Terdzo-AI-008: Difference between revisions
From Rinchen Terdzö
m (Text replacement - " {{Header }}" to " {{Header}}") |
m (Text replacement - "= Tsagli = {{TsagliCall}} " to "{{TsagliCall}} ") |
||
Line 49: | Line 49: | ||
ྈྈྈྈྈྈྈྈྈྈྈྈྈ ན་མོ་གུ་རུ་རྩ་བ་གསུམ་ལ་འདུད༔ རིག་འཛིན་གུ་རུ་པདྨ་འབྱུང་གནས་ངས༔ འགྲོ་རྣམས་དགའ་བ་དང་ནི་གུས་པའི་ཕྱིར༔ ཟབ་པའི་སྙིང་གཏམ་རྣམ་པ་བཅུ་འགོད་བྱ༔ རྒྱལ་ཚབ་གཏེར་སྟོན་རིག་པ་འཛིན་ཀུན་གྱིས༔ སྦས་པའི་ཕ་ནོར་བུའི་བཞིན་སྤྱོད་པའི་ཚེ༔ སྙིགས་མ་དམུ་རྒོད་སེམས་ཅན་འདུལ་དཀའ་བས༔ ཐབས་དང་ལྡན་པའི་སྤྱོད་པས་མཁས་སུ་སྐྱོངས༔ བདུད་ཀྱི་སྟོབས་ནི་ཇེ་ཆེར་ཟབ་འོང་བས༔ བློ་གྲོས་བརྟན་པས་རིམ་བཞིན་རང་ཚུགས་ཟུངས༔ མི་མིན་ལྷ་འདྲེའི་སོ་མ་རྒོད་པའི་ཕྱིར༔ སྨྲ་བ་མ་མང་ཁ་སྡོམས་ཆང་མ་ཐུངས༔ ལྷ་དང་བདུད་གཉིས་སྟོབས་འདྲེན་བར་ཆད་བྱེད༔ མདུན་ནས་དད་པའི་གསོལ་འདེབས་ལྷང་ལྷང་འདེབས༔ རྒྱབ་ནས་མི་དད་སྐུར་བ་དིར་དིར་སྒྲོག༔ དེ་ཚེ་དགའ་སྡུག་མ་སྐྱེས་རང་ཚུགས་ཟུངས༔ རྟེན་འབྲེལ་ལས་ཀྱི་དོན་དང་མི་ལྡན་པའི༔ དོན་མེད་བྱ་བ་མ་མང་བརྟན་པོར་སྡོད༔ རྟེན་འབྲེལ་ཆོས་རྣམས་ཕུང་བྱེད་འཁོར་ཡིན་པས༔ གཞན་དང་གྲོས་ཁ་མ་བསྟུན་རང་བློས་གྱིས༔ སྤྱོད་ལམ་ཞི་ན་ཀུན་གྱིས་བརྙས་ནས་འོང༔ དྲག་པོ་བྱས་པས་མི་མཐུན་མི་དགའ་མང༔ ཞི་མ་ཁྲོ་ཡི་སྤྱོད་ལམ་སྐྱོང་ཤེས་གྱིས༔ ང་ཡི་ཐུགས་བསྐྱེད་ཟབ་མོ་བཀའ་རྒྱས་བཏབ༔ ལས་ཅན་སྐྱེས་བུ་རྣམས་ལ་གདམས་པའི་དོན༔ ཕལ་པ་གཞན་ལ་དབང་མིན་ལུང་བཞིན་སྒྲུབས༔ ང་ཡི་ཞལ་གདམས་ལུང་ལས་བྱུང་བ་བཞིན༔ ངེས་པར་བསྒྲུབས་ན་དོན་གཉིས་ཤུགས་ཀྱིས་འབྱུང༔ འཇིག་རྟེན་དང་མཐུན་ཆོས་ཀྱི་གོ་མི་ཆོད༔ སྒྲུབ་ལ་ཡུན་ཚུགས་གཡེང་བའི་འགྲོས་མ་མང༔ ཕྱོགས་འཛིན་མ་བྱེད་ཀུན་ལ་ངོ་མཉམ་གྱིས༔ དད་མེད་པ་ལ་གསང་བའི་ཆོས་མ་སྟོན༔ མི་ཤེས་པ་ལ་སྙིང་གཏམ་གྲོས་མ་བསྟུན༔ རང་ཁར་མི་ཉན་བསླབ་བྱ་ལུང་མ་བསྟན༔ མི་དྲི་བ་ལ་ཚིག་དང་བློ་མ་སྟོན༔ རིགས་རྒྱུད་མ་གཏོགས་བདུད་རིགས་གྲོགས་མ་བསྟེན༔ ཁ་འཇམ་ཞེ་ནག་ཡ་བྲལ་འཁོར་མ་སྐོར༔ སྡིག་ཅན་ནོར་སྤོངས་གྲིབ་ཅན་ཟས་མ་ཟ༔ ཁྲེལ་མེད་གཡོ་སྒྱུས་མགོ་སྐོར་རྫུན་མ་བཤད༔ ཟང་ཟིང་ནོར་ལ་བག་ཡོད་ཆོག་ཤེས་གྱིས༔ ཉེ་དུ་ལ་སོགས་འཚོ་སྐྱོང་ཕྱོགས་མ་འཛིན༔ ཕྱི་ལྟར་བརྟུལ་ཞུགས་ནང་ལྟར་ཞི་སེམས་དུལ༔ གསང་བ་ཉམས་ལེན་མཐར་ཐུག་སྒྲུབ་ལ་བརྩོན༔ ཁྱད་པར་གཏེར་གྱི་རྒྱ་ཁྲོལ་སྤྱོད་པའི་ཚེ༔ ཁ་བྱང་བཞིན་དུ་དགོས་པའི་སྟ་གོན་སྒྲིགས༔ དད་གསུམ་བརྟན་པོས་ང་ལ་གསོལ་བ་ཐོབས༔ འ་འུར་ཚབ་ཚུབ་སྤྱོད་པ་མངོན་གྱུར་ཚེ༔ རིག་པ་བརྟན་པོས་ཚོད་ཡོད་ལས་ཀ་གྱིས༔ རྟེན་འབྲེལ་ཆོས་ཀྱང་རེ་དང་དོགས་པ་སྟེ༔ རྣམ་རྟོག་མ་མང་ངོ་བོའི་གནད་སྐྱོང་འཚལ༔ སྨད་ཅིང་སྐུར་འདེབས་དགྲ་རུ་སུ་ལང་ཡང༔ མི་དགའ་མ་ཆེ་སྔོན་གྱི་ལས་དབང་ཡིན༔ བསྟོད་ཅིང་བཀུར་སྟི་གཙུག་ཏུ་སུས་མཆོད་ཀྱང༔ དགའ་སྤྲོ་མ་འཕེལ་དེ་ཡང་བདུད་ཡིན་ནོ༔ ལྟ་བ་ཁ་ལ་མ་འབྱམས་ཁོང་དུ་སྦོས༔ སྒོམ་པ་དངོས་པོར་མ་གཟུང་ཆུ་ཟླའི་གར༔ སྤྱོད་པ་བརྟུལ་ཞུགས་མ་ངོམས་གསང་སྤྱོད་གྱིས༔ འབྲས་བུ་སྐུ་བཞི་ངོ་བོ་གཅིག་ཐོག་ཕེབས༔ དེ་ལྟར་བྱས་པས་འགྲོ་དོན་གོང་འཕེལ་ཞིང༔ པདྨ་ང་ཡི་ཐུགས་ཀྱི་སྲས་སུ་འགྱུར༔ ཞལ་གདམས་ལེ་འུ་དང་པོ་འོ༔ ས་མ་ཡ༔ སུམ་ལྡན་རྡོ་རྗེ་འཆང་ཆེན་པད་འབྱུང་ངས༔ བོད་ཀྱི་འདུལ་འཛིན་རྣམས་ལ་ཞལ་གདམས་པ༔ ཕྱི་ལྟར་འདུལ་བ་མདོ་ཡི་ཁྲིམས་བསྲུང་ལ༔ ནང་ལྟར་སྨོན་དང་འཇུག་པའི་བསླབ་བྱ་དང༔ གསང་བ་སྔགས་ཀྱི་རིམ་གཉིས་ལམ་ཟབ་མོ༔ དམ་ཚིག་གསུམ་ལྡན་སྡོམ་པ་ཚུལ་བཞིན་ཟུངས༔ དུག་ལྔ་ཡེ་ཤེས་ལྔ་ཡི་ལམ་དུ་ཁྱེར༔ རྨ་བྱ་དུག་གིས་མདོངས་རྒྱས་ཇི་བཞིན་དུ༔ གསང་སྔགས་ཐབས་ལམ་མཆོག་གི་ལམ་ཟབ་མོ༔ ཉམས་སུ་བླངས་ན་བདེ་ཆེན་མཆོག་གི་ལམ༔ འདི་ལ་བརྟེན་ནས་རྒྱལ་ཀུན་སངས་རྒྱས་བགྲོད༔ དེ་ཕྱིར་ཐེག་ཆེན་ལམ་ཟབ་ཉམས་བླང་གཅེས༔ འདུལ་ཁྲིམས་མ་ཉམས་སྡོམ་པ་ཚུལ་བཞིན་སྲུངས༔ ཉམས་ན་འགྱོད་བཤགས་སྡོམ་པ་སླར་བླངས་ལ༔ སྡོམ་སེམས་བརྟན་པོས་ཚུལ་བཞིན་སྐྱོང་བར་གཅེས༔ རྒྱལ་སྲས་ཀུན་གྱི་བགྲོད་པ་གཅིག་པའི་ལམ༔ སྨོན་འཇུག་བྱང་ཆུབ་སེམས་ལ་རག་ལས་པས༔ དེ་ཕྱིར་ཁ་ནས་སྨོན་ཙམ་མ་ཡིན་པར༔ དོན་ལ་འཇུག་པའི་བྱང་ཆུབ་སེམས་བསྐྱེད་འཚལ༔ བོད་ཀྱི་འདུལ་འཛིན་གཙོ་བོ་མཁན་ཆེན་ཏེ༔ མདུན་དུ་བསྒོམ་ལ་སེམས་བསྐྱེད་སྡོམ་པ་ལོངས༔ གསོལ་བ་སྙིང་ཁོང་རུས་པའི་གཏིང་ནས་ཐོབས༔ སྡོམ་གསུམ་མི་ཉམས་ཚུལ་བཞིན་འཛིན་པར་འགྱུར༔ ཞལ་གདམས་ལེ་འུ་གཉིས་པ་འོ༔ ས་མ་ཡ༔ རིག་འཛིན་རྒྱལ་པོ་པདྨ་ཐོད་ཕྲེང་ངས༔ བོད་ཀྱི་སྔགས་པ་ཀུན་ལ་ཞལ་གདམས་པ༔ གསང་སྔགས་ཐེག་པ་ཆེན་པོའི་ལྟ་བ་ནི༔ ངེས་པར་མངོན་དུ་གྱུར་པ་མ་ཡིན་ན༔ གསང་སྔགས་རྣལ་འབྱོར་བ་ཞིག་ཡིན་ཟེར་བའི༔ བསྟན་པའི་བླ་བཙོང་མ་བྱེད་སྙིང་གཏམ་ཡིན༔ རང་ཕྱོགས་ལྟ་བའི་རྒྱལ་པོ་ངོ་ཤེས་ནས༔ ཤར་གྲོལ་མཉམ་པ་ཉིད་ཀྱི་གནད་ཆེན་པོ༔ ཉམས་སུ་མ་ལོན་བབ་བཅོལ་གཏམ་མ་བཤད༔ ཤེས་རབ་ཡེ་ཤེས་དབང་ངོ་མ་འཕྲོད་ན༔ སྔགས་པ་ཡིན་ཟེར་གསང་བའི་གྲོགས་མ་མང༔ དྲི་ཆེན་དྲི་ཆུ་མངལ་ཁྲག་ལ་སོགས་པ༔ བཟང་ངན་རོ་མཉམ་ལོངས་སྤྱོད་མ་ནུས་ན༔ ཆང་ལ་སོགས་པ་བཟང་པོའི་ཟས་དག་ལ༔ གསང་སྔགས་ལམ་ཁྱེར་ཡིན་ཟེར་བག་མེད་ལ༔ སྤྱད་ན་འདི་དང་ཕྱི་མར་ངན་འགྲོར་ལྟུང༔ སྙིང་རྗེའི་སེམས་ཀྱིས་བསད་པ་གསོ་ནུས་ཤིང༔ མ་དག་དག་པའི་ལམ་ལ་མ་སྦྱོར་ན༔ མངོན་སྤྱོད་ལས་རྣམས་མི་རུང་དམྱལ་བར་ལྟུང༔ རྣམ་རྟོག་ཡེ་ཤེས་ཀློང་དུ་མ་གཅོད་ན༔ ཐོ་ཅོའི་སྤྱོད་པ་འདྲེ་བརྡུང་ལས་མ་མངོན༔ བླ་མ་བསྟེན་ནས་དག་སྣང་མི་སྦྱང་བར༔ དམ་ཚིག་མི་བསྲུང་ཆོས་ལ་ཐོབ་གྲངས་རྩི༔ ལོག་ལྟས་རྒྱུད་བསླད་ཁ་ནས་ངོ་སྲུང་སྤོད༔ དད་མེད་པ་ལ་གསང་སྔགས་ཆོས་བསྟན་ན༔ ཕན་ཡོན་མེད་ཅིང་གཉིས་ཀ་ངན་འགྲོར་ལྟུང༔ རང་རྒྱུད་མ་དུལ་དཔེ་ཐོག་བྲོ་བརྡུང་ཞིང༔ རང་གིས་རང་བོར་གཞན་ལ་ཆོས་བསྟན་ན༔ དམུས་ལོང་གཉིས་འགྲོགས་ལམ་སྣ་ག་ལ་བགྲོད༔ གསང་སྔགས་ཐེག་པ་ཆེན་པོའི་ལྟ་བ་ནི༔ རྣམ་རྟོག་མཚན་མའི་སྐྱོན་གྱིས་མ་གོས་པ༔ སྤང་བླང་བྱ་རྩོལ་བྲལ་བ་ཆོས་ཀྱི་དབྱིངས༔ དཔེ་ནི་ནམ་མཁའ་མཐའ་དབུས་བྲལ་བ་འདྲ༔ བདེ་ལ་ཞེན་པ་སྡུག་ལ་དོགས་པ་མེད༔ སྤྲོས་བྲལ་བློ་འདས་བརྗོད་ཚིག་བྲལ་བ་འོ༔ བསྒོམ་པ་གདོས་གཟུགས་ལུས་ལ་འཛིན་མེད་པ༔ མེ་ལོང་གཟུགས་བརྙན་ཆུ་ཟླའི་རོལ་གར་བཞིན༔ སྣང་ལ་འཛིན་མེད་གསལ་ལ་སྟོང་སང་ངེ༔ ངོ་བོ་སེམས་ཉིད་མ་གཏོགས་གཞན་མ་ཡིན༔ སྤྱོད་པ་མ་ངེས་བྱིས་པའི་རོལ་རྩེད་འདྲ༔ བཟང་ངན་རེ་དོགས་ཕྱོགས་སུ་མ་ལྷུང་བར༔ གང་ཤར་མཉམ་པ་ཉིད་གནས་མ་རྟོགས་པས༔ རྒྱུ་འབྲས་ཁྱད་གསོད་གསང་སྔགས་སྤྱོད་པ་མིན༔ མ་འོངས་ང་ཡི་རྗེས་འབྲང་སྔགས་པ་ཀུན༔ ཚད་མའི་ལུང་དང་མཐུན་པའི་ལས་གྱིས་ཤིག༔ ཞལ་གདམས་ལེ་འུ་གསུམ་པ་འོ༔ ས་མ་ཡ༔ ཐམས་ཅད་ཀུན་མཁྱེན་པདྨ་ཀཱ་ར་ངས༔ བོད་ཀྱི་རྒྱལ་པོ་རྣམས་ལ་ཞལ་གདམས་པ༔ དམ་ཆོས་ཡོད་ན་རྒྱལ་པོར་སྐྱེ་བའི་རྒྱུ༔ སྔོན་གྱི་ཚོགས་བསགས་དག་ལ་རག་ལས་པས༔ དེ་ཕྱིར་བློ་ཕུགས་དཀོན་མཆོག་གསུམ་ལ་གཏོད༔ ཆོས་ཀྱི་ཁྲིམས་ནི་ཧ་ཅང་དམ་མ་ཡིན༔ ལྷོད་པ་མ་ཡིན་གྲིམ་ཚོད་རན་པར་གྱིས༔ གསོད་ཅིང་ཡན་ལག་མི་འབྲེག་ཆོས་ཀྱི་ཁྲིམས༔ མིག་སོགས་དབང་པོ་མི་བསྣུབ་ཆོས་ཀྱི་ཁྲིམས༔ ཡན་ལག་སྒྲོག་གིས་མི་བསྡམ་ཆོས་ཀྱི་ཁྲིམས༔ ཆོས་ཀྱི་ཁྲིམས་ནི་ཉེས་ཅན་བརྡུང་བ་དང༔ ཆོས་མིན་ལོག་པ་བསྣུབ་ཅིང་ཡང་དག་སྤེལ༔ མདོ་བྱང་སྔགས་གསུམ་གང་ན་མེད་པ་ཡི༔ མི་མཐུན་ཆོས་གསར་སྟོན་མཁན་མཐའ་ལ་སྐྱུགས༔ བསྟན་དང་འགྲོ་བའི་དགྲ་རུ་གྱུར་ཀུན་ལ༔ དྲག་པོ་མངོན་སྤྱོད་ལས་ཀྱི་མཐུ་བསྒྲུབས་ནས༔ མ་དག་པ་རྣམས་དག་པའི་ས་ལ་སྒྲོལ༔ ལེགས་པའི་གཟེངས་བསྟོད་ཉེས་པ་དམའ་ཕབ་ཅིང༔ རྒན་པའི་གྲལ་རིམ་གཞོན་པས་མཐའ་རྟེན་ན༔ རྒྱལ་ཁྲིམས་དྲག་ཏུ་བསྡམས་ནས་ཕྱོགས་རིས་སྤོངས༔ ལས་མཐུན་ཁྲིམས་སྐྱོངས་མཁས་པ་དབུ་འཕང་བསྟོད༔ ལུགས་མེད་ཀུན་དང་མི་མཐུན་ཚར་ཆོད་ལ༔ སྡོད་ཚུགས་མ་ཟིན་བྱ་མང་ཕུང་བྱེད་མཁན༔ རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འོག་ཏུ་ཆུག༔ མེ་ཁྲིམས་བསྲེག་པ་ཆུ་ཁྲིམས་བརྒྱང་པ་དང༔ རླུང་ཁྲིམས་གསལ་ཤིང་རྩེར་བསྐྱོན་ཕྱར་བ་འོ༔ ས་ཁྲིམས་གནན་དང་ཤིང་ཁྲིམས་བརྡུང་བ་དང༔ ལྕགས་ཁྲིམས་མགོ་དང་ཡན་ལག་བྲེག་པ་འོ༔ ལས་དང་རྒྱུ་འབྲས་ཁོ་ནར་དྲན་ཤེས་བཞིན༔ ནམ་ཡང་གཙོར་འཛིན་བབ་དང་འོས་བཞིན་བས༔ དོན་མེད་ཁྲིམས་གཏུགས་ཉེས་མེད་ཨར་ལ་གཏད༔ བསམ་བློ་ཞིབ་བཏང་རྟོག་དཔྱོད་མི་བྱེད་པར༔ ཁྲེལ་མེད་ལས་ཀ་མ་རུངས་སྤོང་བར་མཛོད༔ ཉེས་པ་ཅན་རྣམས་དྲག་པོའི་ཁྲིམས་ཀྱིས་བཏུལ༔ རྒྱལ་ཁམས་ཡོངས་ལ་འཚེ་བྱེད་མེད་པར་གྱིས༔ ཆོས་དང་མཐུན་པས་རྒྱལ་ཁམས་བདེ་བར་སྐྱོངས༔ ཞལ་གདམས་ལེ་འུ་བཞི་པ་འོ༔ ས་མ་ཡ༔ འཇིག་རྟེན་ཁྲིམས་སྐྱོང་མཁས་པ་པད་འབྱུང་ངས༔ བོད་ཀྱི་བཙུན་མོ་ཀུན་ལ་ཞལ་གདམས་པ༔ བུད་མེད་ཁ་ནས་དགེ་བའི་ལས་མེད་པས༔ སྨྲ་བ་མ་མང་ཁ་སྡོམས་ཁྲིམས་ལ་སྐྱོངས༔ མཐུན་པ་དབྱེན་གྱིས་མ་ཕྱེ་ལེགས་ཚོགས་སྒྲིགས༔ མི་མཐུན་འཁྲུགས་པ་མ་སློངས་ཅི་མཐུན་སྦྱོར༔ འདོད་པའི་ཁོང་ཁྲོ་མ་གསག་མིག་སེར་སྤོངས༔ སྲིད་སྐྱོང་རྒྱལ་པོ་རྗེ་གཅིག་མ་གཏོགས་པའི༔ བློན་འབངས་ཕལ་པའི་གྲོགས་ལ་དགའ་མ་ཆེ༔ བུད་མེད་ཁྲིམས་ཁ་ཆེ་ན་ཡོ་ལོག་འབྱུང༔ ཉི་ཤར་འབྲུག་སྒྲ་ཆེ་ན་སེང་གེས་གསོད༔ གཞན་ལ་ཅི་ཕན་ཀུན་དང་མཐུན་པར་གྱིས༔ དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་སོམས༔ མི་རྟག་པ་སྒོམས་རྒྱུ་འབྲས་ཕྲ་ཞིབ་གཟོབས༔ རྗེ་ཡི་བཀའ་སྒྲུབས་བློན་དང་མཐུན་པར་གྱིས༔ འཁོར་གཡོག་ཐམས་ཅད་བྱམས་དང་བརྩེ་བས་སྐྱོངས༔ དེ་ལྟར་བསྒྲུབས་ན་ཚེ་འདིར་ལེགས་ཚོགས་འཕེལ༔ ཉེས་པའི་རྒུད་ཞི་བསམ་དོན་ལྷུན་འགྲུབ་འགྱུར༔ ཞལ་གདམས་ལེ་འུ་ལྔ་པ་འོ༔ ས་མ་ཡ༔ ཀུན་ལ་དབང་བསྒྱུར་པདྨ་འབྱུང་གནས་ངས༔ བོད་ཀྱི་བློན་པོ་ཀུན་ལ་ཞལ་གདམས་པ༔ སྙིང་ནས་དམ་པའི་ཆོས་ལ་བློ་གཏད་ནས༔ ཁྱེད་ཤེས་མོས་གུས་བརྟན་པོ་གདེངས་བསྐྱེད་ཅིང༔ ལས་དང་རྒྱུ་འབྲས་དགེ་སྡིག་ངོ་ཤེས་ཀྱིས༔ སྤང་བླང་གནད་དོན་མ་བརྗེད་སེམས་ལ་ཟུངས༔ རྗེ་ཡི་ཞལ་ནས་གསུངས་པའི་བཞེད་དོན་རྣམས༔ གང་ལྟར་ཡིན་ཡང་བཀའ་བཞིན་སྒྲུབ་པར་གྱིས༔ སྲིད་པ་སྔོན་གྱི་ལུགས་གཉིས་ཁྲིམས་ཇི་བཞིན༔ རྒྱལ་ཁམས་བདེ་བར་འཚོ་བའི་ཁྲིམས་ཀྱིས་སྐྱོངས༔ རྒྱལ་པོའི་ཐུགས་དགོངས་སྒྲུབ་པ་བློན་ཡིན་ཕྱིར༔ རང་འདོད་ལས་ཀ་མ་བྱེད་བསམ་གཞིག་ཐོངས༔ ཡ་རབས་དབུ་འཕང་བསྟོད་ལ་མ་རབས་རྣམས༔ ངེས་པར་འཇིགས་ཆེ་དྲག་པོའི་ཁྲིམས་ཀྱིས་ནོན༔ རང་དོན་ཕུགས་བཅུག་འཁོར་ལ་འཚེ་བྱེད་པའི༔ མི་བདེའི་སྣ་འདྲེན་ཕུང་བྱེད་ཁྲིམས་ཀྱིས་སོད༔ མཐོན་པོ་གཉའ་ནོན་དམན་པ་མཐའ་ནས་སྐྱོངས༔ ད་ལྟ་ལས་དང་ཉེས་པ་ཅི་བྱས་ཀྱང༔ ལས་དང་རྒྱུ་འབྲས་ནམ་ཡང་ཆུད་མི་ཟ༔ བདེན་པའི་གཏམ་བཤད་འདི་ལ་དོན་ཡོད་ཕྱིར༔ ཆོས་མཐུན་ཁྲིམས་བློན་རྣམས་ཀྱི་ཡིད་ལ་ཆོངས༔ ཞལ་གདམས་ལེ་འུ་དྲུག་པ་འོ༔ ས་མ་ཡ༔ ཕྱོགས་མེད་ཀུན་ལ་སྙོམ་པའི་པད་འབྱུང་ངས༔ བོད་ཀྱི་ཡོན་བདག་ཀུན་ལ་ཞལ་གདམས་པ༔ གང་ཞིག་བླ་མ་རྣམས་དང་དགེ་འདུན་ལ༔ མཆོད་ཅིང་བཀུར་སྟི་ཡོན་གནས་བྱེད་པའི་ཚེ༔ དང་པོ་རྒྱུད་ཀྱི་མཚན་ཉིད་ལེགས་པར་བརྟགས༔ བར་དུ་ཡོན་ཏན་ཤེས་རབ་རྩལ་ལ་བརྟགས༔ ཐ་མ་ནུས་པ་དགེ་འམ་མི་དགེ་བརྟགས༔ ལེགས་པར་འདུག་ན་བསྟེན་ཅིང་ཉེས་ན་སྤོངས༔ བསྟེན་ནས་དགོངས་ཕྱོགས་ཡོན་ཏན་དེ་ཉིད་ཀུན༔ རང་གི་རྒྱུད་ལ་མ་ཞུགས་བར་དུ་བསླབ༔ ཡུན་འགྲོགས་ཆེ་ན་ཡོན་ཏན་སྐྱོན་མཐོང་ཕྱིར༔ ཅི་མཛད་ཡང་དག་མཐོང་བའི་མོས་གུས་བསྐྱེད༔ ནམ་ཡང་རང་དང་འབྲལ་མེད་གཙུག་ཏུ་སྒོམས༔ མཐར་ཐུག་ཐུགས་ཡིད་དབྱེར་མེད་བསྲེས་ནས་སུ༔ གཞི་དབྱིངས་སྤྲོས་བྲལ་འོད་གསལ་ཀློང་དུ་འཕོ༔ ཆོས་སྟོན་དགེ་བའི་བཤེས་དང་དམ་ཆོས་ལ༔ གསར་འགྲོགས་མ་ཆེ་གཅིག་ཆོག་བླ་མར་བརྟེན༔ སྤྱིར་ན་ཆོས་དང་འཇིག་རྟེན་གང་སྒྲུབ་ཀྱང༔ བསམ་པ་བརྟན་ལ་ཕན་ཅིང་ལས་བསྒྲུབས་ནས༔ འཕྲལ་ཕུགས་གཉིས་ཀར་བདེ་བའི་ཕུགས་ཡོད་གྱིས༔ བླ་མ་བསྟེན་ནས་ལོག་སྤྱོད་ཅི་མཛད་ཀྱང༔ དགེ་བ་མ་གཏོགས་མི་དགེ་སྐྱོན་མི་བརྩི༔ རང་ལ་དད་མོས་བྱིན་རླབས་སྣོད་ཡོད་ན༔ གང་དག་སུ་ལ་མོས་ཀྱང་བླ་མར་འགྱུར༔ བདེ་དང་སྡུག་བསྔལ་རང་གི་སེམས་ལས་བྱུང༔ གཞན་ལ་ཕན་པའི་སེམས་ཀྱིས་སྡིག་བྱས་ཀྱང༔ དེ་ལ་ཉེས་པ་ཆུང་ཞིང་ཕན་ཡོན་འཕེལ༔ ལས་མ་བསྒྲུབ་ཀྱང་གནོད་སེམས་འཆང་བ་ན༔ ཞེ་སྡང་དམྱལ་བའི་ས་བོན་དེ་ཡིས་བསྐྱེད༔ དེ་ཕྱིར་གཞན་ལ་ཕན་སེམས་དག་པའི་སྒོས༔ ལས་གང་བསྒྲུབས་ཀྱང་ཡང་དག་ལམ་མཆོག་ཡིན༔ ཤ་ཚའི་སྙིང་གཏམ་མ་བརྗེད་ཡིད་ལ་ཟུངས༔ ཞལ་གདམས་ལེ་འུ་བདུན་པ་འོ༔ ས་མ་ཡ༔ དུས་གསུམ་ཀུན་མཁྱེན་པདྨ་ཀཱ་ར་ངས༔ བོད་ཀྱི་དམངས་ཕལ་ཀུན་ལ་ཞལ་གདམས་པ༔ ཁྱེད་ཅག་སྔོན་ཡང་ཆོས་མེད་སྡིག་བསགས་པས༔ འཇིག་རྟེན་འཁོར་བ་མི་བདེའི་གནས་སུ་ལྷུང༔ ནམ་ཡང་ཁོམ་པའི་དུས་ནི་མི་འོང་བས༔ གར་འགྲོ་གར་འདུག་ལས་ཀ་ཅི་སྒྲུབ་ཀྱང༔ དཀོན་མཆོག་གསུམ་པོ་མ་བརྗེད་ཡིད་ལ་ཆོངས༔ སྐྱབས་འགྲོའི་ཚིག་དང་གཞན་ཡང་ངག་བཟླས་བརྩོན༔ དག་པའི་ཞིང་དུ་སྐྱེ་བའི་སྨོན་ལམ་ཐོབས༔ བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་ཡིན་པས༔ གསོལ་འདེབས་ཚིག་དང་ཡི་གེ་དྲུག་མ་བསྒྲང༔ སྟོན་པའི་སྐལ་བ་གུ་རུ་ང་ཡིན་པས༔ དུས་རྒྱུན་དྲན་བཞིན་གསོལ་བ་འདི་ལྟར་ཐོབས༔ དཀོན་མཆོག་སྐྱབས་གནས་མ་ལུས་འདུས་པའི་དཔལ༔ རྒྱལ་བ་ཀུན་དངོས་གུ་རུ་པདྨ་འབྱུང༔ གསོལ་བ་འདེབས་སོ་ཐུགས་རྗེའི་ཤུགས་ཕྱུངས་ལ༔ གནས་སྐབས་མཐར་ཐུག་ཕྱི་ནང་གསང་གསུམ་གྱི༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ སྐྱེ་མེད་ཡེ་ཤེས་དོན་གྱི་དབང་མཆོག་སྐུར༔ རིག་འཛིན་རྒྱལ་བའི་གྲལ་དུ་འཁོད་པར་ཤོག༔ འདི་ལྟར་ནམ་ཡང་མ་བརྗེད་གསོལ་བ་ཐོབས༔ སྙིགས་མའི་འགྲོ་ལ་དད་མོས་ཡོད་སྲིད་ན༔ ང་ལ་འགྲོ་སྡོད་གཉིས་སུ་ཡོད་མ་ཡིན༔ ནམ་ཡང་དབྱེར་མེད་ང་ཡི་ཐུགས་རྗེས་སྐྱོབ༔ གཞན་ལ་ཕན་པའི་སྒོ་ནས་ཅི་བྱས་ཀྱང༔ དགེ་བའི་རྒྱུར་འགྱུར་ཡོན་ཏན་གོང་འཕེལ་ཞིང༔ ཉེས་པ་མེད་པར་རྒྱལ་བའི་ཞལ་ནས་གསུངས༔ དེ་ཕྱིར་སྤང་བླང་ཚིག་འདི་ཡིད་ལ་ཟུངས༔ ཞལ་གདམས་ལེ་འུ་བརྒྱད་པ་འོ༔ ས་མ་ཡ༔ ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ངས༔ བོད་འབངས་སྤྱི་ལ་ཕན་པའི་ཞལ་གདམས་པ༔ སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པའི་རྒྱུ༔ དམ་པའི་ཆོས་ཀྱི་ཡོན་ཏན་ཁོ་ན་སྟེ༔ དེ་ཕྱིར་སངས་རྒྱས་བསྟན་དང་དེར་འཛིན་ལ༔ དད་དང་མོས་གུས་རྩེ་གཅིག་བློ་སྣ་དྲིལ༔ སྐྱབས་སུ་འགྲོ་ཞིང་བྱང་ཆུབ་སེམས་བསྐྱེད་གྱིས༔ བསླབ་པ་ལ་ཞུགས་ཕན་པའི་ལས་སྦྱོར་བརྩོན༔ མི་ཚེ་རིང་ཡང་ལོ་བརྒྱ་ལས་མི་སྡོད༔ དུག་ལྔའི་དབང་དུ་མ་གཏང་ཆོས་བཞིན་སྒྲུབས༔ དགེ་དང་མི་དགེའི་བག་ཆགས་ཅི་སྤྱད་ཀྱང༔ དཔེར་ན་འབྲུ་ཡི་རིགས་བྱེད་སྣ་ཚོགས་ཤིག༔ ས་བོན་བཏབ་ན་རང་རང་འབྲས་བུ་ལས༔ རྒྱུ་དང་མ་མཐུན་འབྲས་ཤིག་མི་སྨིན་པས༔ དེ་བཞིན་དགེ་སྡིག་རྒྱུ་འབྲས་ཆུད་མི་ཟ༔ དེས་ན་དམ་པའི་ཆོས་ལ་བློ་སྒྲིམས་ཤིག༔ ངས་ནི་དང་པོ་བྱང་ཆུབ་སེམས་བསྐྱེད་ནས༔ གཞན་ལ་ཕན་པའི་འགྲོ་དོན་བྱེད་པ་ལས༔ རང་གཅིག་དོན་ལ་མ་གཉེར་ལྷ་ཆོས་བསྒྲུབས༔ ཕྱི་ལྟར་འདུལ་བ་ནང་ལྟར་བྱང་སེམས་དང༔ གསང་བ་སྔགས་བཅས་སྡོམ་གསུམ་བརྟན་པོར་བཟུང༔ རྡོ་རྗེ་འཛིན་པའི་རིག་འཛིན་མཆོག་ཆེན་བརྙེས༔ ལས་འཕྲོའི་དབང་གིས་བོད་ཀྱི་དོན་ལ་བྱོན༔ སྤྲེལ་ཚ་བོད་ཀྱི་རྒྱལ་ཁམས་ཆོས་ལ་བཙུད༔ བོད་ལ་ཕན་བཏགས་ཆེ་བ་ང་ཡིན་པས༔ ཡོན་ཏན་དྲན་བཞིན་རྒྱུན་དུ་གསོལ་བ་ཐོབས༔ ཅེས་པའི་སྙིང་གཏམ་མ་བརྗེད་ཡིད་ལ་ཆོངས༔ ཞལ་གདམས་ལེ་འུ་དགུ་པ་འོ༔ ས་མ་ཡ༔ ཅིར་ཡང་མ་རྨོངས་པདྨ་འབྱུང་གནས་ངས༔ ད་ལྟ་ང་ཡི་ལྷ་ཞལ་མ་མཇལ་ཞིང༔ གསུང་མ་ཐོས་པའི་མ་འོངས་འགྲོ་ཀུན་ལ༔ སྙིང་གཏམ་མདོ་རུ་དྲིལ་ཏེ་གཞག་པར་བྱ༔ བོད་འདིར་སྐུ་དངོས་གདུལ་བྱ་རྫོགས་འདུག་པས༔ ད་ནི་མི་འདུག་སྲིན་པོའི་ཡུལ་དུ་འགྲོ༔ གདུལ་བྱའི་ཞིང་གྱུར་མ་འོངས་འགྲོ་བ་རྣམས༔ ལོ་རེ་སོང་ཡང་དུས་ནི་ཇེ་ངན་འགྲོ༔ དཀོན་མཆོག་གསུམ་གྱི་བསྟན་པའི་དབུ་འཕང་ཞན༔ མི་རྣམས་དམུ་རྒོད་སུས་ཀྱང་འདུལ་དཀའ་བས༔ བདུད་ཀྱི་སྟོབས་འཕེལ་རང་སེམས་རང་གིས་ཐུལ༔ རང་ལ་དག་སྣང་མོས་གུས་སྣོད་མེད་ན༔ ལོག་ལྟ་ཅན་རྣམས་ངས་ཀྱང་འདུལ་མི་འགྱུར༔ མ་འོངས་དུས་སུ་དགེ་འདུན་བཤད་ཉན་ཚོགས༔ སེམས་ཅན་དོན་བྱེད་ཐམས་ཅད་ང་སྤྲུལ་ཡིན༔ དད་དང་མོས་པའི་ཡིད་ཀྱིས་སུས་མཆོད་ཀྱང༔ ང་ལ་ཞབས་ཏོག་བྱེད་དང་ཁྱད་པར་མེད༔ དམ་པའི་ཆོས་ནི་ཚིག་གཅིག་ཡན་ཆད་ལ༔ བསྟོད་ཅིང་བཀུར་སྟི་འདུན་པ་སུས་བྱས་པ༔ ང་ཡི་བཀའ་བཞིན་བསྒྲུབས་དང་བསོད་ནམས་མཉམ༔ རྒྱལ་བའི་སྐུ་ནི་གས་ཆག་ཡན་ཆད་ལ༔ ཡང་དག་འདུ་ཤེས་བསྐྱེད་ཅིང་བཀུར་སྟི་བྱས༔ སངས་རྒྱས་དངོས་ལ་མཆོད་བསྟོད་བྱས་དང་མཉམ༔ དགེ་འདུན་ཐམས་ཅད་ང་ཡི་སྐུ་ཚབ་ཡིན༔ དམ་ཆོས་མ་ལུས་ཡང་དག་ཚད་མའི་བཀའ༔ ཐུགས་བསྐྱེད་མཐར་ཕྱིན་འབྲས་བུས་འགྲོ་དོན་བྱེད༔ པད་འབྱུང་བོད་དུ་བཞུགས་དང་ཁྱད་པར་མེད༔ ལས་འཕྲོ་སྣོད་ལྡན་སྐལ་བཟང་ལས་ཅན་ལ༔ པད་འབྱུང་གར་ཡང་མ་བྱོན་སྒོ་ཉལ་ཡོད༔ སྣོད་མེད་ལོག་ལྟ་བདུད་ཀྱི་རིགས་ཅན་ལ༔ ནམ་ཡང་འབྲལ་མེད་འགྲོགས་ཀྱང་ཕན་ཐོགས་མེད༔ ཐམས་ཅད་ལས་འཕྲོ་ཁོ་ནར་རག་ལས་པས༔ ཚུལ་ཁྲིམས་མི་གཙང་འདུལ་བའི་སྣོད་མིན་ལ༔ གཞན་ཕན་མ་བརྩོན་བྱང་སེམས་ལམ་ཡང་མིན༔ དམ་ཚིག་མ་སྲུང་གསང་སྔགས་རྣལ་འབྱོར་མིན༔ བླ་མ་མ་བསྟེན་རང་བྱུང་སངས་རྒྱས་མེད༔ དེ་ཕྱིར་རྒྱལ་བའི་བཀའ་ནས་བྱུང་བ་དང༔ ངེས་དོན་སྟོན་པ་བླ་མའི་གསུང་ཇི་བཞིན༔ སྒོ་གསུམ་དད་མོས་བརྟན་པོས་བསྒྲུབ་པར་གྱིས༔ དམ་ཆོས་སྒྲུབ་ལ་བར་ཆད་ཡོད་ངེས་པས༔ རེ་དོགས་མཚན་མའི་དབང་དུ་མ་གཏང་བར༔ རྐྱེན་ངན་དངོས་གྲུབ་གྲོགས་སུ་ཤེས་པར་མཛོད༔ མི་ཚེ་འཇིག་རྟེན་སྣང་བ་ཡུད་ཙམ་འདིར༔ མི་དགོས་པ་ནི་གཅིག་ཀྱང་མི་འོང་བས༔ སྙིང་པོ་མེད་པར་སོམས་ལ་ཆོག་ཤེས་གྱིས༔ སེམས་ལ་གང་ཤར་རྟོག་དཔྱོད་མ་བྱས་པར༔ ཁྲེལ་མེད་ལས་ཀ་མ་བྱེད་བག་ཡོད་གྱིས༔ མཛའ་གྲོགས་མི་རྟག་ཚོང་དུས་མགྲོན་པོ་འདྲ༔ ཡུན་རིང་མི་འགྲོགས་བེམ་རིག་བྲལ་ནས་བྱེ༔ ལོངས་སྤྱོད་མི་རྟག་རྩྭ་ཁའི་ཟིལ་པ་འདྲ༔ བསོད་ནམས་ཟད་དུས་སྨན་ཡང་དུག་ཏུ་འགྱུར༔ ཅི་ཡང་མི་རྟག་མདང་གི་རྨི་ལམ་འདྲ༔ བརྟག་ཅིང་དཔྱད་ན་སྙིང་པོ་གང་ཡང་མེད༔ སྒྲུབ་ལ་སྙིང་པོ་ཡོད་པ་ཆོས་ཡིན་པས༔ གཏན་གྱི་འདུན་གནས་དཀོན་མཆོག་གསུམ་ལ་གྱིས༔ ནམ་ཡང་མི་བསླུ་ཐུགས་རྗེས་སྐྱོབ་པར་འགྱུར༔ དགེ་འདུན་མེད་ན་བསྟན་པའི་གཞི་མེད་ཕྱིར༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང༔ འཕགས་པའི་དགེ་འདུན་དག་ལ་བསྟེན་ནས་བྱུང༔ སྐྱབས་གནས་གཅིག་ཆོག་རྒྱལ་པོར་ཤེས་པར་མཛོད༔ རང་ལ་དད་པའི་ལས་ཀྱི་འཕྲོ་མེད་ན༔ སངས་རྒྱས་དངོས་སུ་མཐོང་ཡང་ལོག་པར་མཐོང༔ དེ་ཕྱིར་དྲན་ཤེས་དག་སྣང་བརྟན་པོའི་སྒོས༔ སུ་ལ་འདུན་ཡང་ལས་མཐའ་མ་ལོག་པ༔ རྟག་ཅིང་བརྟན་པོའི་དམ་ཚིག་བསྲུང་བར་གྱིས༔ ཁམས་གསུམ་འཁོར་བར་གནས་པའི་སེམས་ཅན་ཀུན༔ ཐོག་མེད་དུས་ནས་ཕ་མར་མ་གྱུར་མེད༔ དེ་ཕྱིར་ཀུན་ལ་ཕན་བདེ་ལྷག་བསམ་གྱི༔ སྦྱོར་བ་དགེ་བས་སེམས་ཅན་ཐམས་ཅད་སྐྱོངས༔ ང་ཡི་ཞལ་གདམས་སྙིང་གི་ཁུ་བ་འདི༔ ནམ་ཡང་མ་བརྗེད་ཡིད་ཀྱི་སྒྲོམ་བུར་ཆོངས༔ བཀའ་བཞིན་བསྒྲུབས་ན་བསྟན་འགྲོའི་ལེགས་ཚོགས་འཕེལ༔ ཞལ་གདམས་ལེ་འུ་བཅུ་པ་འོ༔ ས་མ་ཡ༔ གུ་རུའི་སྙིང་གཏམ་ཞལ་གདམས་ལེ་འུ་བཅུ༔ མ་སྤེལ་རིན་ཆེན་ས་ཡི་གཏེར་དུ་སྦོས༔ མ་འོངས་སྙིགས་མ་ལྔ་བདོའི་དུས་ཀྱི་ཚེ༔ ད་ལྟའི་རྣམ་སྣང་ལོ་ཙཱ་ཁྱོད་ཀྱི་སྤྲུལ༔ དབང་གི་མིང་ཅན་གཅིག་དང་འཕྲད་ནས་ཀྱང༔ སངས་རྒྱས་བསྟན་དང་འགྲོ་བའི་དཔལ་དུ་ཤོག༔ ས་མ་ཡ༔ གསང་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ལ་དངོས་གྲུབ་ཏུ་ཐོབ་པའོ།། །།ཨོ་རྒྱན་དུས་གསུམ་མཁྱེན་པའི་རྡོ་རྗེའི་གསུང་། །ཞལ་གདམས་ཐར་འདོད་མིག་གི་བདུད་རྩི་འདི། །བསོད་ནམས་ཚེ་བརྟན་དད་པས་ཡོན་སྦྱར་ཏེ། །ཆོས་སྦྱིན་མི་ཟད་པར་དུ་བཀོད་པ་འདིས། །འགྲོ་ཀུན་ཤེས་རྒྱུད་སྒྲིབ་གཉིས་དྲི་མ་བྲལ། །ཐེག་གསུམ་དམ་ཆོས་བདུད་རྩིའི་སྣོད་དུ་གྱུར། །ཀུན་ཀྱང་དཀའ་བ་མེད་པར་གདོད་མའི་སར། །ཀུན་ཏུ་བཟང་པོའི་དགོངས་པར་རོ་གཅིག་ཤོག །ཅེས་པའང་མཁྱེན་སྤྲུལ་པས་སོ།། །། | ྈྈྈྈྈྈྈྈྈྈྈྈྈ ན་མོ་གུ་རུ་རྩ་བ་གསུམ་ལ་འདུད༔ རིག་འཛིན་གུ་རུ་པདྨ་འབྱུང་གནས་ངས༔ འགྲོ་རྣམས་དགའ་བ་དང་ནི་གུས་པའི་ཕྱིར༔ ཟབ་པའི་སྙིང་གཏམ་རྣམ་པ་བཅུ་འགོད་བྱ༔ རྒྱལ་ཚབ་གཏེར་སྟོན་རིག་པ་འཛིན་ཀུན་གྱིས༔ སྦས་པའི་ཕ་ནོར་བུའི་བཞིན་སྤྱོད་པའི་ཚེ༔ སྙིགས་མ་དམུ་རྒོད་སེམས་ཅན་འདུལ་དཀའ་བས༔ ཐབས་དང་ལྡན་པའི་སྤྱོད་པས་མཁས་སུ་སྐྱོངས༔ བདུད་ཀྱི་སྟོབས་ནི་ཇེ་ཆེར་ཟབ་འོང་བས༔ བློ་གྲོས་བརྟན་པས་རིམ་བཞིན་རང་ཚུགས་ཟུངས༔ མི་མིན་ལྷ་འདྲེའི་སོ་མ་རྒོད་པའི་ཕྱིར༔ སྨྲ་བ་མ་མང་ཁ་སྡོམས་ཆང་མ་ཐུངས༔ ལྷ་དང་བདུད་གཉིས་སྟོབས་འདྲེན་བར་ཆད་བྱེད༔ མདུན་ནས་དད་པའི་གསོལ་འདེབས་ལྷང་ལྷང་འདེབས༔ རྒྱབ་ནས་མི་དད་སྐུར་བ་དིར་དིར་སྒྲོག༔ དེ་ཚེ་དགའ་སྡུག་མ་སྐྱེས་རང་ཚུགས་ཟུངས༔ རྟེན་འབྲེལ་ལས་ཀྱི་དོན་དང་མི་ལྡན་པའི༔ དོན་མེད་བྱ་བ་མ་མང་བརྟན་པོར་སྡོད༔ རྟེན་འབྲེལ་ཆོས་རྣམས་ཕུང་བྱེད་འཁོར་ཡིན་པས༔ གཞན་དང་གྲོས་ཁ་མ་བསྟུན་རང་བློས་གྱིས༔ སྤྱོད་ལམ་ཞི་ན་ཀུན་གྱིས་བརྙས་ནས་འོང༔ དྲག་པོ་བྱས་པས་མི་མཐུན་མི་དགའ་མང༔ ཞི་མ་ཁྲོ་ཡི་སྤྱོད་ལམ་སྐྱོང་ཤེས་གྱིས༔ ང་ཡི་ཐུགས་བསྐྱེད་ཟབ་མོ་བཀའ་རྒྱས་བཏབ༔ ལས་ཅན་སྐྱེས་བུ་རྣམས་ལ་གདམས་པའི་དོན༔ ཕལ་པ་གཞན་ལ་དབང་མིན་ལུང་བཞིན་སྒྲུབས༔ ང་ཡི་ཞལ་གདམས་ལུང་ལས་བྱུང་བ་བཞིན༔ ངེས་པར་བསྒྲུབས་ན་དོན་གཉིས་ཤུགས་ཀྱིས་འབྱུང༔ འཇིག་རྟེན་དང་མཐུན་ཆོས་ཀྱི་གོ་མི་ཆོད༔ སྒྲུབ་ལ་ཡུན་ཚུགས་གཡེང་བའི་འགྲོས་མ་མང༔ ཕྱོགས་འཛིན་མ་བྱེད་ཀུན་ལ་ངོ་མཉམ་གྱིས༔ དད་མེད་པ་ལ་གསང་བའི་ཆོས་མ་སྟོན༔ མི་ཤེས་པ་ལ་སྙིང་གཏམ་གྲོས་མ་བསྟུན༔ རང་ཁར་མི་ཉན་བསླབ་བྱ་ལུང་མ་བསྟན༔ མི་དྲི་བ་ལ་ཚིག་དང་བློ་མ་སྟོན༔ རིགས་རྒྱུད་མ་གཏོགས་བདུད་རིགས་གྲོགས་མ་བསྟེན༔ ཁ་འཇམ་ཞེ་ནག་ཡ་བྲལ་འཁོར་མ་སྐོར༔ སྡིག་ཅན་ནོར་སྤོངས་གྲིབ་ཅན་ཟས་མ་ཟ༔ ཁྲེལ་མེད་གཡོ་སྒྱུས་མགོ་སྐོར་རྫུན་མ་བཤད༔ ཟང་ཟིང་ནོར་ལ་བག་ཡོད་ཆོག་ཤེས་གྱིས༔ ཉེ་དུ་ལ་སོགས་འཚོ་སྐྱོང་ཕྱོགས་མ་འཛིན༔ ཕྱི་ལྟར་བརྟུལ་ཞུགས་ནང་ལྟར་ཞི་སེམས་དུལ༔ གསང་བ་ཉམས་ལེན་མཐར་ཐུག་སྒྲུབ་ལ་བརྩོན༔ ཁྱད་པར་གཏེར་གྱི་རྒྱ་ཁྲོལ་སྤྱོད་པའི་ཚེ༔ ཁ་བྱང་བཞིན་དུ་དགོས་པའི་སྟ་གོན་སྒྲིགས༔ དད་གསུམ་བརྟན་པོས་ང་ལ་གསོལ་བ་ཐོབས༔ འ་འུར་ཚབ་ཚུབ་སྤྱོད་པ་མངོན་གྱུར་ཚེ༔ རིག་པ་བརྟན་པོས་ཚོད་ཡོད་ལས་ཀ་གྱིས༔ རྟེན་འབྲེལ་ཆོས་ཀྱང་རེ་དང་དོགས་པ་སྟེ༔ རྣམ་རྟོག་མ་མང་ངོ་བོའི་གནད་སྐྱོང་འཚལ༔ སྨད་ཅིང་སྐུར་འདེབས་དགྲ་རུ་སུ་ལང་ཡང༔ མི་དགའ་མ་ཆེ་སྔོན་གྱི་ལས་དབང་ཡིན༔ བསྟོད་ཅིང་བཀུར་སྟི་གཙུག་ཏུ་སུས་མཆོད་ཀྱང༔ དགའ་སྤྲོ་མ་འཕེལ་དེ་ཡང་བདུད་ཡིན་ནོ༔ ལྟ་བ་ཁ་ལ་མ་འབྱམས་ཁོང་དུ་སྦོས༔ སྒོམ་པ་དངོས་པོར་མ་གཟུང་ཆུ་ཟླའི་གར༔ སྤྱོད་པ་བརྟུལ་ཞུགས་མ་ངོམས་གསང་སྤྱོད་གྱིས༔ འབྲས་བུ་སྐུ་བཞི་ངོ་བོ་གཅིག་ཐོག་ཕེབས༔ དེ་ལྟར་བྱས་པས་འགྲོ་དོན་གོང་འཕེལ་ཞིང༔ པདྨ་ང་ཡི་ཐུགས་ཀྱི་སྲས་སུ་འགྱུར༔ ཞལ་གདམས་ལེ་འུ་དང་པོ་འོ༔ ས་མ་ཡ༔ སུམ་ལྡན་རྡོ་རྗེ་འཆང་ཆེན་པད་འབྱུང་ངས༔ བོད་ཀྱི་འདུལ་འཛིན་རྣམས་ལ་ཞལ་གདམས་པ༔ ཕྱི་ལྟར་འདུལ་བ་མདོ་ཡི་ཁྲིམས་བསྲུང་ལ༔ ནང་ལྟར་སྨོན་དང་འཇུག་པའི་བསླབ་བྱ་དང༔ གསང་བ་སྔགས་ཀྱི་རིམ་གཉིས་ལམ་ཟབ་མོ༔ དམ་ཚིག་གསུམ་ལྡན་སྡོམ་པ་ཚུལ་བཞིན་ཟུངས༔ དུག་ལྔ་ཡེ་ཤེས་ལྔ་ཡི་ལམ་དུ་ཁྱེར༔ རྨ་བྱ་དུག་གིས་མདོངས་རྒྱས་ཇི་བཞིན་དུ༔ གསང་སྔགས་ཐབས་ལམ་མཆོག་གི་ལམ་ཟབ་མོ༔ ཉམས་སུ་བླངས་ན་བདེ་ཆེན་མཆོག་གི་ལམ༔ འདི་ལ་བརྟེན་ནས་རྒྱལ་ཀུན་སངས་རྒྱས་བགྲོད༔ དེ་ཕྱིར་ཐེག་ཆེན་ལམ་ཟབ་ཉམས་བླང་གཅེས༔ འདུལ་ཁྲིམས་མ་ཉམས་སྡོམ་པ་ཚུལ་བཞིན་སྲུངས༔ ཉམས་ན་འགྱོད་བཤགས་སྡོམ་པ་སླར་བླངས་ལ༔ སྡོམ་སེམས་བརྟན་པོས་ཚུལ་བཞིན་སྐྱོང་བར་གཅེས༔ རྒྱལ་སྲས་ཀུན་གྱི་བགྲོད་པ་གཅིག་པའི་ལམ༔ སྨོན་འཇུག་བྱང་ཆུབ་སེམས་ལ་རག་ལས་པས༔ དེ་ཕྱིར་ཁ་ནས་སྨོན་ཙམ་མ་ཡིན་པར༔ དོན་ལ་འཇུག་པའི་བྱང་ཆུབ་སེམས་བསྐྱེད་འཚལ༔ བོད་ཀྱི་འདུལ་འཛིན་གཙོ་བོ་མཁན་ཆེན་ཏེ༔ མདུན་དུ་བསྒོམ་ལ་སེམས་བསྐྱེད་སྡོམ་པ་ལོངས༔ གསོལ་བ་སྙིང་ཁོང་རུས་པའི་གཏིང་ནས་ཐོབས༔ སྡོམ་གསུམ་མི་ཉམས་ཚུལ་བཞིན་འཛིན་པར་འགྱུར༔ ཞལ་གདམས་ལེ་འུ་གཉིས་པ་འོ༔ ས་མ་ཡ༔ རིག་འཛིན་རྒྱལ་པོ་པདྨ་ཐོད་ཕྲེང་ངས༔ བོད་ཀྱི་སྔགས་པ་ཀུན་ལ་ཞལ་གདམས་པ༔ གསང་སྔགས་ཐེག་པ་ཆེན་པོའི་ལྟ་བ་ནི༔ ངེས་པར་མངོན་དུ་གྱུར་པ་མ་ཡིན་ན༔ གསང་སྔགས་རྣལ་འབྱོར་བ་ཞིག་ཡིན་ཟེར་བའི༔ བསྟན་པའི་བླ་བཙོང་མ་བྱེད་སྙིང་གཏམ་ཡིན༔ རང་ཕྱོགས་ལྟ་བའི་རྒྱལ་པོ་ངོ་ཤེས་ནས༔ ཤར་གྲོལ་མཉམ་པ་ཉིད་ཀྱི་གནད་ཆེན་པོ༔ ཉམས་སུ་མ་ལོན་བབ་བཅོལ་གཏམ་མ་བཤད༔ ཤེས་རབ་ཡེ་ཤེས་དབང་ངོ་མ་འཕྲོད་ན༔ སྔགས་པ་ཡིན་ཟེར་གསང་བའི་གྲོགས་མ་མང༔ དྲི་ཆེན་དྲི་ཆུ་མངལ་ཁྲག་ལ་སོགས་པ༔ བཟང་ངན་རོ་མཉམ་ལོངས་སྤྱོད་མ་ནུས་ན༔ ཆང་ལ་སོགས་པ་བཟང་པོའི་ཟས་དག་ལ༔ གསང་སྔགས་ལམ་ཁྱེར་ཡིན་ཟེར་བག་མེད་ལ༔ སྤྱད་ན་འདི་དང་ཕྱི་མར་ངན་འགྲོར་ལྟུང༔ སྙིང་རྗེའི་སེམས་ཀྱིས་བསད་པ་གསོ་ནུས་ཤིང༔ མ་དག་དག་པའི་ལམ་ལ་མ་སྦྱོར་ན༔ མངོན་སྤྱོད་ལས་རྣམས་མི་རུང་དམྱལ་བར་ལྟུང༔ རྣམ་རྟོག་ཡེ་ཤེས་ཀློང་དུ་མ་གཅོད་ན༔ ཐོ་ཅོའི་སྤྱོད་པ་འདྲེ་བརྡུང་ལས་མ་མངོན༔ བླ་མ་བསྟེན་ནས་དག་སྣང་མི་སྦྱང་བར༔ དམ་ཚིག་མི་བསྲུང་ཆོས་ལ་ཐོབ་གྲངས་རྩི༔ ལོག་ལྟས་རྒྱུད་བསླད་ཁ་ནས་ངོ་སྲུང་སྤོད༔ དད་མེད་པ་ལ་གསང་སྔགས་ཆོས་བསྟན་ན༔ ཕན་ཡོན་མེད་ཅིང་གཉིས་ཀ་ངན་འགྲོར་ལྟུང༔ རང་རྒྱུད་མ་དུལ་དཔེ་ཐོག་བྲོ་བརྡུང་ཞིང༔ རང་གིས་རང་བོར་གཞན་ལ་ཆོས་བསྟན་ན༔ དམུས་ལོང་གཉིས་འགྲོགས་ལམ་སྣ་ག་ལ་བགྲོད༔ གསང་སྔགས་ཐེག་པ་ཆེན་པོའི་ལྟ་བ་ནི༔ རྣམ་རྟོག་མཚན་མའི་སྐྱོན་གྱིས་མ་གོས་པ༔ སྤང་བླང་བྱ་རྩོལ་བྲལ་བ་ཆོས་ཀྱི་དབྱིངས༔ དཔེ་ནི་ནམ་མཁའ་མཐའ་དབུས་བྲལ་བ་འདྲ༔ བདེ་ལ་ཞེན་པ་སྡུག་ལ་དོགས་པ་མེད༔ སྤྲོས་བྲལ་བློ་འདས་བརྗོད་ཚིག་བྲལ་བ་འོ༔ བསྒོམ་པ་གདོས་གཟུགས་ལུས་ལ་འཛིན་མེད་པ༔ མེ་ལོང་གཟུགས་བརྙན་ཆུ་ཟླའི་རོལ་གར་བཞིན༔ སྣང་ལ་འཛིན་མེད་གསལ་ལ་སྟོང་སང་ངེ༔ ངོ་བོ་སེམས་ཉིད་མ་གཏོགས་གཞན་མ་ཡིན༔ སྤྱོད་པ་མ་ངེས་བྱིས་པའི་རོལ་རྩེད་འདྲ༔ བཟང་ངན་རེ་དོགས་ཕྱོགས་སུ་མ་ལྷུང་བར༔ གང་ཤར་མཉམ་པ་ཉིད་གནས་མ་རྟོགས་པས༔ རྒྱུ་འབྲས་ཁྱད་གསོད་གསང་སྔགས་སྤྱོད་པ་མིན༔ མ་འོངས་ང་ཡི་རྗེས་འབྲང་སྔགས་པ་ཀུན༔ ཚད་མའི་ལུང་དང་མཐུན་པའི་ལས་གྱིས་ཤིག༔ ཞལ་གདམས་ལེ་འུ་གསུམ་པ་འོ༔ ས་མ་ཡ༔ ཐམས་ཅད་ཀུན་མཁྱེན་པདྨ་ཀཱ་ར་ངས༔ བོད་ཀྱི་རྒྱལ་པོ་རྣམས་ལ་ཞལ་གདམས་པ༔ དམ་ཆོས་ཡོད་ན་རྒྱལ་པོར་སྐྱེ་བའི་རྒྱུ༔ སྔོན་གྱི་ཚོགས་བསགས་དག་ལ་རག་ལས་པས༔ དེ་ཕྱིར་བློ་ཕུགས་དཀོན་མཆོག་གསུམ་ལ་གཏོད༔ ཆོས་ཀྱི་ཁྲིམས་ནི་ཧ་ཅང་དམ་མ་ཡིན༔ ལྷོད་པ་མ་ཡིན་གྲིམ་ཚོད་རན་པར་གྱིས༔ གསོད་ཅིང་ཡན་ལག་མི་འབྲེག་ཆོས་ཀྱི་ཁྲིམས༔ མིག་སོགས་དབང་པོ་མི་བསྣུབ་ཆོས་ཀྱི་ཁྲིམས༔ ཡན་ལག་སྒྲོག་གིས་མི་བསྡམ་ཆོས་ཀྱི་ཁྲིམས༔ ཆོས་ཀྱི་ཁྲིམས་ནི་ཉེས་ཅན་བརྡུང་བ་དང༔ ཆོས་མིན་ལོག་པ་བསྣུབ་ཅིང་ཡང་དག་སྤེལ༔ མདོ་བྱང་སྔགས་གསུམ་གང་ན་མེད་པ་ཡི༔ མི་མཐུན་ཆོས་གསར་སྟོན་མཁན་མཐའ་ལ་སྐྱུགས༔ བསྟན་དང་འགྲོ་བའི་དགྲ་རུ་གྱུར་ཀུན་ལ༔ དྲག་པོ་མངོན་སྤྱོད་ལས་ཀྱི་མཐུ་བསྒྲུབས་ནས༔ མ་དག་པ་རྣམས་དག་པའི་ས་ལ་སྒྲོལ༔ ལེགས་པའི་གཟེངས་བསྟོད་ཉེས་པ་དམའ་ཕབ་ཅིང༔ རྒན་པའི་གྲལ་རིམ་གཞོན་པས་མཐའ་རྟེན་ན༔ རྒྱལ་ཁྲིམས་དྲག་ཏུ་བསྡམས་ནས་ཕྱོགས་རིས་སྤོངས༔ ལས་མཐུན་ཁྲིམས་སྐྱོངས་མཁས་པ་དབུ་འཕང་བསྟོད༔ ལུགས་མེད་ཀུན་དང་མི་མཐུན་ཚར་ཆོད་ལ༔ སྡོད་ཚུགས་མ་ཟིན་བྱ་མང་ཕུང་བྱེད་མཁན༔ རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འོག་ཏུ་ཆུག༔ མེ་ཁྲིམས་བསྲེག་པ་ཆུ་ཁྲིམས་བརྒྱང་པ་དང༔ རླུང་ཁྲིམས་གསལ་ཤིང་རྩེར་བསྐྱོན་ཕྱར་བ་འོ༔ ས་ཁྲིམས་གནན་དང་ཤིང་ཁྲིམས་བརྡུང་བ་དང༔ ལྕགས་ཁྲིམས་མགོ་དང་ཡན་ལག་བྲེག་པ་འོ༔ ལས་དང་རྒྱུ་འབྲས་ཁོ་ནར་དྲན་ཤེས་བཞིན༔ ནམ་ཡང་གཙོར་འཛིན་བབ་དང་འོས་བཞིན་བས༔ དོན་མེད་ཁྲིམས་གཏུགས་ཉེས་མེད་ཨར་ལ་གཏད༔ བསམ་བློ་ཞིབ་བཏང་རྟོག་དཔྱོད་མི་བྱེད་པར༔ ཁྲེལ་མེད་ལས་ཀ་མ་རུངས་སྤོང་བར་མཛོད༔ ཉེས་པ་ཅན་རྣམས་དྲག་པོའི་ཁྲིམས་ཀྱིས་བཏུལ༔ རྒྱལ་ཁམས་ཡོངས་ལ་འཚེ་བྱེད་མེད་པར་གྱིས༔ ཆོས་དང་མཐུན་པས་རྒྱལ་ཁམས་བདེ་བར་སྐྱོངས༔ ཞལ་གདམས་ལེ་འུ་བཞི་པ་འོ༔ ས་མ་ཡ༔ འཇིག་རྟེན་ཁྲིམས་སྐྱོང་མཁས་པ་པད་འབྱུང་ངས༔ བོད་ཀྱི་བཙུན་མོ་ཀུན་ལ་ཞལ་གདམས་པ༔ བུད་མེད་ཁ་ནས་དགེ་བའི་ལས་མེད་པས༔ སྨྲ་བ་མ་མང་ཁ་སྡོམས་ཁྲིམས་ལ་སྐྱོངས༔ མཐུན་པ་དབྱེན་གྱིས་མ་ཕྱེ་ལེགས་ཚོགས་སྒྲིགས༔ མི་མཐུན་འཁྲུགས་པ་མ་སློངས་ཅི་མཐུན་སྦྱོར༔ འདོད་པའི་ཁོང་ཁྲོ་མ་གསག་མིག་སེར་སྤོངས༔ སྲིད་སྐྱོང་རྒྱལ་པོ་རྗེ་གཅིག་མ་གཏོགས་པའི༔ བློན་འབངས་ཕལ་པའི་གྲོགས་ལ་དགའ་མ་ཆེ༔ བུད་མེད་ཁྲིམས་ཁ་ཆེ་ན་ཡོ་ལོག་འབྱུང༔ ཉི་ཤར་འབྲུག་སྒྲ་ཆེ་ན་སེང་གེས་གསོད༔ གཞན་ལ་ཅི་ཕན་ཀུན་དང་མཐུན་པར་གྱིས༔ དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་སོམས༔ མི་རྟག་པ་སྒོམས་རྒྱུ་འབྲས་ཕྲ་ཞིབ་གཟོབས༔ རྗེ་ཡི་བཀའ་སྒྲུབས་བློན་དང་མཐུན་པར་གྱིས༔ འཁོར་གཡོག་ཐམས་ཅད་བྱམས་དང་བརྩེ་བས་སྐྱོངས༔ དེ་ལྟར་བསྒྲུབས་ན་ཚེ་འདིར་ལེགས་ཚོགས་འཕེལ༔ ཉེས་པའི་རྒུད་ཞི་བསམ་དོན་ལྷུན་འགྲུབ་འགྱུར༔ ཞལ་གདམས་ལེ་འུ་ལྔ་པ་འོ༔ ས་མ་ཡ༔ ཀུན་ལ་དབང་བསྒྱུར་པདྨ་འབྱུང་གནས་ངས༔ བོད་ཀྱི་བློན་པོ་ཀུན་ལ་ཞལ་གདམས་པ༔ སྙིང་ནས་དམ་པའི་ཆོས་ལ་བློ་གཏད་ནས༔ ཁྱེད་ཤེས་མོས་གུས་བརྟན་པོ་གདེངས་བསྐྱེད་ཅིང༔ ལས་དང་རྒྱུ་འབྲས་དགེ་སྡིག་ངོ་ཤེས་ཀྱིས༔ སྤང་བླང་གནད་དོན་མ་བརྗེད་སེམས་ལ་ཟུངས༔ རྗེ་ཡི་ཞལ་ནས་གསུངས་པའི་བཞེད་དོན་རྣམས༔ གང་ལྟར་ཡིན་ཡང་བཀའ་བཞིན་སྒྲུབ་པར་གྱིས༔ སྲིད་པ་སྔོན་གྱི་ལུགས་གཉིས་ཁྲིམས་ཇི་བཞིན༔ རྒྱལ་ཁམས་བདེ་བར་འཚོ་བའི་ཁྲིམས་ཀྱིས་སྐྱོངས༔ རྒྱལ་པོའི་ཐུགས་དགོངས་སྒྲུབ་པ་བློན་ཡིན་ཕྱིར༔ རང་འདོད་ལས་ཀ་མ་བྱེད་བསམ་གཞིག་ཐོངས༔ ཡ་རབས་དབུ་འཕང་བསྟོད་ལ་མ་རབས་རྣམས༔ ངེས་པར་འཇིགས་ཆེ་དྲག་པོའི་ཁྲིམས་ཀྱིས་ནོན༔ རང་དོན་ཕུགས་བཅུག་འཁོར་ལ་འཚེ་བྱེད་པའི༔ མི་བདེའི་སྣ་འདྲེན་ཕུང་བྱེད་ཁྲིམས་ཀྱིས་སོད༔ མཐོན་པོ་གཉའ་ནོན་དམན་པ་མཐའ་ནས་སྐྱོངས༔ ད་ལྟ་ལས་དང་ཉེས་པ་ཅི་བྱས་ཀྱང༔ ལས་དང་རྒྱུ་འབྲས་ནམ་ཡང་ཆུད་མི་ཟ༔ བདེན་པའི་གཏམ་བཤད་འདི་ལ་དོན་ཡོད་ཕྱིར༔ ཆོས་མཐུན་ཁྲིམས་བློན་རྣམས་ཀྱི་ཡིད་ལ་ཆོངས༔ ཞལ་གདམས་ལེ་འུ་དྲུག་པ་འོ༔ ས་མ་ཡ༔ ཕྱོགས་མེད་ཀུན་ལ་སྙོམ་པའི་པད་འབྱུང་ངས༔ བོད་ཀྱི་ཡོན་བདག་ཀུན་ལ་ཞལ་གདམས་པ༔ གང་ཞིག་བླ་མ་རྣམས་དང་དགེ་འདུན་ལ༔ མཆོད་ཅིང་བཀུར་སྟི་ཡོན་གནས་བྱེད་པའི་ཚེ༔ དང་པོ་རྒྱུད་ཀྱི་མཚན་ཉིད་ལེགས་པར་བརྟགས༔ བར་དུ་ཡོན་ཏན་ཤེས་རབ་རྩལ་ལ་བརྟགས༔ ཐ་མ་ནུས་པ་དགེ་འམ་མི་དགེ་བརྟགས༔ ལེགས་པར་འདུག་ན་བསྟེན་ཅིང་ཉེས་ན་སྤོངས༔ བསྟེན་ནས་དགོངས་ཕྱོགས་ཡོན་ཏན་དེ་ཉིད་ཀུན༔ རང་གི་རྒྱུད་ལ་མ་ཞུགས་བར་དུ་བསླབ༔ ཡུན་འགྲོགས་ཆེ་ན་ཡོན་ཏན་སྐྱོན་མཐོང་ཕྱིར༔ ཅི་མཛད་ཡང་དག་མཐོང་བའི་མོས་གུས་བསྐྱེད༔ ནམ་ཡང་རང་དང་འབྲལ་མེད་གཙུག་ཏུ་སྒོམས༔ མཐར་ཐུག་ཐུགས་ཡིད་དབྱེར་མེད་བསྲེས་ནས་སུ༔ གཞི་དབྱིངས་སྤྲོས་བྲལ་འོད་གསལ་ཀློང་དུ་འཕོ༔ ཆོས་སྟོན་དགེ་བའི་བཤེས་དང་དམ་ཆོས་ལ༔ གསར་འགྲོགས་མ་ཆེ་གཅིག་ཆོག་བླ་མར་བརྟེན༔ སྤྱིར་ན་ཆོས་དང་འཇིག་རྟེན་གང་སྒྲུབ་ཀྱང༔ བསམ་པ་བརྟན་ལ་ཕན་ཅིང་ལས་བསྒྲུབས་ནས༔ འཕྲལ་ཕུགས་གཉིས་ཀར་བདེ་བའི་ཕུགས་ཡོད་གྱིས༔ བླ་མ་བསྟེན་ནས་ལོག་སྤྱོད་ཅི་མཛད་ཀྱང༔ དགེ་བ་མ་གཏོགས་མི་དགེ་སྐྱོན་མི་བརྩི༔ རང་ལ་དད་མོས་བྱིན་རླབས་སྣོད་ཡོད་ན༔ གང་དག་སུ་ལ་མོས་ཀྱང་བླ་མར་འགྱུར༔ བདེ་དང་སྡུག་བསྔལ་རང་གི་སེམས་ལས་བྱུང༔ གཞན་ལ་ཕན་པའི་སེམས་ཀྱིས་སྡིག་བྱས་ཀྱང༔ དེ་ལ་ཉེས་པ་ཆུང་ཞིང་ཕན་ཡོན་འཕེལ༔ ལས་མ་བསྒྲུབ་ཀྱང་གནོད་སེམས་འཆང་བ་ན༔ ཞེ་སྡང་དམྱལ་བའི་ས་བོན་དེ་ཡིས་བསྐྱེད༔ དེ་ཕྱིར་གཞན་ལ་ཕན་སེམས་དག་པའི་སྒོས༔ ལས་གང་བསྒྲུབས་ཀྱང་ཡང་དག་ལམ་མཆོག་ཡིན༔ ཤ་ཚའི་སྙིང་གཏམ་མ་བརྗེད་ཡིད་ལ་ཟུངས༔ ཞལ་གདམས་ལེ་འུ་བདུན་པ་འོ༔ ས་མ་ཡ༔ དུས་གསུམ་ཀུན་མཁྱེན་པདྨ་ཀཱ་ར་ངས༔ བོད་ཀྱི་དམངས་ཕལ་ཀུན་ལ་ཞལ་གདམས་པ༔ ཁྱེད་ཅག་སྔོན་ཡང་ཆོས་མེད་སྡིག་བསགས་པས༔ འཇིག་རྟེན་འཁོར་བ་མི་བདེའི་གནས་སུ་ལྷུང༔ ནམ་ཡང་ཁོམ་པའི་དུས་ནི་མི་འོང་བས༔ གར་འགྲོ་གར་འདུག་ལས་ཀ་ཅི་སྒྲུབ་ཀྱང༔ དཀོན་མཆོག་གསུམ་པོ་མ་བརྗེད་ཡིད་ལ་ཆོངས༔ སྐྱབས་འགྲོའི་ཚིག་དང་གཞན་ཡང་ངག་བཟླས་བརྩོན༔ དག་པའི་ཞིང་དུ་སྐྱེ་བའི་སྨོན་ལམ་ཐོབས༔ བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་ཡིན་པས༔ གསོལ་འདེབས་ཚིག་དང་ཡི་གེ་དྲུག་མ་བསྒྲང༔ སྟོན་པའི་སྐལ་བ་གུ་རུ་ང་ཡིན་པས༔ དུས་རྒྱུན་དྲན་བཞིན་གསོལ་བ་འདི་ལྟར་ཐོབས༔ དཀོན་མཆོག་སྐྱབས་གནས་མ་ལུས་འདུས་པའི་དཔལ༔ རྒྱལ་བ་ཀུན་དངོས་གུ་རུ་པདྨ་འབྱུང༔ གསོལ་བ་འདེབས་སོ་ཐུགས་རྗེའི་ཤུགས་ཕྱུངས་ལ༔ གནས་སྐབས་མཐར་ཐུག་ཕྱི་ནང་གསང་གསུམ་གྱི༔ བར་ཆད་ཀུན་སོལ་མཆོག་ཐུན་དངོས་གྲུབ་སྩོལ༔ སྐྱེ་མེད་ཡེ་ཤེས་དོན་གྱི་དབང་མཆོག་སྐུར༔ རིག་འཛིན་རྒྱལ་བའི་གྲལ་དུ་འཁོད་པར་ཤོག༔ འདི་ལྟར་ནམ་ཡང་མ་བརྗེད་གསོལ་བ་ཐོབས༔ སྙིགས་མའི་འགྲོ་ལ་དད་མོས་ཡོད་སྲིད་ན༔ ང་ལ་འགྲོ་སྡོད་གཉིས་སུ་ཡོད་མ་ཡིན༔ ནམ་ཡང་དབྱེར་མེད་ང་ཡི་ཐུགས་རྗེས་སྐྱོབ༔ གཞན་ལ་ཕན་པའི་སྒོ་ནས་ཅི་བྱས་ཀྱང༔ དགེ་བའི་རྒྱུར་འགྱུར་ཡོན་ཏན་གོང་འཕེལ་ཞིང༔ ཉེས་པ་མེད་པར་རྒྱལ་བའི་ཞལ་ནས་གསུངས༔ དེ་ཕྱིར་སྤང་བླང་ཚིག་འདི་ཡིད་ལ་ཟུངས༔ ཞལ་གདམས་ལེ་འུ་བརྒྱད་པ་འོ༔ ས་མ་ཡ༔ ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ངས༔ བོད་འབངས་སྤྱི་ལ་ཕན་པའི་ཞལ་གདམས་པ༔ སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པའི་རྒྱུ༔ དམ་པའི་ཆོས་ཀྱི་ཡོན་ཏན་ཁོ་ན་སྟེ༔ དེ་ཕྱིར་སངས་རྒྱས་བསྟན་དང་དེར་འཛིན་ལ༔ དད་དང་མོས་གུས་རྩེ་གཅིག་བློ་སྣ་དྲིལ༔ སྐྱབས་སུ་འགྲོ་ཞིང་བྱང་ཆུབ་སེམས་བསྐྱེད་གྱིས༔ བསླབ་པ་ལ་ཞུགས་ཕན་པའི་ལས་སྦྱོར་བརྩོན༔ མི་ཚེ་རིང་ཡང་ལོ་བརྒྱ་ལས་མི་སྡོད༔ དུག་ལྔའི་དབང་དུ་མ་གཏང་ཆོས་བཞིན་སྒྲུབས༔ དགེ་དང་མི་དགེའི་བག་ཆགས་ཅི་སྤྱད་ཀྱང༔ དཔེར་ན་འབྲུ་ཡི་རིགས་བྱེད་སྣ་ཚོགས་ཤིག༔ ས་བོན་བཏབ་ན་རང་རང་འབྲས་བུ་ལས༔ རྒྱུ་དང་མ་མཐུན་འབྲས་ཤིག་མི་སྨིན་པས༔ དེ་བཞིན་དགེ་སྡིག་རྒྱུ་འབྲས་ཆུད་མི་ཟ༔ དེས་ན་དམ་པའི་ཆོས་ལ་བློ་སྒྲིམས་ཤིག༔ ངས་ནི་དང་པོ་བྱང་ཆུབ་སེམས་བསྐྱེད་ནས༔ གཞན་ལ་ཕན་པའི་འགྲོ་དོན་བྱེད་པ་ལས༔ རང་གཅིག་དོན་ལ་མ་གཉེར་ལྷ་ཆོས་བསྒྲུབས༔ ཕྱི་ལྟར་འདུལ་བ་ནང་ལྟར་བྱང་སེམས་དང༔ གསང་བ་སྔགས་བཅས་སྡོམ་གསུམ་བརྟན་པོར་བཟུང༔ རྡོ་རྗེ་འཛིན་པའི་རིག་འཛིན་མཆོག་ཆེན་བརྙེས༔ ལས་འཕྲོའི་དབང་གིས་བོད་ཀྱི་དོན་ལ་བྱོན༔ སྤྲེལ་ཚ་བོད་ཀྱི་རྒྱལ་ཁམས་ཆོས་ལ་བཙུད༔ བོད་ལ་ཕན་བཏགས་ཆེ་བ་ང་ཡིན་པས༔ ཡོན་ཏན་དྲན་བཞིན་རྒྱུན་དུ་གསོལ་བ་ཐོབས༔ ཅེས་པའི་སྙིང་གཏམ་མ་བརྗེད་ཡིད་ལ་ཆོངས༔ ཞལ་གདམས་ལེ་འུ་དགུ་པ་འོ༔ ས་མ་ཡ༔ ཅིར་ཡང་མ་རྨོངས་པདྨ་འབྱུང་གནས་ངས༔ ད་ལྟ་ང་ཡི་ལྷ་ཞལ་མ་མཇལ་ཞིང༔ གསུང་མ་ཐོས་པའི་མ་འོངས་འགྲོ་ཀུན་ལ༔ སྙིང་གཏམ་མདོ་རུ་དྲིལ་ཏེ་གཞག་པར་བྱ༔ བོད་འདིར་སྐུ་དངོས་གདུལ་བྱ་རྫོགས་འདུག་པས༔ ད་ནི་མི་འདུག་སྲིན་པོའི་ཡུལ་དུ་འགྲོ༔ གདུལ་བྱའི་ཞིང་གྱུར་མ་འོངས་འགྲོ་བ་རྣམས༔ ལོ་རེ་སོང་ཡང་དུས་ནི་ཇེ་ངན་འགྲོ༔ དཀོན་མཆོག་གསུམ་གྱི་བསྟན་པའི་དབུ་འཕང་ཞན༔ མི་རྣམས་དམུ་རྒོད་སུས་ཀྱང་འདུལ་དཀའ་བས༔ བདུད་ཀྱི་སྟོབས་འཕེལ་རང་སེམས་རང་གིས་ཐུལ༔ རང་ལ་དག་སྣང་མོས་གུས་སྣོད་མེད་ན༔ ལོག་ལྟ་ཅན་རྣམས་ངས་ཀྱང་འདུལ་མི་འགྱུར༔ མ་འོངས་དུས་སུ་དགེ་འདུན་བཤད་ཉན་ཚོགས༔ སེམས་ཅན་དོན་བྱེད་ཐམས་ཅད་ང་སྤྲུལ་ཡིན༔ དད་དང་མོས་པའི་ཡིད་ཀྱིས་སུས་མཆོད་ཀྱང༔ ང་ལ་ཞབས་ཏོག་བྱེད་དང་ཁྱད་པར་མེད༔ དམ་པའི་ཆོས་ནི་ཚིག་གཅིག་ཡན་ཆད་ལ༔ བསྟོད་ཅིང་བཀུར་སྟི་འདུན་པ་སུས་བྱས་པ༔ ང་ཡི་བཀའ་བཞིན་བསྒྲུབས་དང་བསོད་ནམས་མཉམ༔ རྒྱལ་བའི་སྐུ་ནི་གས་ཆག་ཡན་ཆད་ལ༔ ཡང་དག་འདུ་ཤེས་བསྐྱེད་ཅིང་བཀུར་སྟི་བྱས༔ སངས་རྒྱས་དངོས་ལ་མཆོད་བསྟོད་བྱས་དང་མཉམ༔ དགེ་འདུན་ཐམས་ཅད་ང་ཡི་སྐུ་ཚབ་ཡིན༔ དམ་ཆོས་མ་ལུས་ཡང་དག་ཚད་མའི་བཀའ༔ ཐུགས་བསྐྱེད་མཐར་ཕྱིན་འབྲས་བུས་འགྲོ་དོན་བྱེད༔ པད་འབྱུང་བོད་དུ་བཞུགས་དང་ཁྱད་པར་མེད༔ ལས་འཕྲོ་སྣོད་ལྡན་སྐལ་བཟང་ལས་ཅན་ལ༔ པད་འབྱུང་གར་ཡང་མ་བྱོན་སྒོ་ཉལ་ཡོད༔ སྣོད་མེད་ལོག་ལྟ་བདུད་ཀྱི་རིགས་ཅན་ལ༔ ནམ་ཡང་འབྲལ་མེད་འགྲོགས་ཀྱང་ཕན་ཐོགས་མེད༔ ཐམས་ཅད་ལས་འཕྲོ་ཁོ་ནར་རག་ལས་པས༔ ཚུལ་ཁྲིམས་མི་གཙང་འདུལ་བའི་སྣོད་མིན་ལ༔ གཞན་ཕན་མ་བརྩོན་བྱང་སེམས་ལམ་ཡང་མིན༔ དམ་ཚིག་མ་སྲུང་གསང་སྔགས་རྣལ་འབྱོར་མིན༔ བླ་མ་མ་བསྟེན་རང་བྱུང་སངས་རྒྱས་མེད༔ དེ་ཕྱིར་རྒྱལ་བའི་བཀའ་ནས་བྱུང་བ་དང༔ ངེས་དོན་སྟོན་པ་བླ་མའི་གསུང་ཇི་བཞིན༔ སྒོ་གསུམ་དད་མོས་བརྟན་པོས་བསྒྲུབ་པར་གྱིས༔ དམ་ཆོས་སྒྲུབ་ལ་བར་ཆད་ཡོད་ངེས་པས༔ རེ་དོགས་མཚན་མའི་དབང་དུ་མ་གཏང་བར༔ རྐྱེན་ངན་དངོས་གྲུབ་གྲོགས་སུ་ཤེས་པར་མཛོད༔ མི་ཚེ་འཇིག་རྟེན་སྣང་བ་ཡུད་ཙམ་འདིར༔ མི་དགོས་པ་ནི་གཅིག་ཀྱང་མི་འོང་བས༔ སྙིང་པོ་མེད་པར་སོམས་ལ་ཆོག་ཤེས་གྱིས༔ སེམས་ལ་གང་ཤར་རྟོག་དཔྱོད་མ་བྱས་པར༔ ཁྲེལ་མེད་ལས་ཀ་མ་བྱེད་བག་ཡོད་གྱིས༔ མཛའ་གྲོགས་མི་རྟག་ཚོང་དུས་མགྲོན་པོ་འདྲ༔ ཡུན་རིང་མི་འགྲོགས་བེམ་རིག་བྲལ་ནས་བྱེ༔ ལོངས་སྤྱོད་མི་རྟག་རྩྭ་ཁའི་ཟིལ་པ་འདྲ༔ བསོད་ནམས་ཟད་དུས་སྨན་ཡང་དུག་ཏུ་འགྱུར༔ ཅི་ཡང་མི་རྟག་མདང་གི་རྨི་ལམ་འདྲ༔ བརྟག་ཅིང་དཔྱད་ན་སྙིང་པོ་གང་ཡང་མེད༔ སྒྲུབ་ལ་སྙིང་པོ་ཡོད་པ་ཆོས་ཡིན་པས༔ གཏན་གྱི་འདུན་གནས་དཀོན་མཆོག་གསུམ་ལ་གྱིས༔ ནམ་ཡང་མི་བསླུ་ཐུགས་རྗེས་སྐྱོབ་པར་འགྱུར༔ དགེ་འདུན་མེད་ན་བསྟན་པའི་གཞི་མེད་ཕྱིར༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང༔ འཕགས་པའི་དགེ་འདུན་དག་ལ་བསྟེན་ནས་བྱུང༔ སྐྱབས་གནས་གཅིག་ཆོག་རྒྱལ་པོར་ཤེས་པར་མཛོད༔ རང་ལ་དད་པའི་ལས་ཀྱི་འཕྲོ་མེད་ན༔ སངས་རྒྱས་དངོས་སུ་མཐོང་ཡང་ལོག་པར་མཐོང༔ དེ་ཕྱིར་དྲན་ཤེས་དག་སྣང་བརྟན་པོའི་སྒོས༔ སུ་ལ་འདུན་ཡང་ལས་མཐའ་མ་ལོག་པ༔ རྟག་ཅིང་བརྟན་པོའི་དམ་ཚིག་བསྲུང་བར་གྱིས༔ ཁམས་གསུམ་འཁོར་བར་གནས་པའི་སེམས་ཅན་ཀུན༔ ཐོག་མེད་དུས་ནས་ཕ་མར་མ་གྱུར་མེད༔ དེ་ཕྱིར་ཀུན་ལ་ཕན་བདེ་ལྷག་བསམ་གྱི༔ སྦྱོར་བ་དགེ་བས་སེམས་ཅན་ཐམས་ཅད་སྐྱོངས༔ ང་ཡི་ཞལ་གདམས་སྙིང་གི་ཁུ་བ་འདི༔ ནམ་ཡང་མ་བརྗེད་ཡིད་ཀྱི་སྒྲོམ་བུར་ཆོངས༔ བཀའ་བཞིན་བསྒྲུབས་ན་བསྟན་འགྲོའི་ལེགས་ཚོགས་འཕེལ༔ ཞལ་གདམས་ལེ་འུ་བཅུ་པ་འོ༔ ས་མ་ཡ༔ གུ་རུའི་སྙིང་གཏམ་ཞལ་གདམས་ལེ་འུ་བཅུ༔ མ་སྤེལ་རིན་ཆེན་ས་ཡི་གཏེར་དུ་སྦོས༔ མ་འོངས་སྙིགས་མ་ལྔ་བདོའི་དུས་ཀྱི་ཚེ༔ ད་ལྟའི་རྣམ་སྣང་ལོ་ཙཱ་ཁྱོད་ཀྱི་སྤྲུལ༔ དབང་གི་མིང་ཅན་གཅིག་དང་འཕྲད་ནས་ཀྱང༔ སངས་རྒྱས་བསྟན་དང་འགྲོ་བའི་དཔལ་དུ་ཤོག༔ ས་མ་ཡ༔ གསང་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ལ་དངོས་གྲུབ་ཏུ་ཐོབ་པའོ།། །།ཨོ་རྒྱན་དུས་གསུམ་མཁྱེན་པའི་རྡོ་རྗེའི་གསུང་། །ཞལ་གདམས་ཐར་འདོད་མིག་གི་བདུད་རྩི་འདི། །བསོད་ནམས་ཚེ་བརྟན་དད་པས་ཡོན་སྦྱར་ཏེ། །ཆོས་སྦྱིན་མི་ཟད་པར་དུ་བཀོད་པ་འདིས། །འགྲོ་ཀུན་ཤེས་རྒྱུད་སྒྲིབ་གཉིས་དྲི་མ་བྲལ། །ཐེག་གསུམ་དམ་ཆོས་བདུད་རྩིའི་སྣོད་དུ་གྱུར། །ཀུན་ཀྱང་དཀའ་བ་མེད་པར་གདོད་མའི་སར། །ཀུན་ཏུ་བཟང་པོའི་དགོངས་པར་རོ་གཅིག་ཤོག །ཅེས་པའང་མཁྱེན་སྤྲུལ་པས་སོ།། །། | ||
</div></onlyinclude> | </div></onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> |
Revision as of 21:47, 28 December 2017
གུ་རུའི་ཞལ་གདམས་སྙིང་གཏམ་ལེའུ་བཅུ་པ་
gu ru'i zhal gdams snying gtam le'u bcu pa
by འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
revealed by འཇམ་མགོན་ཀོང་སྤྲུལ་ (Jamgön Kongtrul Lodrö Taye)
Volume 60 (ཨི) / Pages 625-641 / Folios 1a1 to 9a4
Footnotes
Other Information
Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).