Terdzo-NGI-079: Difference between revisions

From Rinchen Terdzö
No edit summary
m (Text replace - ";[ ]* " to " ")
Line 27: Line 27:
|collectiontitletib=རིན་ཆེན་གཏེར་མཛོད་
|collectiontitletib=རིན་ཆེན་གཏེར་མཛོད་
|author=a 'dzoms 'brug pa 'gro 'dul dpa' bo rdo rje
|author=a 'dzoms 'brug pa 'gro 'dul dpa' bo rdo rje
|sourcerevealer=Jo mo sman mo; 'jam dbyangs mkhyen brtse'i dbang po;
|sourcerevealer=Jo mo sman mo; 'jam dbyangs mkhyen brtse'i dbang po
|compiler='jam mgon kong sprul
|compiler='jam mgon kong sprul
|authortib=ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ
|authortib=ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ
Line 36: Line 36:
|terma=Yes
|terma=Yes
|rtzcategory=Mahayoga
|rtzcategory=Mahayoga
|deity=rdo rje phag mo;
|deity=rdo rje phag mo
|cycle=mkha' 'gro gsang ba kun 'dus
|cycle=mkha' 'gro gsang ba kun 'dus
|cycletib=མཁའ་འགྲོ་གསང་བ་ཀུན་འདུས་
|cycletib=མཁའ་འགྲོ་གསང་བ་ཀུན་འདུས་

Revision as of 18:26, 12 July 2016

This page is under construction. Check back later for updated content.

མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་འཕོ་རྫས་བསྡུ་བའི་རིམ་པ

mkha' 'gro gsang ba kun 'dus kyi 'pho rdzas bsdu ba'i rim pa

by  ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་ (Adzom Drukpa Drodul Pawo Dorje)
revealed by  ཇོ་མོ་སྨན་མོ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jomo MenmoJamyang Khyentse Wangpo)
in cycle  མཁའ་འགྲོ་གསང་བ་ཀུན་འདུས་ (Mkha' 'gro gsang ba kun 'dus)
Volume 34 (ངི) / Pages 1053-1054 / Folios 1a1 to 1b3

Last Text in Volume
[edit]

ན་མོ་གུ་རུ་ཀརྨ་ཌཱ་ཀི་ནཱི་ཡཻ། མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་འཕོ་རྫས་བསྡུ་བའི་རིམ་པ་ནི། རྫས་དང་སྣོད་སོགས་གཞུང་ནས་ཇི་སྐད་བཤད་ལྟར་དང་། སྒྲུབ་ཐབས་དངོས་ནི། སྒོས་སྒྲུབ་ཡིན་ན་སྐྱབས་སེམས་སྔོན་དུ་འགྲོ་བ་དང་། ཕྲིན་ལས་རྒྱས་པ་དང་འབྲེལ་ཚེ་གཞུང་གི་ལྷ་བསྐྱེད། སྣང་སྟོང་ཟུང་འཇུག་ཆེན་པོར་བསྒོམ༔ བར་སོང་ནས། ཧཱུྃ༔ རང་བྱུང་ཡེ་ཤེས་ཕྱག་རྒྱའི་འཕྲུལ༔ ཐོད་པ་ལྷ་ཡི་གཞལ་ཡས་ཁང༔ རེག་གྲོལ་དམ་རྫས་རྡུལ་གྱི་གྲངས༔ བཅོམ་ལྡན་ཀརྨ་དྷཱ་ཀི་ནཱི༔ ཞལ་ཕྱག་རྒྱན་དང་ཆ་ལུགས་རྫོགས༔ སྣང་སྟོང་བདེ་ཆེན་སྒྱུ་མའི་སྐུ༔ མ་འདྲེས་འཇའ་ཚོན་ལྟ་བུར་གསལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཛྙཱ་ན་སོགས་ཀྱིས་སྔགས་དོན་གྱི་ང་རྒྱལ་གཟུང་བ་སོགས་གཞུང་ལྟར། བཟླས་པ་སོང་འཕྲལ། ཨོཾ་སཿཀརྨ་དྷཱ་ཀི་ནཱི་ཛྙཱ་ན་པྲ་ཝེ་ཤ་ཡ་ཕཊ༔ ཅེས་རྫས་ལ་དམིགས་ཏེ་འོད་ཟེར་སྤྲོ་བསྡུ་བཟླས་པ་ལ་འབད། སྒོས་སྒྲུབ་བྱེད་ཚེ༔ སྣང་སྟོང་བདེ་ཆེན་སྒྱུ་མའི་སྐུའི༔ གནས་གསུམ་ཡི་གེའི་འོད་ཟེར་གྱིས༔ འོག་མིན་གནས་ཡུལ་དུར་ཁྲོད་ནས༔ ཡེ་ཤེས་སྤྱན་དྲངས་དབྱེར་མེད་བསམ༔ ལྷུན་གྲུབ་དམ་ཚིག་དཀྱིལ་འཁོར་ཆེ༔ ཡེ་ཤེས་འཁོར་ལོ་དབྱེར་མེད་གཤེགས༔ འདུ་འབྲལ་མེད་པའི་ངང་དུ་བཞུགས༔ གཉིས་མེད་བརྡའ་ཡིས་ཕྱག་བགྱི་འོ༔ ཨོཾ་ཛྙཱ་ན་བྷ་ར་ཧི་ཨཱ་བེ་ཤ་ཡ་ཕེཾ་ཕེཾ་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ༔ ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཡུལ་ཀུན་སྟོང་གཟུགས་མཆོད་པའི་སྤྲིན༔ དབང་པོ་སྒྱུ་མའི་བདེ་བས་རོལ༔ བདེ་སྟོང་དབྱེར་མེད་ཐིག་ལེའི་སྐུ༔ རྡོ་རྗེ་བཙུན་མོར་ཕྱག་འཚལ་བསྟོད༔ གོང་གི་བཟླས་དམིགས་རྟགས་ཐོན་སོགས་ཇི་ལྟར་རིགས་པར་བྱའོ། །མཐར་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བས་དམ་རྫས་དང་དབྱེར་མེད་དུ་གྱུར་པར་མོས། སུ་པྲ་ཏིཥྛ་ལྟ་བུའི་བརྟན་བཞུགས་ཀྱང་བྱས་པས་དོན་འགྲུབ་བོ། །ཞེས་ཉེར་མཁོའི་ཆེད་དུ་ལམ་འདི་ལ་གཅིག་ཏུ་གུས་ཤིང་གཏེར་ཆེན་དམ་པའི་ཞབས་རྡུལ་སྤྱི་བོར་ལེན་པའི་འབངས་ཐ་འགྲོ་འདུལ་པས་ཁྱེར་བདེར་བཀོད་པའི་དགེ་བས་འགྲོ་ཀུན་རྡོ་རྗེ་བཙུན་མོས་རྗེས་སུ་གཟུང་ཞིང་བདེ་ཆེན་མཁའ་སྤྱོད་གནས་སུ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།

[edit]

TSAGLI image gallery goes here

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).