ ཅེས་མོས་ལ་རྡོ་རྗེས་གནས་རྣམས་སུ་རྒྱས་གདབ་བོ། །གསུམ་པ་རྗེས་ཆོག་ནི། གཏང་རག་མཆོད་བསྟོད་བྱ། དངོས་གྲུབ་སྐུལ་ཚིག་གང་རུང་བརྗོད་ལ་ཚེ་རྫས་ལོངས་སྤྱད། ནོངས་བཤགས་བཟོད་གསོལ། རྟེན་ཡོད་ན་མདུན་བསྐྱེད་བརྟན་བཞུགས་དང་མེད་ན་གཤེགས་བསྡུ། བདག་བསྐྱེད་བསྡུ་ལྡང་། བསྔོ་སྨོན་བཅས་རིགས་མཐུན་ནམ་གསང་བ་སྤྱི་ལྟར་བྱས་པས་འགྲུབ་བོ། །འདིའི་དཀྱིལ་འཁོར་དུ་ཚེ་དབང་ཡོངས་རྫོགས་བསྐུར་ན། སྟེགས་བུའི་སྟེང་དུ་དཀྱིལ་འཁོར་སྒོ་རྫོགས་ཅན་གཞུང་མཐུན་བྲིས་པའམ། མཎྜལ་ལ་འབྲུ་དཀར་གྱིས་ཚོམ་བུ་གཙོ་འཁོར་དགུ །དེ་རྒྱབ་བརྒྱད། དེ་རྒྱབ་ཕྱོགས་བཞིར་བཞི་རྣམས་བཀོད་པའི་སྟེང་དུ་མཉྫི་ལ་བུམ་པ་ཉེར་ལྔའི་བཅུད་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་དང་བཅས་པ། མདུན་དུ་ཚེ་འབྲང་། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་དུ་ཚེ་མདའ་མཐར་མཆོད་གཏོར་གྱིས་བསྐོར་བ་དང་། ལས་བུམ། རྒྱལ་སྲིད་བདུན། རྫས་བརྒྱད་ཙཀ་ལི་སོགས་ཉེར་མཁོ་རྣམས་ཚོགས་པར་བྱས་ལ། ལས་བྱང་ལྟར་བདག་མདུན་བུམ་པ་རྣམས་བསྒྲུབ་ཅིང་བཟླས་པ་ཅི་ནུས་མཐར། ཚོགས་མཆོད་ཚེ་འགུགས་ཡན་གཏང་། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་བྱ། ཏིང་ངེ་འཛིན་གྱི་དབང་ངམ་རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །དེ་ནས་སློབ་མ་རྣམས་ལ་ཁྲུས་བྱས། གྲལ་དུ་འཁོད། བགེགས་གཏོར་བཏང་། ལས་བྱང་ལྟར་བཀའ་བསྒོ་ཞིང་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ་སོགས་བྱས་ལ། ཇི་སྐད་དུ། བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་པ་ལ། །ཆོས་རྒྱལ་གདུང་རྒྱུད་སྐྱོབ་པའི་མན་ངག་བདོག །ཅེས་བོད་ཁམས་སྐྱོབ་བྱེད་ཀྱི་གསང་མཛོད་ཆེན་པོ་ཉིད་དུ་བསྔགས་པ་བྱང་ཟང་ཟང་ལྷ་བྲག་གི་བྲག་རི་དུག་སྦྲུལ་སྤུངས་འདྲའི་ཟབ་གཏེར་རྣམས། སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ཡང་སྲིད་སྤྲུལ་སྐུ་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་སྤྱན་དྲངས་པ་ལས། འདིར་མཛོད་ལྔའི་ནང་ཚན་ཤར་དུང་མཛོད་དཀར་པོ་ནས་བྱོན་པ་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་ཆོས་སྡེ། ཡོངས་རྫོགས་རྣམ་པ་གསུམ་གྱི་ནང་ཚན་འཆི་མེད་ཚེ་ལྷ་ཡོངས་རྫོགས་ཀྱི་སྨིན་བྱེད་སྒྲུབ་པའི་སྐབས་སུ་བབས་པ་སྟེ། འདི་ཉིད་ཀྱི་ནང་སྒྲུབ་ལས། ཨོ་རྒྱན་པདྨ་བདག་ཉིད་ཀྱིས༔ ཚེ་སྒྲུབ་ཟབ་མོ་བརྒྱ་སྟོང་ལས༔ ཚེགས་ཆུང་དོན་ཆེའི་མན་ངག་བསྡུས༔ ཡང་ཟབ་འགྲུབ་མྱུར་དོན་འདྲིལ་བ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་དང་། བསྐལ་པ་དུས་ཀྱི་ཐ་མ་ལ༔ མི་རྣམས་ཚེ་ཐུང་སྙིང་རུས་ཆུང༔ དེ་དུས་ཚེགས་ཆུང་སྒྲུབ་སླ་མྱུར༔ ཚེ་སྒྲུབ་ཀུན་གྱི་དོན་བསྡུས་ནས༔ བདག་འདྲ་པདྨས་གཏེར་དུ་སྦས༔ ཞེས་སོགས་བསྔགས་པར་མཛད་པའི་ཚེ་སྒྲུབ་ཟབ་མོའི་དབང་བསྐུར་བ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་པས༔ བདག་ལ་འཆི་མེད་ཚེ་དབང་བསྐུར་དུ་གསོལ༔ ཚེ་ཡི་དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ། བླ་མ་འཆི་མེད་མགོན་པོ་ཚེ་ལྷ་རིག་འཛིན་རྒྱལ་བ་སྲས་དང་བཅས་པ་ལ་བདག་སོགས་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ཐུགས་རྗེའི་དབང་གིས་སོགས་གསུམ། སྨོན་འཇུག་དོན་དམ་པའི་སེམས་བསྐྱེད་རྣམས་རིམ་པར་གསལ་ཐོབ་ལ་འདིའི་རྗེས་ཟློས། སྔོན་ནས་བསགས་པའི་སོགས་གསུམ། དེ་ནས་ཐོག་མར་བྱིན་རླབས་བླ་མའི་དབང་གིས་ཡེ་ཤེས་པའི་གཟི་བྱིན་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། ལས་ཆུ་འཐོར། བསང་སྦྱང་། ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་ཀྱི་ངང་ལས་པདྨ་ཉི་ཟླའི་སྟེང་དུ་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པ་ཧྲཱིཿཡིག་དམར་གསལ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པདྨའི་སྡོང་པོ་ཐུགས་ཀར་འཛིན་པ། གཡོན་མཉམ་གཞག་གི་སྟེང་ན་ཚེའི་བུམ་པ་བསྣམས་པ། ཞབས་སྐྱིལ་ཀྲུང་དུ་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། མཚན་དཔེའི་གཟི་བྱིན་རབ་ཏུ་འབར་བའི་སྐུ་ཅན་དུ་གསལ་བའི་གནས་གསུམ་ཡིག་འབྲུ་གསུམ་དང་། ཐུགས་དབུས་ཟླ་སྟེང་ཧྲཱིཿཡིག་གིས་མཚན་པར་སྒོམས་ཤིག དེ་ནས་ལུས་སེམས་ཁོང་ཀློད་དེ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་མོས་གུས་དྲག་ཏུ་བྱས་པའི་རྐྱེན་གྱིས། འོག་མིན་ཆོས་ཀྱི་དབྱིངས་ནས། རང་གི་སྤྱི་གཙུག་ཡན་ཆད་བླ་མ་བརྒྱུད་པས་ཁེངས་ཏེ། དེ་དག་ཐམས་ཅད་ཀྱི་ཕྱག་ན་ཚེའི་བུམ་པ་རེ་རེ་བསྣམས་ཤིང་དབང་བསྐུར། འཁོར་མཁའ་འགྲོ་མང་པོས་གར་བྱེད་པ་ལ་གསོལ་བ་བཏབ་པས་རྡོ་རྗེའི་ཡེ་ཤེས་ཆེན་པོའི་བྱིན་རླབས་རྒྱུད་ལ་བསྩལ་བར་མོས་ཤིག །སྦྱར་སྤོས་བསྲེག །ཌཱ་དྲིལ་དབྱངས་བཅས། ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཡེ་ཤེས་སྣང་བ་ལམ་མེ་བ༔ ཀུན་ཏུ་བཟང་པོའི་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ པདྨ་དབང་གི་ཞིང་ཁམས་ནས༔ ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ༔ སྣང་བ་མཐའ་ཡས་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ འཆི་མེད་དབང་པོ་ལྷ་ཡི་ལྷ༔ ཚེ་དཔག་མེད་པའི་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འཛམ་བུ་གླིང་གི་གནས་བརྒྱད་ནས༔ དཔལ་ལྡན་སངས་རྒྱས་པདྨ་སྐྱེས༔ པདྨ་འབྱུང་གནས་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ པདྨ་དཀར་པོ་རྒྱས་འདྲའི་སྤྱན༔ པདྨ་སཾ་བྷའི་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༔ བློ་ལྡན་མཆོག་སྲེད་དུས་ལ་བབ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ༔ པདྨ་རྒྱལ་པོའི་དུས་ལ་བབ༔ འཆི་མེད༴ ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན༔ ཤཱཀྱ་སེང་གེའི་དུས་ལ༴ འཆི་མེད༴ ཉི་མ་འཆར་ཁའི་དཀྱིལ་ལྟར་མཛེས༔ ཉི་མ་འོད་ཟེར་དུས༴ འཆི་མེད༴ བདག་མེད་སེང་གེའི་སྒྲ་དང་ལྡན༔ སེང་གེ་སྒྲ་སྒྲོག་དུས༴ འཆི་མེད༴ རྡོ་རྗེ་ཤུགས་ཅན་འཇིགས་པར་བྱེད༔ རྡོ་རྗེ་གྲོ་ལོད་དུས༴ འཆི་མེད༴ གསུམ་རིག་གཙང་མ་དག་པ་སྟེ༔ མཁའ་འགྲོ་མཚོ་རྒྱལ་དུས༴ འཆི་མེད༴ སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ༔ གཏེར་སྟོན་ཆེན་པོའི་དུས༴ འཆི་མེད༴ ཐེག་པ་མཆོག་གསུམ་སྟོན་པ་པོ༔ རྡོ་རྗེའི་མཚན་ཅན་དུས༴ འཆི་མེད༴ བྱམས་ཆེན་རང་བཞིན་དཔག་ཏུ་མེད༔ བྱམས་པ་བཤེས་གཉེན་དུས༴ འཆི་མེད༴ སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན༔ སངས་རྒྱས་དཔལ་བཟང་དུས༴ འཆི་མེད༴ ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ༔ ཆོས་རྒྱལ་བསོད་ནམས་དུས༴ འཆི་མེད༴ སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ༔ ཆོས་སྐྱོང་མཚན་ཅན་དུས༴ འཆི་མེད༴ རྡོ་རྗེ་འཆང་བ་ཀུན་གྱི་རྗེ༔ མཁྱེན་བརྩེའི་དབང་ཕྱུག་དུས༴ འཆི་མེད༴ གསང་སྔགས་རིག་སྔགས་འཆང་བའི་རིགས༔ འཇམ་དབྱངས་རྒྱལ་སྲས་དུས༴ འཆི་མེད༴ རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ༔ སྒོ་མ་བཞི་ཡི་དུས༴ འཆི་མེད༴ ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ༔ ཕོ་ཉ་མང་པོའི་དུས༴ འཆི་མེད༴ དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན༔ ཚེ་ལྷ་ཆེན་པོའི་དུས་ལ་བབ༔ འཆི་མེད་ཚེ་དབང་བསྐུར་དུ་གསོལ། །ཞེས་གདུང་ཤུགས་དྲག་པོས་ཐུགས་རྒྱུད་བསྐུལ་པས་རིག་འཛིན་རྩ་བརྒྱུད་བླ་མ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མགོན་པོ་ཚེ་དཔག་མེད་པའི་རྣམ་པར་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད་ཅིག །རྩ་སྔགས་ཤམ་དུ། ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བརྗོད། སྐབས་འདིར་གཞན་གྱི་འགྲེས་སྦྱར་ཚེ་འགུགས་སྤྲོ་ན། ལས་བྱང་ལྟར། ཨཱ་ཡུརྫྙཱ་ན་སོགས་ནས། ཨ་ཨཱ༔ ཞེས་བརྗོད་པས་དཀྱིལ་འཁོར་པ་རྣམས་ལས་ཕོ་ཉ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་བརྐུས་འཕྲོག་ཉམས་པ་རྣམས་དང་འཁོར་འདས་ཀྱི་ཚེ་བཅུད་དྭངས་མ་ཇི་མཆིས་པ་འུབ་ཀྱིས་བསྡུས། སྒྲུབ་རྫས་རྣམས་དང་ཁྱེད་རང་གི་སྙིང་གའི་ཧྲཱིཿལ་སིབ་སིབ་ཐིམ་པས་བཀྲག་མདངས་འོད་དུ་འབར་བར་གྱུར་པའི་མོས་པ་མཛོད། ཚེ་མདའ་གཡབ་ལ། ཧྲཱི༔ བཅོམ་ལྡན་མགོན་པོ་རྡོ་རྗེ་ཚེ་དཔག་མེད༔ སོགས་ཚེ་འགུགས་མང་བ་གཏང་། དེ་ནས་དངོས་གྲུབ་ཡི་དམ་དབང་བསྐུར་ཞུ་བའི་དོན་དུ་གསོལ་འདེབས་འདིའི་རྗེས་ཟློས། ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཀུན་བཟང་ཡབ་ཡུམ་ཐུགས་ཀྱི་སྲས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ ཡུམ་ཆེན་ལྷ་མོ་གོས་དཀར་མོ༔ ཡབ་ཡུམ་གསང་བའི་དཀྱིལ་འཁོར་ནས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པས་བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་ཚེའི་བུམ་པ་འཆི་མེད་བདུད་རྩིའི་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ཤིག །རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པའི་དབང་བསྐུར་རིགས་ལྔ་ཡེ་ཤེས་ལྔ༔ སྤྱི་བོར་བཞག་པས་དབང་བསྐུར་མཆོག་གྱུར་ཏེ༔ ལུས་ངག་ཡིད་གསུམ་སྡིག་སྒྲིབ་ཀུན་བྱང་ནས༔ བཀྲ་ཤིས་རྣམ་རྒྱལ་བུམ་པའི་དབང་ཐོབ་ཤོག༔ ཨོཾ་བུདྡྷ་ཀ་ལཱ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ སླར་ཡང་སྤྱི་བོར་བཞག་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ནི་སྐྱེ་ཤི་འདུ་འབྲལ་མེད༔ མི་འགྱུར་མི་ཤིགས་འོད་ཟེར་སྐུ༔ སངས་རྒྱས་སྐུ་ཡི་ཚེ་དབང་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་བྱ༔ ཨོཾ་བུདྡྷ་ཛྙཱ་ན་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཨོཾ༔ དཔྲལ་བར་བཞག་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ནི་མི་གཡོ་གསལ་ལ་དྭངས༔ རང་སྣང་ཡེ་ཤེས་ཆེན་པོའི་ངང༔ རང་གྲོལ་ཐུགས་ཀྱི་དགོངས་པ་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཧཱུྃ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ༔ རྣ་ལྟག་གཡས་སུ་བཞག་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡོན་ཏན་ནོར་བུ་རིན་པོ་ཆེ༔ དགོས་འདོད་ཐམས་ཅད་འབྱུང་བའི་གནས༔ ཡེ་ཤེས་རྒྱལ་བའི་དབང་མཆོག་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཏྲཱཾ་རཏྣ་ཛྙཱ་ན་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཏྲཱཾ༔ ལྟག་པར་བཞག་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་ནི་མ་འགགས་རང་གདངས་ཆེ༔ འཛིན་མེད་མ་ཆགས་པདྨའི་སྒྲ༔ བདེ་གཤེགས་གསུང་གི་ངོ་བོ་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཧྲཱིཿཔདྨ་ཛྙཱ་ན་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཧྲཱི༔ རྣ་ལྟག་གཡོན་དུ་བཞག་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མཛད་པ་བསམ་མི་ཁྱབ༔ ཡེ་ཤེས་ཕྲིན་ལས་གྲུབ་པའི་རྩལ༔ ཐུགས་རྗེའི་སྤྲུལ་པའི་མཛད་པ་འདིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཧཱ་ཀརྨ་ཨཱ་ཡུ་ཥེ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགོ་བོའི་གནས་ལྔར་བཞག་ལ་བུམ་ཆུ་སྦྱིན། སྤྱི་བོ་ཚངས་པའི་བུ་ག་ནས་མར་ལྷ་རྣམས་ཀྱིས་བྱང་སེམས་དང་འོད་ཟེར་ལྔའི་ཆུ་རྒྱུན་བབས་ཏེ། རང་གི་སྙིང་ནང་དུ་ཐིམ་པར་མོས་ཤིག །ཚེ་འབྲང་ཐོགས་ལ། ཧཱུྃ༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ༔ ཅི་འདོད་རྩོལ་བ་མེད་པ་བཞིན༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཚེ་ཡི་ལོངས་སྤྱོད་འདི་སྦྱིན་པས༔ ཕུན་ཚོགས་དངོས་གྲུབ་ཐོབ་པར་ཤོག༔ ཅེས་སྤྱི་བོར་བཞག་ལ་ཆ་ཤས་སྦྱིན་ནས་རོལ་དུ་གཞུག །ཚེ་ཆང་བླུད་ལ། ཧཱུྃ༔ ཡིད་བཞིན་ནོར་བུ་རིན་ཆེན་ལས༔ ལོངས་སྤྱོད་འབད་མེད་འབྱུང་བ་ལྟར༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཚེ་བཅུད་དངོས་གྲུབ་འདི་བྱིན་པས༔ རྩོལ་མེད་དངོས་གྲུབ་ཐོབ་པར་ཤོག༔ ཚེ་རིལ་སྟེར་ལ། ཧཱུྃ༔ དམག་དཔོན་ནོར་བུ་རིན་ཆེན་གྱིས༔ ཕས་ཀྱི་དགྲ་དཔུང་གཞོམ་པ་བཞིན༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཚེ་ཡི་རིལ་བུ་འདི་བྱིན་པས༔ དགྲ་བགེགས་དཔུང་འཇོམས་དངོས་གྲུབ་ཐོབ་པར་ཤོག༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཨ་ལ་ལ་ཧོ༔ མཐའ་རྟེན་དུ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན། བཀྲ་ཤིས་པའི་རྫས་བརྒྱད་ཀྱིས་མངའ་གསོལ་བར་མོས་ཤིག །རྒྱལ་སྲིད་སྣ་བདུན་གཏད་ལ། ཧཱུྃ༔ འཁོར་ལོ་རིན་ཆེན་དབང་བཅུ་ལྡན༔ འཁོར་བའི་འཁོར་རྒྱུན་རབ་བཅད་དེ༔ ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག༔ ས་བཅུའི་འབྲས་བུའི་དབང་ཐོབ་ཤོག༔ ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཙུན་མོ་རིན་ཆེན་བསོད་ནམས་གཏེར༔ ཕ་རོལ་ཕྱིན་བཅུའི་གཟུགས་དང་ལྡན༔ ཚེ་དབང་ལོངས་སྤྱོད་རྒྱས་གྱུར་ཅིང༔ ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག༔ པྲ་ཛྙཱ་པ་ར་མི་ཏ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ནོར་བུ་རིན་ཆེན་མཆོག་གསུམ་གནས༔ འཁོར་བའི་སྐྱོན་སེལ་བདེ་བ་འབྱུང༔ ཡིད་བཞིན་རེ་སྐོང་གཏེར་མངའ་ཞིང༔ ལྷག་མཐོང་ཤེས་རབ་དབང་ཐོབ་ཤོག༔ མ་ཎི་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཁྱིམ་བདག་རིན་ཆེན་ནོར་བུ་ལྡན༔ གང་ལ་ཅི་འདོད་དཔག་བསམ་འདྲ༔ གཞན་དོན་ཚོགས་གཉིས་མྱུར་རྫོགས་ཤིང༔ ཤེས་བྱ་ཐོགས་མེད་དབང་ཐོབ་ཤོག༔ མ་ཧཱ་ཏཱ་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ གླང་པོ་རིན་ཆེན་ཐེག་པ་ཆེ༔ བདུད་དཔུང་རབ་འཇོམས་སྟོབས་དང་ལྡན༔ སྟོབས་བཅུས་བདག་གཞན་དོན་མཛད་པའི༔ ཡང་དག་སྙིང་པོའི་དབང་ཐོབ་ཤོག༔ ཧསྟི་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ རྟ་མཆོག་རིན་ཆེན་ས་ལམ་བགྲོད༔ འཁོར་བའི་མཚོ་སྒྲོལ་སྤྲིན་ཤུགས་འཆང༔ མི་གནས་ཡེ་ཤེས་ལམ་བགྲོད་ཅིང༔ རྫུ་འཕྲུལ་རྐང་བཞིའི་དབང་ཐོབ་ཤོག༔ ཀརྨ་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ བློན་པོ་རིན་ཆེན་དམག་དཔོན་ཆེ༔ བརྩོན་འགྲུས་གོ་གྱོན་འཁོར་གཡུལ་འཇོམས༔ ཐབས་ལྡན་མི་འཇིགས་སྐྱབས་སྦྱིན་ཞིང༔ འཇིགས་ཚོགས་འཇོམས་པའི་དབང་ཐོབ་ཤོག༔ མ་ཧཱ་ཁཌྒ་རཏྣ་ཨ་བྷི་ཥིཉྩ་ཨཱ༔ རྫས་བརྒྱད་གཏད་ལ། ཧཱུྃ༔ ཡུངས་ཀར་རྒྱལ་པོ་ཤ་རཱི་རཾ༔ བདེ་གཤེགས་རྣམས་ཀྱི་བྱིན་གྱིས་བརླབས༔ སྟོང་ཕྲག་བརྒྱད་ཅུའི་བགེགས་དཔུང་འཇོམས༔ དཔའ་བོ་སྟོབས་ཀྱི་བཀྲ་ཤིས་དབང་ཐོབ་ཤོག༔ ཧཱུྃ༔ རྫས་མཆོག་བཀྲ་ཤིས་དཱུར་བ་འདི༔ ལྷ་ཡི་དབང་པོས་བྱིན་གྱིས་བརླབས༔ ནད་གདོན་གནོད་པ་ཀུན་ལས་རྒྱལ༔ སྡུག་བསྔལ་ཞི་ཞིང་བཀྲ་ཤིས་དབང་ཐོབ་ཤོག༔ ཧཱུྃ༔ རྫས་མཆོག་བིལ་བ་ལང་ཐང་རྩེ༔ རྒྱུ་ཆུང་འབྲས་བུ་འཕེལ་སྟོབས་ཆེ༔ སྟོབས་ལྡན་མི་འཇིགས་སྐུ་ལྔར་རྫོགས༔ སྨིན་རྒྱས་འཕེལ་བའི་བཀྲ་ཤིས་དབང་ཐོབ་ཤོག༔ ཧཱུྃ༔ འདི་ནི་མཚལ་ཆེན་ཆུ་ལས་སྐྱེས༔ སེམས་དཔས་བྱིན་བརླབས་རིན་པོ་ཆེ༔ ཁམས་གསུམ་ལྷ་མི་ཀུན་དབང་སྡུད༔ ཐུགས་རྗེས་གཞན་དོན་བཀྲ་ཤིས་དབང་ཐོབ་ཤོག༔ ཧཱུྃ༔ གི་ཧཾ་ཁྱུ་མཆོག་ལས་བྱུང་རྫས༔ དཀར་པོའི་ཆོས་རྣམས་མ་ལུས་འཛིན༔ བཞི་བརྒྱ་རྩ་བཞིའི་ནད་ཀུན་ཞི༔ ཤེས་བཅུ་རབ་ལྡན་བཀྲ་ཤིས་དབང་ཐོབ་ཤོག༔ ཧཱུྃ༔ ཞོ་ནི་སྙིང་པོ་བཅུད་ཀྱི་གཞི༔ དབང་ཐང་གཟི་མདངས་བཅུད་ཀུན་སྤེལ༔ བསམ་གཏན་ཏིང་འཛིན་ཡོན་ཏན་སྐྱེད༔ སེམས་ཉིད་དྲི་མེད་བཀྲ་ཤིས་དབང་ཐོབ་ཤོག༔ ཧཱུྃ༔ མེ་ལོང་ཟླུམ་གསལ་སྐུ་གསུམ་མཚོན༔ ཆོས་རྣམས་གཟུགས་བརྙན་རྣམ་དག་ཅིང༔ མ་རིག་བག་ཆགས་རང་སངས་ནས༔ མངོན་རྫོགས་སངས་རྒྱས་བཀྲ་ཤིས་དབང་ཐོབ་ཤོག༔ ཧཱུྃ༔ དུང་ཆོས་གཡས་འཁྱིལ་རིན་པོ་ཆེ༔ གསུང་དབྱངས་ཡན་ལག་དྲུག་ཅུར་ལྡན༔ ཡོན་ཏན་རྒྱ་མཚོ་ཚངས་པའི་གསུང༔ ཆོས་སྒྲས་ཀུན་ཁྱབ་བཀྲ་ཤིས་དབང་ཐོབ་ཤོག༔ སྭསྟི་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཨ་བྷི་ཥིཉྩ་ཨཱ༔ སླར་ཡང་བདག་མདུན་ཁྱེད་རང་རྣམས་དང་བཅས་པའི་ཐུགས་ཀའི་འོད་ཟེར་གྱིས་སྣང་ཞིང་སྲིད་པས་བསྡུས་པའི་ཚེ་བཅུད་ཐམས་ཅད་འུབ་འུབ་བསྡུས། རིམ་པར་སྙིང་གར་ཐིམ་པས་འོད་ཀྱི་གྭའུའི་ནང་དུ་དྭངས་མ་མི་ཤིགས་པའི་ཐིག་ལེར་སྦས་པས་འཆི་མེད་རྡོ་རྗེའི་སྲོག་གྲུབ་པར་མོས་ཤིག །ཧྲཱི༔ སྲིད་པ་གསུམ་གྱི་ཚེ་བཀྲག་སོགས་བརྗོད་ལ་ཚེ་བསྟིམ། སྲོག་གི་སྒོར་རྟ་མགྲིན་དམར་པོ་བེ་ཅོན་དང་སྡིགས་མཛུབ་སྒྲེང་བས་སྲུང་པར་མོས་ཤིག །ཧྲཱི༔ ཙིཏྟ་གསང་བའི་སྒོ་སྲུང་སོགས་བརྗོད་ལ་སྲུང་བ་བྱ། རྟ་མགྲིན་གྱི་སྐུ་ལས་འོད་ཟེར་རྡོ་རྗེའི་རྡུལ་དཔག་མེད་སྤྲོས་པས་ལུས་ཀྱི་སྟོད་སྨད་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གཏམས་པར་གྱུར། རྒྱས་གདབ་པ་ནི། ཧྲཱི༔ འཆི་མེད་ཚེ་ཡི་རིག་འཛིན་ནི༔ ཡེ་ཤེས་ལྔ་ཡི་ངོ་བོ་སྟེ༔ འོད་ལྔ་གསལ་ལ་མདངས་དང་བཅས༔ མི་ཡི་ཚེ་ནི་སྣུམ་ལ་འདྲིལ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཡི༔ མི་དམིགས་སྟོང་པའི་གོ་ཆ་ལ༔ སུས་ཀྱང་གནོད་པར་བྱ་བ་མིན༔ ས་མ་ཡ༔ ཨ་ཨ༔ སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ༔ དེ་སྙིང་གའི་ས་བོན་དང་དེའང་མི་དམིགས་ལ་ཀ་དག་འོད་གསལ་འཆི་མེད་གཉུག་མའི་གནས་ལུགས་ལ་མཉམ་པར་ཞོག་ཅིག །ཅེས་དར་གཅིག་བཞག་གོ །སླར་ཁྱེད་རང་ཚེ་དཔག་མེད་མི་ཤིགས་རྡོ་རྗེའི་སྐུར་གསལ་བ་ལ་རྡོ་རྗེའི་ཚིག་གི་ཤིས་པ་བརྗོད་ཅིང་མེ་ཏོག་ཆར་དུ་བསྙིལ་བར་མོས་ཤིག །ཨོཾ༔ སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ༔ ཕུང་པོ་ལྔ་ལ་རབ་ཏུ་ཐིམ༔ ཨཱ༔ གསུང་གི་གསུང་སྟེ་གསུང་ལ་ཐིམ༔ ལྗགས་ཀྱི་དབང་པོ་མཆོག་ལ་ཐིམ༔ ཧཱུྃ༔ ཐུགས་ཀྱི་ཐུགས་སྟེ་ཐུགས་ལ་ཐིམ༔ རང་བྱུང་ཐུགས་ལ་རབ་ཏུ་ཐིམ༔ ཉིན་ལ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་རྒྱུན་དུ་བཀྲ་ཤིས་པ༔ སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག༔ ཉི་མའི་སྙིང་པོ་གསལ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཧཱུྃ་ཧེ༔ ཞེས་དང་གཞན་ཡང་ཤིས་བརྗོད་ཅི་རིགས་བྱ་ཞིང་མེ་ཏོག་འཐོར། དེ་དག་རྣམས་ཀྱིས་བྱང་གཏེར་ཚེ་ལྷ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་སྨིན་བྱེད་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་ཞེས་སོགས་ཀྱིས་མཚམས་སྦྱར་ལ། དམ་ཚིག་བཟུང་བ་ཕྱིན་ཆད་དབང་གི་མཇུག་སྤྱི་ལྟར་དང་། དཀྱིལ་འཁོར་ལ་མཆོད་བསྟོད་ནས་ཤིས་པ་བརྗོད་པའི་བར་གོང་དུ་སྨོས་པ་ལྟར་བྱའོ། །བསྐྱེད་པས་ཕུང་ཁམས་འཆི་མེད་ཕྱག་རྒྱར་སྨིན། བཟླས་པས་སྲོག་རྩོལ་ནཱ་དའི་དབྱངས་སུ་དག །འོད་གསལ་བསྒོམ་པས་རིག་སྟོང་ཆོས་སྐུར་རྫོགས། འཕོ་བྲལ་འཇའ་ལུས་རྡོ་རྗེ་འགྲུབ་གྱུར་ཅིག །ཚུལ་འདི་བཀའ་གཏེར་རྙིང་མ་འགའ་ཞིག་དང་གུང་མཐུན་པར་སྣང་བས་རང་གཞུང་ལ་གཞན་འགྲེས་ཀྱི་ཁ་བསྐང་ཕྲན་བུ་བཅས་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་རྫོང་གསར་བཀྲ་ཤིས་ལྷ་རྩེར་བཀོད་པ་དགེ་ལེགས་འཕེལ།། །། | ||
</div></onlyinclude> | </div></onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> |
Latest revision as of 11:48, 7 February 2019
བཀའ་བརྒྱད་རང་བྱུང་རང་ཤར་ལས། ཚེ་ལྷ་ཡོངས་རྫོགས་ཀྱི་ཕྲིན་ལས་སྨིན་བྱེད་དང་བཅས་པ་པདྨའི་རྒྱན་ཕྲེང་
bka' brgyad rang byung rang shar las/_tshe lha yongs rdzogs kyi phrin las smin byed dang bcas pa pad+ma'i rgyan phreng
by འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་ (Rigdzin Gödem)
in cycle འཆི་མེད་ཚེ་ལྷ་ཡོངས་རྫོགས་ ('chi med tshe lha yongs rdzogs)
parent cycle བཀའ་བརྒྱད་རང་བྱུང་རང་ཤར་ (Bka' brgyad rang byung rang shar)
Volume 19 (ཛ) / Pages 309-333 / Folios 1a1 to 13a4
Footnotes
Other Information
Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).