Terdzo-NGI-078: Difference between revisions
m Text replacement - "= Tsagli = {{TsagliCall}} " to "{{TsagliCall}} " |
m Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> " |
||
| Line 40: | Line 40: | ||
}} | }} | ||
{{Header}} | {{Header}} | ||
= Tibetan Text | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
<div id='tibetan' class='tib-text'> | <div id='tibetan' class='tib-text'> | ||
Latest revision as of 12:21, 29 December 2017
ཕག་མོའི་ཉེ་བསྙེན་ངག་འདོན
revealed by ཇོ་མོ་སྨན་མོ་ (Jomo Menmo, [['jam dbyangs mkhyen brtse'i dbang po|]])
in cycle མཁའ་འགྲོ་གསང་བ་ཀུན་འདུས་ (Mkha' 'gro gsang ba kun 'dus)
Volume 34 (ངི) / Pages 1051-1052 / Folios 1a1 to 1b5
Tibetan Text
ཕག་མོའི་ཉེ་བསྙེན་ཕྲིན་ལས་ལ༔ སྐྱབས་སེམས་སྡོམ་གཟུང༔ བགེགས་བསྐྲད་སྲུང་འཁོར༔ མཆོད་པ་བྱིན་རླབས་བཅས་མདོར་བསྡུས༔ དངོས་གཞི་ལུས་དཀྱིལ་བསྙེན་པའི་མངོན་རྟོགས༔ ཨ༔ གདོད་ནས་རྣམ་དག་རང་རིག་པ༔ སྟོང་ཆེན་དེ་བཞིན་ཉིད་དབྱིངས་ལས༔ རྟེན་ཅིང་འབྲེལ་འབྱུང་སྒྱུ་མའི་ཚུལ༔ གསལ་བའི་ཡེ་ཤེས་ཀུན་ཏུ་སྣང༔ དབྱེར་མེད་ཟུང་འཇུག་གཉུག་མའི་རྩལ༔ མཁའ་ལས་འཇའ་ཚོན་ཤར་བ་བཞིན༔ མེ་ཕུང་རྡོ་རྗེའི་སྲུང་འཁོར་དང༔ དུར་ཁྲོད་གཞལ་མེད་ཁང་ཆེན་དབུས༔ སྐུ་གསུང་ཐུགས་ཀྱི་འཁོར་ལོའི་གཞིར༔ ཆོས་ཀྱི་འབྱུང་གནས་བསྣོལ་མ་དང༔ སྣ་ཚོགས་པདྨ་འདབ་བཞི་པའི༔ ལྟེ་བར་བཾ་ཡིག་ཡོངས་གྱུར་ལས༔ བཅོམ་ལྡན་བཛྲ་བྷ་ར་ཧི༔ དུས་ཀྱི་མུན་པ་ལྟ་བུར་གནག༔ སྤྱན་གསུམ་མཆེ་གཙིགས་བཞད་འཛུམ་སོགས༔ ཁྲོ་ཆགས་སྒེག་པའི་གཟི་བྱིན་འབར༔ རྣ་ལྟག་རྡོ་རྗེའི་ཕག་ཞལ་ངུར༔ རལ་པ་དམར་ནག་སྤྲིན་ལྟར་གཏིབ༔ གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་འཆང༔ ཕྱག་རྒྱ་ལྔ་དང་མགོ་བོས་བརྒྱན༔ བརྐྱང་བསྐུམ་གར་སྟབས་རོལ་པ་ཡིས༔ པདྨ་ཉི་མ་བམ་རོའི་སྟེང༔ ཡེ་ཤེས་མེ་ཕུང་ཀློང་ན་བཞུགས༔ ཕྱོགས་བཞིར་དགའ་བཞིའི་ཡེ་ཤེས་གཟུགས༔ རིགས་བཞིའི་མཁའ་འགྲོ་ལས་ཀྱི་མདོག༔ ཕྱག་གཡས་རྡོ་རྗེ་རིན་པོ་ཆེ༔ པདྨ་རལ་གྲིའི་གྲི་གུག་འཕྱར༔ གཡོན་རྣམས་ཐོད་པ་ཁྲག་བཀང་བསྣམས༔ གྲུ་མོ་གཡོན་དུ་ཁ་ཊྭཱཾ་འཆང༔ རྒྱན་དང་ཆ་ལུགས་གཙོ་མོའི་ཚུལ༔ འོད་ཟེར་བདེ་ཆེན་གཟི་བརྗིད་འབར༔ ཐུགས་གསུང་སྐུ་ཡི་འཁོར་ལོ་རུ༔ ཉེར་བཞིའི་དཔའ་བོ་རྣལ་འབྱོར་མ༔ མཐིང་དམར་དཀར་བའི་མདངས་འོད་འཚེར༔ ཡབ་རྣམས་ཌཱ་རུ་དྲིལ་བུ་འཁྲོལ༔ ཡུམ་རྣམས་གྲི་གུག་ཐོད་པ་འཛིན༔ ཁ་སྦྱོར་པད་ཉི་རོ་ཡི་སྟེང༔ བདེ་བའི་གར་ཐབས་ཅིར་ཡང་བསྒྱུར༔ སྒོ་བཞིར་ཕྲ་མེན་ཕྱོགས་ཀྱི་མདོག༔ རིགས་ཀྱི་ཕྱག་མཚན་ཐོད་པ་བསྣམས༔ མཚམས་སུ་དམ་ཚིག་མཁའ་འགྲོ་ནི༔ ཕྱེད་གཟུགས་གྲི་ཐོད་ཕྱག་རྒྱ་འཆང༔ ཀུན་ཀྱང་དུར་ཁྲོད་རུས་པས་བརྒྱན༔ སྟེང་འོག་བར་མཚམས་ཐམས་ཅད་དུ༔ རྩ་གསུམ་རྒྱ་མཚོ་སྤྲིན་ལྟར་གཏིབས༔ རྡོ་རྗེ་གསུམ་དུ་བྱིན་བརླབས་ཤིང༔ ཡེ་ཤེས་ལྔ་ལྡན་རང་དབང་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་མི༔ ཞེས་གསལ་བཏབ་ལ་སྤྱན་འདྲེན་ནས་བསྟོད་པའི་བར་ལས་རིམ་མདོར་བསྡུས་དང༔ བསྙེན་པ་དང༔ སྐུ་གསུང་ཐུགས་ཀྱི་སྔགས་བཟླ༔ འདིའང་གཏེར་ཆེན་བླ་མ་ཉིད་ཀྱི་རྡོ་རྗེའི་གསུང་འཁྲུལ་པ་མེད་པའོ།། །།