Terdzo-WI-014: Difference between revisions
m Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> " |
No edit summary |
||
| Line 18: | Line 18: | ||
|terma=Yes | |terma=Yes | ||
|rtzcategory=Mahayoga | |rtzcategory=Mahayoga | ||
|deity=bla ma nor lha; nor sgrub rin chen bum bzang | |deity=bla ma nor lha; | ||
| | |cycle=nor sgrub rin chen bum bzang | ||
| | |cycletib=ནོར་སྒྲུབ་རིན་ཆེན་བུམ་བཟང་ | ||
|parentcycle=bla ma'i thugs sgrub bar chad kun sel | |||
|parentcycletib=བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ | |||
|language=Tibetan | |language=Tibetan | ||
|volumenumber=50 | |volumenumber=50 | ||
Revision as of 15:46, 8 January 2019
བླ་མ་ནོར་ལྷའི་སྐོང་བ་ཚེ་གཡང་དངོས་གྲུབ་འཁྱིལ་བ་
by ([[Rin chen dar rgyas|]])
revealed by མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle ནོར་སྒྲུབ་རིན་ཆེན་བུམ་བཟང་ (Nor sgrub rin chen bum bzang)
parent cycle བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (Bla ma'i thugs sgrub bar chad kun sel)
Volume 50 (ཝི) / Pages 209-210 / Folios 1a1 to 1b4
Tibetan Text
བླ་མ་ནོར་ལྷའི་སྐོང་བ་ཚེ་གཡང་དངོས་གྲུབ་འཁྱིལ་བ་ཞེས་བྱ་བ་བཞུགས་སོ། །ཧཱུྃ་ཧྲཱིཿ བསོད་ནམས་ཡོངས་རྫོགས་སྦྱིན་པའི་ཕར་ཕྱིན་ལས། །བསོད་ནམས་འདོད་དགུའི་དངོས་གྲུབ་ཆར་འབེབ་པའི། །བསོད་ནམས་སྟོབས་ཀྱི་འདོད་འཇོའི་བུམ་པ་བཟང་། །མི་ཟད་འདོད་པར་འཇོ་བའི་དགའ་སྟོན་གྱིས། །རྩ་གསུམ་ནོར་ལྷ་རབ་འབྱམས་ཐུགས་དམ་བསྐང་། །རིགས་འདུས་པདྨ་སམྦྷའི་ཐུགས་དམ་བསྐང་། །གུ་རུ་སྐྱེས་མཆོག་ཚུལ་བཟང་ཐུགས་དམ་བསྐང་། །འགྱུར་མེད་སྐུ་ཡི་ནོར་བདག་ཐུགས་དམྎ ཡོན་ཏན་འདོད་དགུའི་ནོར་བདག་ཐུགས་དམྎ འགག་མེད་གསུང་གི་ནོར་བདག་ཐུགས་དམྎ ལྷུན་གྲུབ་ཕྲིན་ལས་ནོར་བདག་ཐུགས་དམྎ སྟེང་ཕྱོགས་ལྷ་ཡི་ནོར་བདག་ཐུགས་དམྎ བར་ཕྱོགས་མི་ཡི་ནོར་བདག་ཐུགས་དམྎ འོག་ཕྱོགས་ཀླུ་ཡི་ནོར་བདག་ཐུགས་དམྎ བྱང་ཕྱོགས་གནོད་སྦྱིན་ནོར་བདག་ཐུགས་དམྎ གསེར་དངུལ་ནོར་དབྱིག་ནོར་བདག་ཐུགས་དམྎ ཅང་ཤེས་རྟ་ཡི་ནོར་བདག་ཐུགས་དམྎ ཟས་གོས་བཅུད་ཀྱི་ནོར་བདག་ཐུགས་དམྎ རྐང་བཞི་ཕྱུགས་ཀྱི་ནོར་བདག་ཐུགས་དམྎ སྒོ་སྲུང་རྒྱལ་ཆེན་སྡེ་བཞིའི་ཐུགས་དམྎ ཀུན་འཁྱིལ་ལྷ་མོ་མཆེད་གསུམ་ཐུགས་དམྎ ཞིང་སྐྱོང་སྨན་བཙུན་ལྷ་ལྔའི་ཐུགས་དམྎ གཏེར་སྲུང་ཁ་རག་ཁྱུང་བཙུན་ཐུགས་དམྎ བཀའ་སྡོད་དྲེགས་པ་སྡེ་ལྔའི་ཐུགས་དམྎ མྱུར་མཛད་སྤུ་གྲི་གིང་ལྔའི་ཐུགས་དམ་བསྐང་། །ཐུགས་དམ་དབྱིངས་སུ་བསྐང་ངོ་བྱིན་གྱིས་རློབས། །ཐུགས་དམ་གཉན་པོ་སྐོང་བའི་དམ་རྫས་ནི། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །རྩ་བརྒྱད་སྟོང་སྦྱར་ཆགས་མེད་རཀྟའི་མཚོ། །སྣང་སྲིད་སྣོད་བཅུད་རྣམ་དག་བྷ་ལིང་ཏ། །ཐབས་དང་ཤེས་རབ་དབྱེར་མེད་བྱང་ཆུབ་སེམས། །རང་བྱུང་ལྷུན་གྲུབ་མཆོད་པས་ཐུགས་དམ་བསྐང་། །རང་རྒྱུད་དངོས་པོར་བཟུང་པ་མཐོལ་ལོ་བཤགས། །གཟི་བརྗིད་སྐུ་ཡི་དངོས་གྲུབ་ལུས་ལ་སྩོལ། །ཚངས་དབྱངས་གསུང་གི་དངོས་གྲུབ་ངག་ལ་སྩོལ། །བདེ་སྟོང་ཐུགས་ཀྱི་དངོས་གྲུབ་སེམས་ལ་སྩོལ། །རིག་རྩལ་ཡོན་ཏན་རྒྱས་པའི་དངོས་གྲུབ་སྩོལ། །ཕྲིན་ལས་དངོས་གྲུབ་བཀྲ་ཤིས་དཔལ་འབར་ཤོག །ཅེས་པ་ལྷོ་བྲང་རི་ཕུག་གི་གནས་འཛིན་པ་རྣམས་ཀྱིས་བསྐུལ་ངོར་ཞྭ་དམར་གྱི་ཆོས་སྒར་དུ་འདུལ་འཛིན་རཏྣས་སྤེལ་བ་བཀྲ་ཤིས་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།