Terdzo-SHI-014: Difference between revisions
Created page with "{{UnderConstruction}} {{RTZ Metadata |classification=Tibetan Publications |subclass = Tibetan Texts |collectiontitle=Rin chen gter mdzod; Rin chen gter mdzod Shechen Edition |..." |
No edit summary |
||
| (12 intermediate revisions by 2 users not shown) | |||
| Line 1: | Line 1: | ||
{{RTZ Metadata | {{RTZ Metadata | ||
|classification=Tibetan Publications | |classification=Tibetan Publications | ||
|subclass = Tibetan Texts | |subclass=Tibetan Texts | ||
|pagename=Terdzo-SHI-014 | |||
|fulltitletib=རྫོགས་ཆེན་ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོ་ཆོས་སྤྱོད་ཀྱི་ངག་འདོན་ | |||
|fulltitle=rdzogs chen kun bzang dgongs pa kun 'dus kyi sngon 'gro chos spyod kyi ngag 'don | |||
|citation=[[pad+ma gling pa]]. rdzogs chen kun bzang dgongs pa kun 'dus kyi sngon 'gro chos spyod kyi ngag 'don. In Rin chen gter mdzod chen mo pod nga bdun pa (The Great Treasury of Rediscovered Teachings Volume 57) by 'jam mgon kong sprul, 453-464. New Delhi: Shechen Publications, 2007-2016. | |||
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition | |collectiontitle=Rin chen gter mdzod; Rin chen gter mdzod Shechen Edition | ||
|collectiontitletib=རིན་ཆེན་གཏེར་མཛོད་ | |collectiontitletib=རིན་ཆེན་གཏེར་མཛོད་ | ||
| | |author=Pad+ma gling pa | ||
|sourcerevealer=Pad+ma gling pa | |||
|compiler='jam mgon kong sprul | |||
|authortib=པདྨ་གླིང་པ་ | |||
|sourcerevealertib=པདྨ་གླིང་པ་ | |||
|compilertib=འཇམ་མགོན་ཀོང་སྤྲུལ་ | |compilertib=འཇམ་མགོན་ཀོང་སྤྲུལ་ | ||
| | |tiblittype=Buddhist | ||
|tibgenre=Revelations - gter ma | |tibgenre=Preliminary Practices - sngon 'gro, Revelations - gter ma, Supplications - gsol 'debs, Offerings and Praises - mchod bstod | ||
|terma=Yes | |terma=Yes | ||
|language = Tibetan | |rtzcategory=Atiyoga | ||
| | |deity=zhi khro | ||
| | |cycle=kun bzang dgongs pa kun 'dus | ||
|textnuminvol= 14 | |cycletib=ཀུན་བཟང་དགོངས་པ་ཀུན་འདུས་ | ||
}}{{Header}} | |language=Tibetan | ||
|volumenumber=57 | |||
|volnumtib=༥༧ | |||
|volyigtib=ཤི | |||
|totalvolumes=70 | |||
|textnuminvol=14 | |||
|pagenumbers=453-464 | |||
|totalpages=12 | |||
|beginfolioline=1a1 | |||
|endfolioline=6b3 | |||
|totalfolios=6 | |||
|multivolumework=Yes | |||
|rectonotes=chos spyod | |||
|versonotes=gter mdzod rdzogs chen pad gling zhi khro | |||
|colophontib=པད་གླིང་བཀའ་འབུམ་ནང་གི་གསུང་དངོས་དང་ཕལ་ཆེར་འདྲ་བའོ | |||
|colophonwylie=pad gling bka' 'bum nang gi gsung dngos dang phal cher 'dra ba'o | |||
|pdflink=File:Terdzo-SHI-014.pdf | |||
|pagestatus=Phase I Complete | |||
|pagecreationdate=6/20/20126 | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
<div id='tibetan' class='tib-text'> | <div id='tibetan' class='tib-text'> | ||
༄༅། །རྫོགས་ཆེན་ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོ་ཆོས་སྤྱོད་ཀྱི་ངག་འདོན་བཞུགས་སོ། ། ལྷོ་གཏེར་པད་གླིང་ལུགས། | ༄༅། །རྫོགས་ཆེན་ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོ་ཆོས་སྤྱོད་ཀྱི་ངག་འདོན་བཞུགས་སོ། ། ལྷོ་གཏེར་པད་གླིང་ལུགས། | ||
དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐྱབས་འགྲོ་ནི། ན་མོ༔ སྣང་བ་མ་བཀོད་དབྱིངས་ཀྱི་ནང༔ རིག་པ་ཡེ་ཤེས་སྐུ་གསུམ་རྫོགས༔ གཞོན་ནུ་དབྱིངས་ཀྱི་བུམ་སྐུ་ལ༔ བདག་འཛིན་བྲལ་བར་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། སྣང་བ་བཀོད་པ་ཆེན་པོའི་དབྱིངས༔ ཡེ་ཤེས་འོད་ལྔ་རྫོགས་པའི་སྐུ༔ ཐིག་ལེ་རྣམ་དག་རྫོགས་ལྡན་ལ༔ རང་གྲོལ་ཆེན་པོར་སེམས་བསྐྱེད་དོ༔ སྡིག་བཤགས་ཡིག་བརྒྱ་ནི། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄༔ སརྦ་ཏ་ཐཱ་ག་ཏཱ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ མཎྜལ་འབུལ་བ་ནི། ན་མོ༔ གདོད་མའི་ཞིང་ཁམས་རྣམ་པར་དག་པ་རུ༔ ཡེ་ཤེས་རིག་པ་འོད་ལྔའི་ཚོམ་བུ་བཀོད༔ གཞི་མེད་སྤྲོས་བྲལ་ཀུན་བཟང་ཡབ་ཡུམ་ལ༔ གྭའུ་ཁ་སྦྱོར་དབྱིངས་ཀྱི་མཎྜལ་འབུལ༔ དབྱིངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ་རུཿ ཐིག་ལེ་རང་གསལ་འོད་ཀྱི་ཚོམ་བུ་བཀོད༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ལ༔ སྣང་བ་བཀོད་པ་ཆེན་པོའི་མཎྜལ་འབུལ༔ སྟོང་གསུམ་མི་མཇེད་འཇིག་རྟེན་ཞིང་ཁམས་སུ༔ བྱེ་བ་ཕྲག་བརྒྱ་འཛམ་གླིང་ཚོམ་བུར་བཀོད༔ འབྱུང་བཞི་རང་སྣང་ལྕགས་རི་མུ་ཁྱུད་བཅས༔ རིག་སྣང་དག་པ་སྤྲུལ་པའི་སྐུ་ལ་འབུལ༔ ཆོས་སྐུའི་མཎྜལ་སྟོང་ཉིད་སྙིང་རྗེ་འབུལ༔ ལོངས་སྐུའི་མཎྜལ་མ་འགགས་རང་གསལ་འབུལ༔ སྤྲུལ་སྐུའི་མཎྜལ་སྣ་ཚོགས་ཡིད་འོང་འབུལ༔ སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན༔ ལྷ་རྫས་མཆོག་གི་མཎྜལ་བཀོད་པ་རྣམས༔ སྐྱབས་གནས་གུ་རུ་ཡི་དམ་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བཞེས་ནས་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ན་མོ༔ ཆོས་དབྱིངས་གདོད་མའི་མཁའ་རྒྱ་རུ༔ ཡེ་ཤེས་གསུམ་གྱི་བདག་ཉིད་ཅན༔ རིག་པ་མི་འགྱུར་བྱང་ཆུབ་སེམས༔ འོད་ལྔ་མ་འདྲེས་ཡོངས་རྫོགས་ལྷ༔ རིག་སྟོང་ཀུན་བཟང་ཡབ་ཡུམ་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་ལྔ་ཡི་མཁའ་རྒྱ་རུ༔ ཐིག་ལེ་རྣམ་དག་ངོ་བོ་ཉིད༔ རིག་པ་མི་འགྱུར་སྐུ་ལྔ་ཤར༔ བདེ་ལྡན་ཟག་པ་མེད་པའི་ལྷ༔ ལོངས་སྐུ་རྒྱལ་བ་རིགས་ལྔ་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ སྣང་བ་གཟུགས་ཀྱི་མཁའ་རྒྱ་རུ༔ སྒྲོན་མ་བཞི་ཡི་བདག་ཉིད་ཅན༔ རིག་པ་མི་འགྱུར་སྣང་བཞིར་ཤར༔ སྣང་བ་བཀོད་པ་ཆེན་པོའི་ལྷ༔ སྤྲུལ་སྐུ་སྣ་ཚོགས་རང་གྲོལ་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ པདྨ་འོད་ཀྱི་གཞལ་ཡས་སུ༔ སངས་རྒྱས་ཀུན་གྱི་བདག་ཉིད་ཅན༔ རིག་པ་མི་འགྱུར་གཞན་དོན་ཤར༔ སྐྱེ་ཤི་བསྒྲེས་རྒུད་མི་མངའི་ལྷ༔ ཨུ་རྒྱན་པདྨ་ཐོད་ཕྲེང་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ མཆིམས་ཕུ་བྲེ་གུའི་གཙུག་ལག་ཏུ༔ གསང་སྔགས་རྒྱུད་སྡེའི་བདག་ཉིད་ཅན༔ རིག་པ་མི་འགྱུར་བདེ་སྟོང་ཤར༔ ཉམས་རྟོགས་རྒྱུད་ལ་སྤོར་བའི་མ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ལྷུན་གྲུབ་ཆོས་གླིང་གཙུག་ལག་ཏུ༔ ཨུ་རྒྱན་ཟབ་གཏེར་བདག་ཉིད་ཅན༔ རིག་པ་མི་འགྱུར་སྤྲུལ་སྐུར་ཤར༔ སྐལ་ལྡན་འགྲོ་བ་འདྲེན་པའི་རྗེ༔ རིག་འཛིན་པདྨ་གླིང་པ་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ གར་བཞུགས་ཆོས་ཀྱི་ཕོ་བྲང་དུ། །བསྐྱེད་རྫོགས་ཟབ་མོའི་བདག་ཉིད་ཅན། །རིག་པ་མི་འགྱུར་འོད་གསལ་ཤར། །ཏིང་འཛིན་གཡོ་བ་མེད་པའི་རྗེ། །སྔགས་འཆང་ཆོས་རྗེ་རྣམ་གཉིས་ལ། །བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ རང་སྣང་དག་པའི་ཞིང་ཁམས་སུ། །ཟབ་གསལ་སྙིང་པོའི་བདག་ཉིད་ཅན། །རིག་པ་མི་འགྱུར་རང་གྲོལ་ཤར། །དོན་གཉིས་ལྷུན་གྱིས་གྲུབ་པའི་རྗེ། །རྒྱལ་དབང་བསྟན་འཛིན་གྲགས་པ་ལ། | དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐྱབས་འགྲོ་ནི། ན་མོ༔ སྣང་བ་མ་བཀོད་དབྱིངས་ཀྱི་ནང༔ རིག་པ་ཡེ་ཤེས་སྐུ་གསུམ་རྫོགས༔ གཞོན་ནུ་དབྱིངས་ཀྱི་བུམ་སྐུ་ལ༔ བདག་འཛིན་བྲལ་བར་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། སྣང་བ་བཀོད་པ་ཆེན་པོའི་དབྱིངས༔ ཡེ་ཤེས་འོད་ལྔ་རྫོགས་པའི་སྐུ༔ ཐིག་ལེ་རྣམ་དག་རྫོགས་ལྡན་ལ༔ རང་གྲོལ་ཆེན་པོར་སེམས་བསྐྱེད་དོ༔ སྡིག་བཤགས་ཡིག་བརྒྱ་ནི། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄༔ སརྦ་ཏ་ཐཱ་ག་ཏཱ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ མཎྜལ་འབུལ་བ་ནི། ན་མོ༔ གདོད་མའི་ཞིང་ཁམས་རྣམ་པར་དག་པ་རུ༔ ཡེ་ཤེས་རིག་པ་འོད་ལྔའི་ཚོམ་བུ་བཀོད༔ གཞི་མེད་སྤྲོས་བྲལ་ཀུན་བཟང་ཡབ་ཡུམ་ལ༔ གྭའུ་ཁ་སྦྱོར་དབྱིངས་ཀྱི་མཎྜལ་འབུལ༔ དབྱིངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ་རུཿ ཐིག་ལེ་རང་གསལ་འོད་ཀྱི་ཚོམ་བུ་བཀོད༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ལ༔ སྣང་བ་བཀོད་པ་ཆེན་པོའི་མཎྜལ་འབུལ༔ སྟོང་གསུམ་མི་མཇེད་འཇིག་རྟེན་ཞིང་ཁམས་སུ༔ བྱེ་བ་ཕྲག་བརྒྱ་འཛམ་གླིང་ཚོམ་བུར་བཀོད༔ འབྱུང་བཞི་རང་སྣང་ལྕགས་རི་མུ་ཁྱུད་བཅས༔ རིག་སྣང་དག་པ་སྤྲུལ་པའི་སྐུ་ལ་འབུལ༔ ཆོས་སྐུའི་མཎྜལ་སྟོང་ཉིད་སྙིང་རྗེ་འབུལ༔ ལོངས་སྐུའི་མཎྜལ་མ་འགགས་རང་གསལ་འབུལ༔ སྤྲུལ་སྐུའི་མཎྜལ་སྣ་ཚོགས་ཡིད་འོང་འབུལ༔ སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན༔ ལྷ་རྫས་མཆོག་གི་མཎྜལ་བཀོད་པ་རྣམས༔ སྐྱབས་གནས་གུ་རུ་ཡི་དམ་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བཞེས་ནས་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ན་མོ༔ ཆོས་དབྱིངས་གདོད་མའི་མཁའ་རྒྱ་རུ༔ ཡེ་ཤེས་གསུམ་གྱི་བདག་ཉིད་ཅན༔ རིག་པ་མི་འགྱུར་བྱང་ཆུབ་སེམས༔ འོད་ལྔ་མ་འདྲེས་ཡོངས་རྫོགས་ལྷ༔ རིག་སྟོང་ཀུན་བཟང་ཡབ་ཡུམ་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་ལྔ་ཡི་མཁའ་རྒྱ་རུ༔ ཐིག་ལེ་རྣམ་དག་ངོ་བོ་ཉིད༔ རིག་པ་མི་འགྱུར་སྐུ་ལྔ་ཤར༔ བདེ་ལྡན་ཟག་པ་མེད་པའི་ལྷ༔ ལོངས་སྐུ་རྒྱལ་བ་རིགས་ལྔ་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ སྣང་བ་གཟུགས་ཀྱི་མཁའ་རྒྱ་རུ༔ སྒྲོན་མ་བཞི་ཡི་བདག་ཉིད་ཅན༔ རིག་པ་མི་འགྱུར་སྣང་བཞིར་ཤར༔ སྣང་བ་བཀོད་པ་ཆེན་པོའི་ལྷ༔ སྤྲུལ་སྐུ་སྣ་ཚོགས་རང་གྲོལ་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ པདྨ་འོད་ཀྱི་གཞལ་ཡས་སུ༔ སངས་རྒྱས་ཀུན་གྱི་བདག་ཉིད་ཅན༔ རིག་པ་མི་འགྱུར་གཞན་དོན་ཤར༔ སྐྱེ་ཤི་བསྒྲེས་རྒུད་མི་མངའི་ལྷ༔ ཨུ་རྒྱན་པདྨ་ཐོད་ཕྲེང་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ མཆིམས་ཕུ་བྲེ་གུའི་གཙུག་ལག་ཏུ༔ གསང་སྔགས་རྒྱུད་སྡེའི་བདག་ཉིད་ཅན༔ རིག་པ་མི་འགྱུར་བདེ་སྟོང་ཤར༔ ཉམས་རྟོགས་རྒྱུད་ལ་སྤོར་བའི་མ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ལྷུན་གྲུབ་ཆོས་གླིང་གཙུག་ལག་ཏུ༔ ཨུ་རྒྱན་ཟབ་གཏེར་བདག་ཉིད་ཅན༔ རིག་པ་མི་འགྱུར་སྤྲུལ་སྐུར་ཤར༔ སྐལ་ལྡན་འགྲོ་བ་འདྲེན་པའི་རྗེ༔ རིག་འཛིན་པདྨ་གླིང་པ་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ གར་བཞུགས་ཆོས་ཀྱི་ཕོ་བྲང་དུ། །བསྐྱེད་རྫོགས་ཟབ་མོའི་བདག་ཉིད་ཅན། །རིག་པ་མི་འགྱུར་འོད་གསལ་ཤར། །ཏིང་འཛིན་གཡོ་བ་མེད་པའི་རྗེ། །སྔགས་འཆང་ཆོས་རྗེ་རྣམ་གཉིས་ལ། །བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ རང་སྣང་དག་པའི་ཞིང་ཁམས་སུ། །ཟབ་གསལ་སྙིང་པོའི་བདག་ཉིད་ཅན། །རིག་པ་མི་འགྱུར་རང་གྲོལ་ཤར། །དོན་གཉིས་ལྷུན་གྱིས་གྲུབ་པའི་རྗེ། །རྒྱལ་དབང་བསྟན་འཛིན་གྲགས་པ་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཟབ་ཡངས་ཆོས་ཀྱི་ཕོ་བྲང་དུ། །ཏིང་འཛིན་གསུམ་གྱི་བདག་ཉིད་ཅན། །རིག་པ་མི་འགྱུར་གསལ་སྟོང་ཤར། །ཅིར་སྣང་རང་གྲོལ་སྟོན་པའི་རྗེ། །རྒྱལ་སྲས་པདྨ་ཕྲིན་ལས་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ དག་པ་རབ་འབྱམས་ཕོ་བྲང་དུ། །མདོ་སྔགས་བསྟན་པའི་བདག་ཉིད་ཅན། །རིག་པ་མི་འགྱུར་ཡེ་གྲོལ་ཤར། །སྣང་བཞི་ཟད་སར་འཁྱོལ་བའི་རྗེ། །ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ གསལ་སྟོང་ཀ་དག་ཕོ་བྲང་དུ། །ལྷུན་གྲུབ་འོད་གསལ་བདག་ཉིད་ཅན། །རིག་པ་མི་འགྱུར་འགྲོ་འདུལ་ཤར། །གང་ཤར་རང་གྲོལ་སྟོན་པའི་རྗེ། །བསྟན་འཛིན་འགྱུར་མེད་རྡོ་རྗེ་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ བདེ་ཆེན་དགའ་བཞིའི་ཕོ་བྲང་དུ། །མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན། །རིག་པ་མི་འགྱུར་འོད་ལྔར་ཤར། །དོན་དམ་ཆོས་སྐུ་སྟོན་པའི་རྗེ། །བསྟན་འཛིན་ལེགས་པའི་དོན་གྲུབ་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ མཁའ་ཁྱབ་གདུལ་བྱའི་ཞིང་ཁམས་སུ། །ཚད་མེད་ཐུགས་རྗེའི་ཕྲིན་ལས་ཅན། །རིག་པ་མི་འགྱུར་སྐུ་གསུམ་ཤར། །སྐལ་ལྡན་འགྲོ་བ་འདྲེན་པའི་རྗེ། །ངག་དབང་ཀུན་བཟང་རྡོ་རྗེ་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ངེས་དོན་ཆོས་ཀྱི་ཕོ་བྲང་དུ། །རྣམ་བཞིའི་ཕྲིན་ལས་བདག་ཉིད་ཅན། །རིག་པ་མི་འགྱུར་གཅེར་གྲོལ་ཤར། །གདེང་བཞི་ཚད་དུ་འཁྱོལ་བའི་རྗེ། །འགྱུར་མེད་མཆོག་གྲུབ་དཔལ་འབར་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ མཁན་ལུང་གསང་བའི་ནགས་ཁྲོད་དུ། །རབ་འབྱམས་ཤེས་བྱའི་དེ་ཉིད་གཟིགས། །རིག་པ་མི་འགྱུར་ཀུན་མཁྱེན་ཤར། །འཁོར་འདས་སྤང་བླང་བྲལ་བའི་རྗེ། །བསྟན་འཛིན་གྲུབ་མཆོག་རྡོ་རྗེ་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ པད་གླིང་ཆོས་ཀྱི་རྒྱལ་ཁང་དུ། །རྒྱལ་བས་ལུང་བསྟན་ལུགས་གཉིས་ཀྱི། །བསྟན་པ་འཛིན་པའི་དཔལ་དུ་ཤར། །སྨིན་གྲོལ་གདམས་པའི་བཀའ་བབས་པ། །དྲིན་ཅན་སློབ་དཔོན་རྣམ་གཉིས་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཐེག་མཆོག་གསང་སྔགས་ཕོ་བྲང་དུ། །འགྲོ་འདུལ་སྤྲུལ་པའི་བདག་ཉིད་ཅན། །རིག་པ་མི་འགྱུར་བློ་འདས་ཤར། །སྐྱེ་མེད་གནས་ལུགས་སྟོན་པའི་རྗེ། །བསྟན་འཛིན་ཆོས་ཀྱི་ཉི་མ་དང་། །བསྟན་འཛིན་སྲིད་ཞི་རྣམ་རྒྱལ་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ གྲུབ་གཉིས་མཐར་ཕྱིན་ཕོ་བྲང་དུ། ཁྱབ་བདག་བདེ་ཆེན་རྡོ་རྗེ་དང་། །ཕྲིན་ལས་ཀུན་བཟང་བསྟན་འཛིན་ཞབས། །རིག་པ་མི་འགྱུར་ཟང་ཐལ་ཤར། །ཟབ་དོན་མངོན་སུམ་སྟོན་པའི་རྗེ། །མཚུངས་མེད་བརྒྱུད་པའི་བླ་མ་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ༔ རྒྱལ་བ་ཀུན་གྱི་བདག་ཉིད་ཅན༔ རིག་པ་མི་འགྱུར་སྨིན་གྲོལ་ཤར༔ རང་སེམས་ཆོས་སྐུར་སྟོན་པའི་རྗེ༔ དྲིན་ཅན་རྩ་བའི་བླ་མ་ལ༔ བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ བསམ་ཡས་མཆིམས་ཕུའི་གཏེར་གནས་སུ༔ ཀུན་བཟང་ཐུགས་བཅུད་ཟབ་མོའི་ཆོས༔ གསང་སྔགས་བླ་མེད་རྒྱུད་ཀྱི་མཆོག༔ བླ་མེད་གསང་བའི་མཛོད་ཆེན་པོ༔ ཀུན་བཟང་དགོངས་པ་ཀུན་འདུས་ལ༔ བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ༔ ཕུང་པོ་ཁམས་དང་སྐྱེ་མཆེད་དང༔ རང་སྣང་རྩ་ཡི་ཕོ་བྲང་དུ༔ དངོས་གྲུབ་རྣམ་གཉིས་སྟེར་བའི་ལྷ༔ ཡི་དམ་རྒྱལ་བ་ཞི་ཁྲོ་ལ༔ བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ གནམ་ལྕགས་མ་ལའི་གནས་མཆོག་ཏུ༔ ལོག་འདྲེན་བགེགས་རྣམས་འཇོམས་མཛད་ཅིང༔ རྣལ་འབྱོར་སྡོངས་གྲོགས་མཛད་པ་ཡི༔ མ་དང་མཁའ་འགྲོ་ཆོས་སྐྱོང་དང༔ བཀའ་ཉན་གཏེར་བདག་འཁོར་བཅས་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཞེས་པའམ། ཡང་ན། ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ རིག་སྟོང་ཟུང་འཇུག་ཀུན་ཏུ་བཟང་ཡབ་ཡུམ། །བདེ་ལྡན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་ལྷ། །མཆོག་གི་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། །གསོལ་འདེབས་རྗེས་ཟུངས་བདག་རྒྱུད་སྨིན་གྲོལ་གསོལ། །རྒྱལ་ཀུན་ངོ་བོ་ཨོ་རྒྱན་ཐོད་ཕྲེང་རྩལ། །མཁའ་སྤྱོད་ཌཱ་ཀི་མཁར་ཆེན་བཟའ་མཚོ་རྒྱལ། །ཟབ་གཏེར་བཀའ་བབས་ཨུ་རྒྱན་པདྨ་གླིང་། །གསོལ་འདེབས་རྗེས་ཟུངས་བདག་རྒྱུད་སྨིན་གྲོལ་གསོལ། །སྐལ་ལྡན་སྔགས་འཆང་ཆོས་རྗེ་རྣམ་པ་གཉིས། །སྤྲུལ་པའི་སྐུ་མཆོག་བསྟན་འཛིན་གྲགས་པའི་དཔལ། །རྒྱལ་བའི་སྲས་མཆོག་པདྨ་ཕྲིན་ལས་ལ། །གསོལ་འདེབས་རྗེས་ཟུངས་བདག་རྒྱུད་སྨིན་གྲོལ་གསོལ། །ཤེས་བྱ་ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེའི་ཞབས། །གྲུབ་མཆོག་བསྟན་འཛིན་འགྱུར་མེད་རྡོ་རྗེ་འཛིན། ཁྱབ་བདག་ངག་དབང་ཀུན་བཟང་རྡོ་རྗེ་ལ། །གསོལ་འདེབས་རྗེས་ཟུངས་བདག་རྒྱུད་སྨིན་གྲོལ་གསོལ། །ཀུན་བཟང་འགྱུར་མེད་མཆོག་གྲུབ་དཔལ་འབར་ཞབས། །པདྨ་བསྟན་འཛིན་གྲུབ་མཆོག་རྡོ་རྗེའི་སྡེ། །སྨིན་གྲོལ་བཀའ་བབས་སློབ་དཔོན་རྣམ་གཉིས་རྗེར། །གསོལ་འདེབས་རྗེས་ཟུངས་བདག་རྒྱུད་སྨིན་གྲོལ་གསོལ། །བཀའ་དྲིན་གསུམ་ལྡན་ཆོས་ཀྱི་ཉི་མ་རྗེ། །བསྟན་འཛིན་སྲིད་ཞི་རྣམ་རྒྱལ་དཔལ་བཟང་པོ། ཁྱབ་བདག་དྲིན་ཅན་བླ་མར་བཅས་པ་ལ། །གསོལ་འདེབས་རྗེས་ཟུངས་བདག་རྒྱུད་སྨིན་གྲོལ་གསོལ། །ཀུན་བཟང་ཐུགས་བཅུད་དགོངས་པ་ཀུན་འདུས་དང་། །ཡི་དམ་རྒྱལ་བ་ཞི་དང་ཁྲོ་བོའི་ཚོགས། །མ་དང་མཁའ་འགྲོ་ཆོས་སྐྱོང་གཏེར་བདག་ལ། །གསོལ་འདེབས་རྗེས་ཟུངས་བདག་རྒྱུད་སྨིན་གྲོལ་གསོལ། །དེ་ལྟར་རྒྱས་བསྡུས་གང་བྱེད་ཀྱང་རྗེས་སུ། ཨོཾ་ཨཱཿཧཱུྃ༔ བླ་མ་འཇའ་དང་འོད་དུ་འཁྱིལ་ལི་ལི༔ སྐུ་དང་ཐིག་ལེར་ཤིགས་སེ་ཤིག༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ རྡོ་རྗེའི་སྐུ་ལ་གསོལ་བ་འདེབས༔ ལུས་ལ་བདེ་བར་བྱིན་གྱིས་རློབས༔ གནས་ལུགས་རྟོགས་པར་བྱིན་གྱིས་རློབས༔ མཐོང་རྐྱེན་རྒྱས་པར་བྱིན་གྱིས་རློབས༔ སྒྲོན་བཞི་ལོངས་པར་བྱིན་གྱིས་རློབས༔ སྣང་བཞི་འཆར་བར་བྱིན་གྱིས་རློབས༔ འོད་གསལ་འབྱོངས་པར་བྱིན་གྱིས་རློབས༔ ཟད་སར་འཁྱོལ་བར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སེམས་ཅན་རྣམས་ནི་ཐམས་ཅད་ཀྱི༔ གཞི་ནི་ལྷུན་གྱིས་གྲུབ་པ་ལ༔ ལམ་ནི་མངོན་སུམ་སྣང་བར་ཤར༔ འབྲས་བུ་གཞི་ལ་རྫོགས་གྱུར་ཅིག༔ མཐར། རང་བཞིན་དག་པའི་དགེ་བ་འདིས༔ འཁོར་བ་ངན་སོང་དོང་སྤྲུགས་ནས༔ སྲིད་ན་འགའ་ཡང་མི་གནས་པར༔ ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག༔ ཅེས་པས་དགེ་བ་བསྔོ་འོ།། །། པད་གླིང་བཀའ་འབུམ་ནང་གི་གསུང་དངོས་དང་ཕལ་ཆེར་འདྲ་བའོ།། | ||
</div> | </div></onlyinclude> | ||
{{TsagliCall}} | |||
<headertabs/> | <headertabs/> | ||
== Footnotes == | == Footnotes == | ||
<references/> | <references/> | ||
==Other Information== | ==Other Information== | ||
{{Footer}} | {{Footer | ||
}} | |||
Latest revision as of 11:22, 22 February 2019
རྫོགས་ཆེན་ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོ་ཆོས་སྤྱོད་ཀྱི་ངག་འདོན་
by ([[Pad+ma gling pa|]])
revealed by ([[Pad+ma gling pa|]])
in cycle ཀུན་བཟང་དགོངས་པ་ཀུན་འདུས་ (Kun bzang dgongs pa kun 'dus)
Volume 57 (ཤི) / Pages 453-464 / Folios 1a1 to 6b3
Tibetan Text
༄༅། །རྫོགས་ཆེན་ཀུན་བཟང་དགོངས་པ་ཀུན་འདུས་ཀྱི་སྔོན་འགྲོ་ཆོས་སྤྱོད་ཀྱི་ངག་འདོན་བཞུགས་སོ། ། ལྷོ་གཏེར་པད་གླིང་ལུགས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐྱབས་འགྲོ་ནི། ན་མོ༔ སྣང་བ་མ་བཀོད་དབྱིངས་ཀྱི་ནང༔ རིག་པ་ཡེ་ཤེས་སྐུ་གསུམ་རྫོགས༔ གཞོན་ནུ་དབྱིངས་ཀྱི་བུམ་སྐུ་ལ༔ བདག་འཛིན་བྲལ་བར་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། སྣང་བ་བཀོད་པ་ཆེན་པོའི་དབྱིངས༔ ཡེ་ཤེས་འོད་ལྔ་རྫོགས་པའི་སྐུ༔ ཐིག་ལེ་རྣམ་དག་རྫོགས་ལྡན་ལ༔ རང་གྲོལ་ཆེན་པོར་སེམས་བསྐྱེད་དོ༔ སྡིག་བཤགས་ཡིག་བརྒྱ་ནི། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ༔ ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན྄༔ སརྦ་ཏ་ཐཱ་ག་ཏཱ༔ བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་ཝ༔ མ་ཧཱ་ས་མ་ཡ་སཏྭ་ཨཱ༔ མཎྜལ་འབུལ་བ་ནི། ན་མོ༔ གདོད་མའི་ཞིང་ཁམས་རྣམ་པར་དག་པ་རུ༔ ཡེ་ཤེས་རིག་པ་འོད་ལྔའི་ཚོམ་བུ་བཀོད༔ གཞི་མེད་སྤྲོས་བྲལ་ཀུན་བཟང་ཡབ་ཡུམ་ལ༔ གྭའུ་ཁ་སྦྱོར་དབྱིངས་ཀྱི་མཎྜལ་འབུལ༔ དབྱིངས་ཀྱི་དཀྱིལ་འཁོར་རྣམ་པར་དག་པ་རུཿ ཐིག་ལེ་རང་གསལ་འོད་ཀྱི་ཚོམ་བུ་བཀོད༔ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ལ༔ སྣང་བ་བཀོད་པ་ཆེན་པོའི་མཎྜལ་འབུལ༔ སྟོང་གསུམ་མི་མཇེད་འཇིག་རྟེན་ཞིང་ཁམས་སུ༔ བྱེ་བ་ཕྲག་བརྒྱ་འཛམ་གླིང་ཚོམ་བུར་བཀོད༔ འབྱུང་བཞི་རང་སྣང་ལྕགས་རི་མུ་ཁྱུད་བཅས༔ རིག་སྣང་དག་པ་སྤྲུལ་པའི་སྐུ་ལ་འབུལ༔ ཆོས་སྐུའི་མཎྜལ་སྟོང་ཉིད་སྙིང་རྗེ་འབུལ༔ ལོངས་སྐུའི་མཎྜལ་མ་འགགས་རང་གསལ་འབུལ༔ སྤྲུལ་སྐུའི་མཎྜལ་སྣ་ཚོགས་ཡིད་འོང་འབུལ༔ སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན༔ ལྷ་རྫས་མཆོག་གི་མཎྜལ་བཀོད་པ་རྣམས༔ སྐྱབས་གནས་གུ་རུ་ཡི་དམ་ལྷ་ལ་འབུལ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ༔ བཞེས་ནས་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ན་མོ༔ ཆོས་དབྱིངས་གདོད་མའི་མཁའ་རྒྱ་རུ༔ ཡེ་ཤེས་གསུམ་གྱི་བདག་ཉིད་ཅན༔ རིག་པ་མི་འགྱུར་བྱང་ཆུབ་སེམས༔ འོད་ལྔ་མ་འདྲེས་ཡོངས་རྫོགས་ལྷ༔ རིག་སྟོང་ཀུན་བཟང་ཡབ་ཡུམ་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཡེ་ཤེས་ལྔ་ཡི་མཁའ་རྒྱ་རུ༔ ཐིག་ལེ་རྣམ་དག་ངོ་བོ་ཉིད༔ རིག་པ་མི་འགྱུར་སྐུ་ལྔ་ཤར༔ བདེ་ལྡན་ཟག་པ་མེད་པའི་ལྷ༔ ལོངས་སྐུ་རྒྱལ་བ་རིགས་ལྔ་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ སྣང་བ་གཟུགས་ཀྱི་མཁའ་རྒྱ་རུ༔ སྒྲོན་མ་བཞི་ཡི་བདག་ཉིད་ཅན༔ རིག་པ་མི་འགྱུར་སྣང་བཞིར་ཤར༔ སྣང་བ་བཀོད་པ་ཆེན་པོའི་ལྷ༔ སྤྲུལ་སྐུ་སྣ་ཚོགས་རང་གྲོལ་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ པདྨ་འོད་ཀྱི་གཞལ་ཡས་སུ༔ སངས་རྒྱས་ཀུན་གྱི་བདག་ཉིད་ཅན༔ རིག་པ་མི་འགྱུར་གཞན་དོན་ཤར༔ སྐྱེ་ཤི་བསྒྲེས་རྒུད་མི་མངའི་ལྷ༔ ཨུ་རྒྱན་པདྨ་ཐོད་ཕྲེང་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ མཆིམས་ཕུ་བྲེ་གུའི་གཙུག་ལག་ཏུ༔ གསང་སྔགས་རྒྱུད་སྡེའི་བདག་ཉིད་ཅན༔ རིག་པ་མི་འགྱུར་བདེ་སྟོང་ཤར༔ ཉམས་རྟོགས་རྒྱུད་ལ་སྤོར་བའི་མ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ལྷུན་གྲུབ་ཆོས་གླིང་གཙུག་ལག་ཏུ༔ ཨུ་རྒྱན་ཟབ་གཏེར་བདག་ཉིད་ཅན༔ རིག་པ་མི་འགྱུར་སྤྲུལ་སྐུར་ཤར༔ སྐལ་ལྡན་འགྲོ་བ་འདྲེན་པའི་རྗེ༔ རིག་འཛིན་པདྨ་གླིང་པ་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ གར་བཞུགས་ཆོས་ཀྱི་ཕོ་བྲང་དུ། །བསྐྱེད་རྫོགས་ཟབ་མོའི་བདག་ཉིད་ཅན། །རིག་པ་མི་འགྱུར་འོད་གསལ་ཤར། །ཏིང་འཛིན་གཡོ་བ་མེད་པའི་རྗེ། །སྔགས་འཆང་ཆོས་རྗེ་རྣམ་གཉིས་ལ། །བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ རང་སྣང་དག་པའི་ཞིང་ཁམས་སུ། །ཟབ་གསལ་སྙིང་པོའི་བདག་ཉིད་ཅན། །རིག་པ་མི་འགྱུར་རང་གྲོལ་ཤར། །དོན་གཉིས་ལྷུན་གྱིས་གྲུབ་པའི་རྗེ། །རྒྱལ་དབང་བསྟན་འཛིན་གྲགས་པ་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཟབ་ཡངས་ཆོས་ཀྱི་ཕོ་བྲང་དུ། །ཏིང་འཛིན་གསུམ་གྱི་བདག་ཉིད་ཅན། །རིག་པ་མི་འགྱུར་གསལ་སྟོང་ཤར། །ཅིར་སྣང་རང་གྲོལ་སྟོན་པའི་རྗེ། །རྒྱལ་སྲས་པདྨ་ཕྲིན་ལས་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ དག་པ་རབ་འབྱམས་ཕོ་བྲང་དུ། །མདོ་སྔགས་བསྟན་པའི་བདག་ཉིད་ཅན། །རིག་པ་མི་འགྱུར་ཡེ་གྲོལ་ཤར། །སྣང་བཞི་ཟད་སར་འཁྱོལ་བའི་རྗེ། །ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ གསལ་སྟོང་ཀ་དག་ཕོ་བྲང་དུ། །ལྷུན་གྲུབ་འོད་གསལ་བདག་ཉིད་ཅན། །རིག་པ་མི་འགྱུར་འགྲོ་འདུལ་ཤར། །གང་ཤར་རང་གྲོལ་སྟོན་པའི་རྗེ། །བསྟན་འཛིན་འགྱུར་མེད་རྡོ་རྗེ་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ བདེ་ཆེན་དགའ་བཞིའི་ཕོ་བྲང་དུ། །མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན། །རིག་པ་མི་འགྱུར་འོད་ལྔར་ཤར། །དོན་དམ་ཆོས་སྐུ་སྟོན་པའི་རྗེ། །བསྟན་འཛིན་ལེགས་པའི་དོན་གྲུབ་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ མཁའ་ཁྱབ་གདུལ་བྱའི་ཞིང་ཁམས་སུ། །ཚད་མེད་ཐུགས་རྗེའི་ཕྲིན་ལས་ཅན། །རིག་པ་མི་འགྱུར་སྐུ་གསུམ་ཤར། །སྐལ་ལྡན་འགྲོ་བ་འདྲེན་པའི་རྗེ། །ངག་དབང་ཀུན་བཟང་རྡོ་རྗེ་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ངེས་དོན་ཆོས་ཀྱི་ཕོ་བྲང་དུ། །རྣམ་བཞིའི་ཕྲིན་ལས་བདག་ཉིད་ཅན། །རིག་པ་མི་འགྱུར་གཅེར་གྲོལ་ཤར། །གདེང་བཞི་ཚད་དུ་འཁྱོལ་བའི་རྗེ། །འགྱུར་མེད་མཆོག་གྲུབ་དཔལ་འབར་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ མཁན་ལུང་གསང་བའི་ནགས་ཁྲོད་དུ། །རབ་འབྱམས་ཤེས་བྱའི་དེ་ཉིད་གཟིགས། །རིག་པ་མི་འགྱུར་ཀུན་མཁྱེན་ཤར། །འཁོར་འདས་སྤང་བླང་བྲལ་བའི་རྗེ། །བསྟན་འཛིན་གྲུབ་མཆོག་རྡོ་རྗེ་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ པད་གླིང་ཆོས་ཀྱི་རྒྱལ་ཁང་དུ། །རྒྱལ་བས་ལུང་བསྟན་ལུགས་གཉིས་ཀྱི། །བསྟན་པ་འཛིན་པའི་དཔལ་དུ་ཤར། །སྨིན་གྲོལ་གདམས་པའི་བཀའ་བབས་པ། །དྲིན་ཅན་སློབ་དཔོན་རྣམ་གཉིས་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཐེག་མཆོག་གསང་སྔགས་ཕོ་བྲང་དུ། །འགྲོ་འདུལ་སྤྲུལ་པའི་བདག་ཉིད་ཅན། །རིག་པ་མི་འགྱུར་བློ་འདས་ཤར། །སྐྱེ་མེད་གནས་ལུགས་སྟོན་པའི་རྗེ། །བསྟན་འཛིན་ཆོས་ཀྱི་ཉི་མ་དང་། །བསྟན་འཛིན་སྲིད་ཞི་རྣམ་རྒྱལ་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ གྲུབ་གཉིས་མཐར་ཕྱིན་ཕོ་བྲང་དུ། ཁྱབ་བདག་བདེ་ཆེན་རྡོ་རྗེ་དང་། །ཕྲིན་ལས་ཀུན་བཟང་བསྟན་འཛིན་ཞབས། །རིག་པ་མི་འགྱུར་ཟང་ཐལ་ཤར། །ཟབ་དོན་མངོན་སུམ་སྟོན་པའི་རྗེ། །མཚུངས་མེད་བརྒྱུད་པའི་བླ་མ་ལ། །བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ༔ རྒྱལ་བ་ཀུན་གྱི་བདག་ཉིད་ཅན༔ རིག་པ་མི་འགྱུར་སྨིན་གྲོལ་ཤར༔ རང་སེམས་ཆོས་སྐུར་སྟོན་པའི་རྗེ༔ དྲིན་ཅན་རྩ་བའི་བླ་མ་ལ༔ བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ བསམ་ཡས་མཆིམས་ཕུའི་གཏེར་གནས་སུ༔ ཀུན་བཟང་ཐུགས་བཅུད་ཟབ་མོའི་ཆོས༔ གསང་སྔགས་བླ་མེད་རྒྱུད་ཀྱི་མཆོག༔ བླ་མེད་གསང་བའི་མཛོད་ཆེན་པོ༔ ཀུན་བཟང་དགོངས་པ་ཀུན་འདུས་ལ༔ བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ རང་ལུས་རྒྱལ་བའི་དཀྱིལ་འཁོར་དུ༔ ཕུང་པོ་ཁམས་དང་སྐྱེ་མཆེད་དང༔ རང་སྣང་རྩ་ཡི་ཕོ་བྲང་དུ༔ དངོས་གྲུབ་རྣམ་གཉིས་སྟེར་བའི་ལྷ༔ ཡི་དམ་རྒྱལ་བ་ཞི་ཁྲོ་ལ༔ བུ་ཡིས་གསོལ་འདེབས་ཐུགས༴ རྒྱུད་སྨིན་ཅིང་གྲོལ༴ སེམས་བདག་འཛིན་ཞིག༴ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ གནམ་ལྕགས་མ་ལའི་གནས་མཆོག་ཏུ༔ ལོག་འདྲེན་བགེགས་རྣམས་འཇོམས་མཛད་ཅིང༔ རྣལ་འབྱོར་སྡོངས་གྲོགས་མཛད་པ་ཡི༔ མ་དང་མཁའ་འགྲོ་ཆོས་སྐྱོང་དང༔ བཀའ་ཉན་གཏེར་བདག་འཁོར་བཅས་ལ༔ བུ་ཡིས་གསོལ་འདེབས་ཐུགས་རྗེས་ཟུངས༔ རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སེམས་བདག་འཛིན་ཞིག་པར་བྱིན་གྱིས་རློབས༔ ཞེས་པའམ། ཡང་ན། ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ རིག་སྟོང་ཟུང་འཇུག་ཀུན་ཏུ་བཟང་ཡབ་ཡུམ། །བདེ་ལྡན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་ལྷ། །མཆོག་གི་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། །གསོལ་འདེབས་རྗེས་ཟུངས་བདག་རྒྱུད་སྨིན་གྲོལ་གསོལ། །རྒྱལ་ཀུན་ངོ་བོ་ཨོ་རྒྱན་ཐོད་ཕྲེང་རྩལ། །མཁའ་སྤྱོད་ཌཱ་ཀི་མཁར་ཆེན་བཟའ་མཚོ་རྒྱལ། །ཟབ་གཏེར་བཀའ་བབས་ཨུ་རྒྱན་པདྨ་གླིང་། །གསོལ་འདེབས་རྗེས་ཟུངས་བདག་རྒྱུད་སྨིན་གྲོལ་གསོལ། །སྐལ་ལྡན་སྔགས་འཆང་ཆོས་རྗེ་རྣམ་པ་གཉིས། །སྤྲུལ་པའི་སྐུ་མཆོག་བསྟན་འཛིན་གྲགས་པའི་དཔལ། །རྒྱལ་བའི་སྲས་མཆོག་པདྨ་ཕྲིན་ལས་ལ། །གསོལ་འདེབས་རྗེས་ཟུངས་བདག་རྒྱུད་སྨིན་གྲོལ་གསོལ། །ཤེས་བྱ་ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེའི་ཞབས། །གྲུབ་མཆོག་བསྟན་འཛིན་འགྱུར་མེད་རྡོ་རྗེ་འཛིན། ཁྱབ་བདག་ངག་དབང་ཀུན་བཟང་རྡོ་རྗེ་ལ། །གསོལ་འདེབས་རྗེས་ཟུངས་བདག་རྒྱུད་སྨིན་གྲོལ་གསོལ། །ཀུན་བཟང་འགྱུར་མེད་མཆོག་གྲུབ་དཔལ་འབར་ཞབས། །པདྨ་བསྟན་འཛིན་གྲུབ་མཆོག་རྡོ་རྗེའི་སྡེ། །སྨིན་གྲོལ་བཀའ་བབས་སློབ་དཔོན་རྣམ་གཉིས་རྗེར། །གསོལ་འདེབས་རྗེས་ཟུངས་བདག་རྒྱུད་སྨིན་གྲོལ་གསོལ། །བཀའ་དྲིན་གསུམ་ལྡན་ཆོས་ཀྱི་ཉི་མ་རྗེ། །བསྟན་འཛིན་སྲིད་ཞི་རྣམ་རྒྱལ་དཔལ་བཟང་པོ། ཁྱབ་བདག་དྲིན་ཅན་བླ་མར་བཅས་པ་ལ། །གསོལ་འདེབས་རྗེས་ཟུངས་བདག་རྒྱུད་སྨིན་གྲོལ་གསོལ། །ཀུན་བཟང་ཐུགས་བཅུད་དགོངས་པ་ཀུན་འདུས་དང་། །ཡི་དམ་རྒྱལ་བ་ཞི་དང་ཁྲོ་བོའི་ཚོགས། །མ་དང་མཁའ་འགྲོ་ཆོས་སྐྱོང་གཏེར་བདག་ལ། །གསོལ་འདེབས་རྗེས་ཟུངས་བདག་རྒྱུད་སྨིན་གྲོལ་གསོལ། །དེ་ལྟར་རྒྱས་བསྡུས་གང་བྱེད་ཀྱང་རྗེས་སུ། ཨོཾ་ཨཱཿཧཱུྃ༔ བླ་མ་འཇའ་དང་འོད་དུ་འཁྱིལ་ལི་ལི༔ སྐུ་དང་ཐིག་ལེར་ཤིགས་སེ་ཤིག༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ རྡོ་རྗེའི་སྐུ་ལ་གསོལ་བ་འདེབས༔ ལུས་ལ་བདེ་བར་བྱིན་གྱིས་རློབས༔ གནས་ལུགས་རྟོགས་པར་བྱིན་གྱིས་རློབས༔ མཐོང་རྐྱེན་རྒྱས་པར་བྱིན་གྱིས་རློབས༔ སྒྲོན་བཞི་ལོངས་པར་བྱིན་གྱིས་རློབས༔ སྣང་བཞི་འཆར་བར་བྱིན་གྱིས་རློབས༔ འོད་གསལ་འབྱོངས་པར་བྱིན་གྱིས་རློབས༔ ཟད་སར་འཁྱོལ་བར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སེམས་ཅན་རྣམས་ནི་ཐམས་ཅད་ཀྱི༔ གཞི་ནི་ལྷུན་གྱིས་གྲུབ་པ་ལ༔ ལམ་ནི་མངོན་སུམ་སྣང་བར་ཤར༔ འབྲས་བུ་གཞི་ལ་རྫོགས་གྱུར་ཅིག༔ མཐར། རང་བཞིན་དག་པའི་དགེ་བ་འདིས༔ འཁོར་བ་ངན་སོང་དོང་སྤྲུགས་ནས༔ སྲིད་ན་འགའ་ཡང་མི་གནས་པར༔ ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག༔ ཅེས་པས་དགེ་བ་བསྔོ་འོ།། །། པད་གླིང་བཀའ་འབུམ་ནང་གི་གསུང་དངོས་དང་ཕལ་ཆེར་འདྲ་བའོ།།