Terdzo-NGI-075: Difference between revisions
m Text replacement - "= Tsagli = {{TsagliCall}} " to "{{TsagliCall}} " |
m Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> " |
||
| Line 38: | Line 38: | ||
}} | }} | ||
{{Header}} | {{Header}} | ||
= Tibetan Text | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
<div id='tibetan' class='tib-text'> | <div id='tibetan' class='tib-text'> | ||
Revision as of 04:26, 29 December 2017
མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཟློག་པའི་འགྲེས་བྱང
revealed by ཇོ་མོ་སྨན་མོ་ (Jomo Menmo, [['jam dbyangs mkhyen brtse'i dbang po|]])
in cycle མཁའ་འགྲོ་གསང་བ་ཀུན་འདུས་ (Mkha' 'gro gsang ba kun 'dus)
Volume 34 (ངི) / Pages 1023-1024 / Folios 1a1 to 1b6
Tibetan Text
རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་བྱེད་པའི༔ ཕྱི་ནང་གསང་བའི་འགལ་རྐྱེན་མི་མཐུན་ཕྱོགས༔ ཐམས་ཅད་དགྲ་བགེགས་བྱད་མའི་སྟེང་དུ་ཟློག༔ བཞི་བརྒྱ་རྩ་བཞིའི་ནད་རིགས་དགྲ་ལ་ཟློག༔ སུམ་བརྒྱ་དྲུག་ཅུའི་གདོན་ཚོགས་དགྲྎ སྟོང་ཕྲག་བརྒྱད་ཅུའི་བགེགས་དཔུང་དགྲྎ བརྒྱད་ཅུ་རྩ་གཅིག་ལྟས་ངན་དགྲྎ གློ་བུར་ཡེ་འདྲོག་འཚུབས་འགྱུར་དགྲྎ དུས་མིན་འཆི་བའི་བར་ཆད་དགྲྎ ཡས་ཀྱི་བདུད་དཔུང་གཡོས་པ་དགྲྎ མས་ཀྱི་སྲི་རུ་ལྡངས་པ་དགྲྎ བར་གྱི་འཕྲལ་རྐྱེན་ངན་པ་དགྲྎ ནད་མུག་མཚོན་གྱི་འཕྲུལ་འཁོར་དགྲྎ མཐའ་དམག་གདུག་པའི་འཚུབ་འགྱུར་དགྲྎ རྒྱ་འདྲེ་འགོང་པོའི་ཆོ་འཕྲུལ་དགྲྎ བྱད་ཁ་ཕུར་ཁ་རྦོད་གཏོང་དགྲྎ ཡེ་ཤེས་མཁའ་འགྲོའི་བཀའ་ཆད་དགྲྎ ལས་ཀྱི་མཁའ་འགྲོའི་སུན་མ་དགྲྎ ཤ་ཟ་མཁའ་འགྲོའི་དལ་ཡམས་དགྲྎ ཕྲ་མེན་མཁའ་འགྲོའི་གཏད་ཁྲམ་དགྲྎ མུ་སྟེགས་མཁའ་འགྲོའི་དམོད་ཚིག་དགྲྎ རྒྱལ་ཁམས་ཕོ་མོའི་མི་ཁ་དགྲྎ གྲིབ་དང་མི་གཙང་གཡེང་བ་དགྲྎ བཟློག་གོ་དམར་ཆེན་ཟོར་གྱི་གཏོར་མས་ཟློག༔ བསྒྱུར་རོ་མི་མཐུན་ཕྱོགས་ཀུན་དགྲ་ལ་སྒྱུར༔ བྷྱོ་ཟློག་དམོད་པའི་མཚོན་ཆར་དགྲ་ལ་ཕོབ༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་སཿཀརྨ་དྷཱ་ཀི་ནཱི་ཀཱི་ལ་ཡ་སརྦ་དུཥྚཱན་བྷྱོ་བྷྱོ་ཟློག་ཟློག༔ ཡཀྨོ་ཁྲེཾ་ཟློག༔ རཀྨོ་ཁྲེཾ་ཟློག༔ ཨེ་ས་བྷྱོ་ཟློག༔ ཅེས་བཟླ། ༈ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་བྱེད་པའི༔ ཕྱི་ནང་གསང་བའི་འགལ་རྐྱེན་མི་མཐུན་ཕྱོགས༔ ཐམས་ཅད་དགྲ་བགེགས་བྱད་མའི་སྟེང་དུ་ཟློག༔ བཞི་བརྒྱ་རྩ་བཞིའི་ནད་རིགས་དགྲ་ལ་ཟློག༔ སུམ་བརྒྱ་དྲུག་ཅུའི་གདོན་ཚོགས་དགྲྎ སྟོང་ཕྲག་བརྒྱད་ཅུའི་བགེགས་དཔུང་དགྲྎ བརྒྱད་ཅུ་རྩ་གཅིག་ལྟས་ངན་དགྲྎ གློ་བུར་ཡེ་འདྲོག་འཚུབས་འགྱུར་དགྲྎ དུས་མིན་འཆི་བའི་བར་ཆད་དགྲྎ ཡས་ཀྱི་བདུད་དཔུང་གཡོས་པ་དགྲྎ མས་ཀྱི་སྲི་རུ་ལྡངས་པ་དགྲྎ བར་གྱི་འཕྲལ་རྐྱེན་ངན་པ་དགྲྎ ནད་མུག་མཚོན་གྱི་འཕྲུལ་འཁོར་དགྲྎ མཐའ་དམག་གདུག་པའི་འཚུབ་འགྱུར་དགྲྎ རྒྱ་འདྲེ་འགོང་པོའི་ཆོ་འཕྲུལ་དགྲྎ བྱད་ཁ་ཕུར་ཁ་རྦོད་གཏོང་དགྲྎ ཡེ་ཤེས་མཁའ་འགྲོའི་བཀའ་ཆད་དགྲྎ ལས་ཀྱི་མཁའ་འགྲོའི་སུན་མ་དགྲྎ ཤ་ཟ་མཁའ་འགྲོའི་དལ་ཡམས་དགྲྎ ཕྲ་མེན་མཁའ་འགྲོའི་གཏད་ཁྲམ་དགྲྎ མུ་སྟེགས་མཁའ་འགྲོའི་དམོད་ཚིག་དགྲྎ རྒྱལ་ཁམས་ཕོ་མོའི་མི་ཁ་དགྲྎ གྲིབ་དང་མི་གཙང་གཡེང་བ་དགྲྎ བཟློག་གོ་དམར་ཆེན་ཟོར་གྱི་གཏོར་མས་ཟློག༔ བསྒྱུར་རོ་མི་མཐུན་ཕྱོགས་ཀུན་དགྲ་ལ་སྒྱུར༔ བྷྱོ་ཟློག་དམོད་པའི་མཚོན་ཆར་དགྲ་ལ་ཕོབ༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་སཿཀརྨ་དྷཱ་ཀི་ནཱི་ཀཱི་ལ་ཡ་སརྦ་དུཥྚཱན་བྷྱོ་བྷྱོ་ཟློག་ཟློག༔ ཡཀྨོ་ཁྲེཾ་ཟློག༔ རཀྨོ་ཁྲེཾ་ཟློག༔ ཨེ་ས་བྷྱོ་ཟློག༔ ཅེས་བཟླ།