Döjo Bumzang Mandalas: Difference between revisions

From Rinchen Terdzö
No edit summary
No edit summary
Line 67: Line 67:
# གྲྭ་མངོན་གཏེར་བྱོན་ཛམ་དམར་གྱི་དཀྱིལ་འཁོར། །  
# གྲྭ་མངོན་གཏེར་བྱོན་ཛམ་དམར་གྱི་དཀྱིལ་འཁོར། །  
# ལས་འབྲེལ་ཟབ་གཏེར་ལྷ་ཆེན་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར།
# ལས་འབྲེལ་ཟབ་གཏེར་ལྷ་ཆེན་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར།
དེ་ལྟར་བྲིས་དཀྱིལ་རྒྱས་བསྡུས་གང་བཞུགས་ཀྱི་མཚན་བྱང་དང་། དམིགས་གསལ་འགའ་ལ་ཁུངས་འབྲེལ་གསལ་བཤད་ བཅས་སྤེལ་བ་འདི་བལ་ཡུལ་རྒྱལ་བ་ཞེ་ཆེན་པའི་གདན་སའི་བྱེ་བྲག །གནས་ཆེན་སྟག་མོར་ལུས་སྦྱིན་སྒྲུབ་སྡེ་པདྨ་འོད་གླིང་ ནས་འཕགས་ཡུལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་དབུ་མཛད་ཟུར་པ་པད་བཀོད་འགྱུར་མེད་བདེ་གཤེགསོ་འཕེལ་རྒྱས་པས་ 
བཟོ་བསྐྲུན་བྱས་སྐབས། པད་བཀོད་སྒམ་པོ་པ་དྭགས་པོ་སྤྲུལ་སྐུ་རིན་པོ་ཆེ་ནས་ཀྱང་ཞུ་དག་ཁུངས་འཚོལ་སོགས་རོགས་ རམ་མཛད་པ་དང་། བསྟན་པའི་སྦྱིན་བདག་ཙའདྲ་ཐེབས་རྩ་ཚོགས་པ་ནས་འགྲོ་གྲོན་ཡོན་དངུལ་གནང་བས་འགྲེམས་སྤེལ་ ཞུས་པ་རང་གཞན་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་དཔལ་ཡོན་མི་ཟད་འཕེལ་བའི་རྒྱུ་རུ་སྨོན་པ་བཅས་བྱུང་བ་བརྗོད་ པ་དང་འབྲེལ་བའི་དཀར་ཆག་མདོར་བསྡུས་བཀོད་པ་དགེ་ལེགས་འཕེལ་བར་ཤོག་ཅིག། །། 

Revision as of 14:55, 11 February 2021

༄༅། །སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་དཀྱིལ་འཁོར་རིས་སུ་བྲིས་པ་རིག་གསར་འཕྲུལ་ཆས་ཀྱི་ལམ་ནས་གསར་ བཟོ་བྱས་པ་འདིའི་ཁུངས་ལུང་སོགས་བྱུང་བ་བརྗོད་པ་ལ། དེ་ཡང་གསང་ཆེན་རྡོ་རྗེ་ཐེག་པའི་བཀའ་གཏེར་གྱི་ཆོས་ཚུལ་ གསར་རྙིང་རྣམས་ལས། ལྷག་པའི་ལྷ་དུ་མའི་སྒྲུབ་ཐབས་ཉེར་མཁོ་མང་དག་ཅིག་གདུལ་བྱ་སྐལ་ལྡན་རྣམས་ཀྱི་གནས་ སྐབས་དང་མཐར་ཐུག་གི་དོན་དུ། ཕྱི་ལོ་༡༦༤༤ རབ་བྱུང་བཅུ་གཅིག་པའི་མེ་ཁྱི་ལོར་སྐུ་འཁྲུངས་པ། ངེས་པ་དོན་གྱི་ རྡོ་རྗེ་འཛིན་པ་བཀའ་གཏེར་བསྟན་པའི་ཤིང་རྟ་ཆེན་པོར་གྱུར་པ་༧རྗེ་སྨིན་གླིང་པ་ཆེན་པོ་གཏེར་བདག་གླིང་པ་རིག་འཛིན་འགྱུར་ མེད་རྡོ་རྗེས་སྒྲིག་མཛད་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་སྒྲུབ་དཀྱིལ་དང་གདན་དཀྱིལ་གང་དགོས་རྒྱས་བསྡུས་ཀྱི་རྣམ་ དབྱེ་སོགས། དབང་ཆོག་གཞུང་སོ་སོའི་ནང་མཚོན་ཙམ་གསལ་བ་རྣམས་དང་། བཀའ་བབས་བདུན་གྱི་མངའ་བདག་ མཁས་དང་གྲུབ་བརྒྱའི་གཙུག་རྒྱན་༧འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་འདོད་བུམ་ཙཀླི་དང་དཀྱིལ་འཁོར་གྱི་བྲི་་ ཡིག །གཞན་ཁམས་སྤྲུལ་རིན་པོ་ཆེའི་གསུང་ལན་དུ་སྨིན་གླིང་ནས་གནང་བར་འཁོད་པའི་བྲི་ཐབས་ཡིག་དཔེ་ཞིག་དང་། རིན་ཆེན་གཏེར་མཛོད་སོགས་སུ་ཡོད་པའི་ཁུངས་སོ་སོའི་ཡིག་ཆ་ཞིབ་རྒྱས་ཅན་རྣམས་ལ་ཞིབ་བསྡུར་གྱིས་བྲི་བཀོད་གཟབ་ནན་ བྱས་པ་ཡིན། འདི་རིགས་ཞིབ་ཕྲའི་ལག་བསྟར་དངོས་སུ་བྱེད་ཚེ་བྲི་ཐབས་དག་ལ་གསལ་ཁ་མེད་པ་སོགས་ཀྱི་དོགས་གནས་ ཀྱང་མང་ཞིང་། སྔོན་ཡོད་བྲིས་ཆ་རྙིང་པ་རྣམས་ཀྱང་རྙིང་པ་ཡིན་པ་ཙམ་ལས། གཞུང་དང་བྲི་ཐབས་རྣམས་དང་གོ་བསྡུར་ ན་ཁུངས་ཆོད་ནས་ལོས་ཡིན་བསམ་པ་དང་བྲི་དཔེར་འོས་པ་ཕལ་ཆེར་མི་འདུག །དེས་ན་ཤིན་ཏུ་གལ་ཆེར་བསམ་ནས་དཔྱད་ པ་ནུས་པ་གང་ཡོད་ཕྱུང་ནས་བྲིས་ཤིང་བཀོད་པ་ལགས་ཀྱང་། འདུ་བགྱི་བ་པོ་ཡང་ཤེས་རབ་དང་མཐོང་ཐོས་ཀྱི་རྒྱ་ཤིན་ཏུ་ཆུང་ བས་སྐྱོན་མེད་རྣམ་དག་ཅིག་ཏུ་རློམས་པའི་སྤོབས་པའང་མེད་ལ་རློམས་པའང་མིན་པས། ནོར་སྐྱོན་ཡོད་ན་མ་ཤེས་པ་མ་ གཏོགས་མ་བྱས་དེས་ཆོག་གལ་ཆུང་བྱས་པ་ནི་མིན། སླད་ནས་མཁྱེན་ལྡན་གཞན་གྱིས་ལེགས་དཔྱདཀྱིས་སྐྱོན་མེད་རྣམ་ དག་བསྐྲུན་པར་འབོད་བསྐུལ་ཡང་ཞུ། དེ་ནས་མཁྱེན་བརྩེའི་བྲི་ཐབས་ནང་སྤྱིར་དཀྱིལ་འཁོར་ལྔ་བཅུ་ང་དགུ་དང་། དེ་ ལས་རས་བྲིས་བྲི་དགོས་པ་བཞི་བཅུ་ཞེ་དྲུག་དང་། དེ་ནང་སྒོ་རྫོགས་ཅན་དགུ་བཅས་ཡོད་པར་གསུང་། ཁམས་སྤྲུལ་རིན་ པོ་ཆེའི་དྲིས་ལན་ནང་གྲངས་འདྲེན་དམིགས་གསལ་མ་གསུངས་ཀྱང་དངོས་སུ་རྩིས་ན། སྒོ་རྫོགས་ཅན་ཉི་ཤུ་དང་སྒོ་རྫོགས་ མེད་པ་བཞི་བཅུ་བཅས་སྡོམ་དྲུག་ཅུ་ཡོད། འདིར་ནི་གཞུང་སོ་སོའི་གཤོམ་བཀོད་སྐབས་གསུངས་པ་སྒོ་རྫོགས་བྱེད་མིན་གྱི་ སྤྲོས་པ་ཆེ་ཆུང་། གཞི་གཅིག་ལས་འཕྲོས་པའི་དབང་གི་ལྷ་གྲངས་སོགས་རྣམ་པ་ཅུང་མི་འདྲ་བའི་སོ་སོ་བ། རྒྱས་བསྡུས་ ཀྱི་རྣམ་དབྱེ་སོ་སོ་བ། ཚོམ་བུ་དང་བྲིས་དཀྱིལ་གདམས་ང་ཅན་རི་མོར་བྲིས་པ་སོགས་ཀྱིས་རྣམ་གྲངས་འདི་ཙམ་གྱུར་པ་སྟེ། རྡོ་རྗེ་སློབ་དཔོན་དང་ལས་སློབ་ཀྱིས་བཤམ་སྒྲུབ་ཀྱི་ཕྱག་བཞེས་ཞིབ་ཆ་བྱས་ན་དགོས་ངེས་སུ་མཐོང་བས་བཀོད་པ་ལས་རང་སྣང་ གང་དྲན་གྱིས་བཀོད་པའང་མིན། སྤྱིར་སྔོན་དུས་སྨིན་གླིང་རྡོར་འཛིན་ཚེ་དབང་ནོར་བུས་གདན་སར་དབང་གྲངས་དྲུག་ཅུ་རེ་ བདུན་ཆད་ལྷག་མེད་པར་གསུངས་ཞེས་པའི་ཟིན་ཐོ་སྒ་རྗེ་རྡོར་འཛིན་ཤེས་རབ་བསྟན་དར་གྱིས་བཀོད་འདུག་པ་དང་། ༧འཇམ་ མགོན་ཀོང་སྤྲུལ་རིན་པོ་ཆེའི་གསན་ཡིག་ནང་དུ་ཡང་འདོད་བུམ་དབང་སྣ་དྲུག་ཅུ་རེ་བདུན་ཆད་ལྷག་མེད་པར་གསན་པར་ གསུངས་འདུག་ན། ཕྱག་བཞེད་དུ་དབང་སྣ་རྒྱས་བསྡུས་དེ་ཙམ་མཛད་སྲོལ་ཡོད་ངེས་སུ་འདུག་ཀྱང་རྒྱས་བསྡུས་གྲངས་ འདྲེན་དེ་འདི་དང་འདི་འོའི་ངེས་ཏིག་གི་ཆ་ནི་མ་གསུངས་པས་མི་ཆོད། གང་ལྟར་ཡང་ད་སྐབས་འཕྲུལ་བཟོའི་དཀྱིལ་འཁོར་ རྣམས་གཞུང་པོད་དབུའི་བརྒྱུད་ཡིག་གི་གོ་རིམ་ལྟར་མཚན་བྱང་འགོད་རྒྱུ་དང་། ་ རྒྱས་བསྡུས་ལྟ་བུའི་འཕར་མ་དམིགས་ བསལ་འགའ་ལ་ཁུངས་དང་དགོས་དོན་འདྲ་བའི་གསལ་བཤད་དགོས་པ་མཚན་བྱང་སོ་སོའི་རྗེས་སུ་ངེས་པ་སྟེར་ཐུབ་པ་ཙམ་འགོད་རྒྱུ་ཡིན།

  1. ཆོས་དབང་བླ་མ་གསང་འདུས་ཀྱི་དཀྱིལ་འཁོར་གནམ་བབས་མར་གྲགས་པ། དབང་གཞུང་དུ་མཆན་ཐབས་སུ་བཤད་ཡོད། །
  2. ཆོས་དབང་བླ་མ་གསང་འདུས་ཀྱི་དཀྱིལ་འཁོར་རྒྱས་པ། དབང་ཆོག་རྒྱས་པ་སྨིན་གཏེར་གསུང་ཅན་ནང་ལྟར་བཀོད་པ།
  3. ཆོས་དབང་བླ་མ་གསང་འདུས་ཀྱི་གཏོར་དབང་གནད་ཀྱི་ཤོག་གཅིག་མའི་དཀྱིལ་ཐང་། 
  4. ཉང་གཏེར་བླ་མ་ཞི་བའི་གཏོར་དབང་གི་དཀྱིལ་ཐང་།
  5. ཉང་གཏེར་དྲག་པོ་ཆེ་བ་བདེ་འདུས་ཀྱི་དཀྱིལ་འཁོར།
  6. པད་གླིང་གུ་རུ་དྲག་དམར་གྱི་དཀྱིལ་འཁོར། ། ཉང་གི་དྲག་ཆེན་གྱི་རྗེས་སུ་ལྷ་གནས་ལྟེ་བའི་སྒྱུར་སོའི་གསལ་བཤད་ལྟར་ཟུར་བཀོད་བྱས་པ། 
  7. ཉང་གཏེར་དྲག་འབྲིང་མེའི་སྤུ་གྲིའི་དཀྱིལ་འཁོར།
  8. ཉང་གཏེར་དྲག་དམར་ཆེ་བ་དང་འབྲེལ་བའི་བྱིན་རླབས་ལུ་གུ་རྒྱུད། འདི་བླ་མས་དབང་སྒྲུབ་དུས་ལས་བྱང་ཆེ་བ་དང་འབྲེལ་ན་དེའི་ཕྱིར་བཀོད་།
  9. ཉང་གཏེར་དྲག་དམར་འབྲིང་པོ་དང་འབྲེལ་བའི་བྱིན་རླབས་ལུ་གུ་རྒྱུད། འདི་ཡང་དེ་བཞིན་ལས་འབྲིང་དང་སྦྲེལ་ན་དེའི་ཕྱིར་བཀོད།
  10. གུར་དྲག་བཀའ་མ་འོ་བྲན་ལུགས་ཀྱི་དཀྱིལ་འཁོར། །
  11. བྱང་གཏེར་ཐུགས་སྒྲུབ་དབང་ཆེན་སྒྲུབ་སྡེ་དགུ་འབྲེལ་གྱི་དཀྱིལ་འཁོར་རྒྱས་པ། མཁྱེན་བརྩེའི་བྲི་ཐབས་ལྟར་བཀོད་པ།
  12. བྱང་གཏེར་ཐུགས་སྒྲུབ་བྱིན་རླབས་ཐུགས་རྗེའི་དབང་བསྐུར་གྱི་དཀྱིལ་འཁོར།
  13. སངས་རྒྱས་གསང་བའི་ལུགས་ཀྱི་ཚེ་དཔག་མེད་ལུང་ལུགས་ཀྱི་དཀྱིལ་འཁོར།
  14. ཉང་ཆོས་གཏེར་ཁ་གཉིས་འདུས་བླ་མ་ལོངས་སྐུ་རྫོང་ཆེན་ཚེསྒྲུབ་ཀྱི་དཀྱིལ་འཁོར།
  15. བྱང་གཏེར་ཚེ་སྒྲུབ་ལྕགས་སྡོང་མའི་གདན་དཀྱིལ།
  16. པད་གླིང་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར།
  17. ལྕགས་ཟམ་ཚེ་སྒྲུབ་འཆི་མེད་དཔལ་སྟེར་གྱི་བུམ་གདན།
  18. ཐུགས་ཆེན་རྒྱལ་པོ་ལུགས་འགྲོ་འདུལ་ཕྱག་བཞི་པའི་དཀྱིལ་འཁོར། མཁྱེན་བརྩེའི་བྲི་ཐབས་ལྟར་བཀོད་པ། །
  19. ཐུགས་ཆེན་རྒྱལ་པོ་ལུགས་ནམ་མཁའི་རྒྱལ་པོའི་དབང་རྒྱས་པའི་དཀྱིལ་འཁོར། ནམ་རྒྱལ་དབང་དབུའི་ཡིག་ཆུང་གི་དགོངས་དོན་བཞིན་འགྲོ་འདུལ་ལྟར་རྒྱས་པར་ཟུར་དུ་བཀོད་པ།
  20. སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་བདེ་གཤེགས་བཞི་སྒྲིལ་གྱི་དཀྱིལ་འཁོར། ༼འདིར་ཡང་ཟློག་ལ་ཚོམ་བུ་ལས་དཀྱིལ་འཁོར་མེད༽ 
  21. རྟ་མགྲིན་གསང་སྒྲུབ་སྐྱེར་སྒང་ལུགས་ཀྱི་དཀྱིལ་འཁོར།
  22. ཉང་གཏེར་རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་དཀྱིལ་འཁོར།
  23. ཆོས་དབང་རྟ་ནག་ལྕགས་རལ་ཅན་གྱི་དཀྱིལ་འཁོར། །
  24. གཏེར་ཁ་གསུམ་འདུས་ཕྱག་རྡོར་དྲེགས་འདུལ་གྱི་བུམ་གཏོར་གདན་དཀྱིལ།
  25. བྱང་གླིང་ཕྱག་རྡོར་གསང་སྒྲུབ་གཏུམ་པོ་དྲག་པོའི་དཀྱིལ་འཁོར།
  26. གྲྭ་མངོན་གཏེར་བྱོན་ཁང་བརྩེགས་རྒྱུད་ལུགས་ཕྱག་རྡོར་གྱི་དཀྱིལ་འཁོར། །
  27. ཉང་གཏེར་རྡོ་རྗེ་ཕག་མོ་ཞལ་གཉིས་ལྷ་དགུ་མའི་སྒྲུབ་ཐབས་དང་འབྲེལ་བའི་དཀྱིལ་འཁོར། འདིས་ལྷ་ལྔ་དང་གཙོ་རྐྱང་གི་གོ་བཅད་པར་བཤདཀྱང་སྤྲོས་པས་སོ་སོར་བཀོད། །
  28. ཉང་གཏེར་རྡོ་རྗེ་ཕག་མོ་ཞལ་གཉིས་ལྷ་ལྔ་མའི་སྒྲུབ་ཐབས་དང་འབྲེལ་བའི་དཀྱིལ་འཁོར། སྤྲོས་པས་སོ་སོར་བཀོད་པ། །
  29. ཉང་གཏེར་ཕག་མོ་ཞལ་གཉིས་མ་གཙོ་རྐྱང་གི་སྒྲུབ་ཐབས་དང་འབྲེལ་བའི་དཀྱིལ་འཁོར། སྤྲོས་པས་སོ་སོར་བཀོད་པ།
  30. ཉང་གཏེར་རྡོ་རྗེ་ཕག་མོ་དོན་གྲུབ་མའི་དཀྱིལ་འཁོར། །
  31. ཉང་གཏེར་རྡོ་རྗེ་རྣལ་འབྱོར་དབུ་གཅད་མའི་དཀྱིལ་འཁོར།
  32. ཉང་གཏེར་ཁྲོས་མ་ནག་མོའི་དཀྱིལ་འཁོར། །
  33. མ་ཏིའི་ལུགས་ཀྱི་རྗེ་བཙུན་འཇམ་དཔལ་དཀར་པོའི་དཀྱིལ་འཁོར། །
  34. ཕ་དམ་པ་སངས་རྒྱས་ཀྱི་ཐུགས་དམ་འཇམ་དཔལ་སྨྲ་སེང་གི་གདན་དཀྱིལ།
  35. བྲམ་ཟེ་ཕུར་བུའི་ལུགས་ཀྱི་དབྱངས་ཅན་དཀར་མོའི་རྗེས་གནང་གི་མཎྜལ། འདི་དཔེ་རིས་ཙམ་ལས་གཞུང་ལྟར་རྫས་བཞི་མཉམ་སོགསཀྱིས་ངེས་པར་བྲིས་དགོས།
  36. སངས་རྒྱས་གསང་བའི་ལུགས་ཀྱི་རྣམ་འཇོམས་བུམ་པའི་གདན་དཀྱིལ། 
  37. བ་རི་ལུགས་ཀྱི་རྣམ་འཇོམས་བུམ་པའི་གདན་དཀྱིལ། ། ༼འདིར་ལོཀྲི་དང་ནཱ་ག་རཀ་གཉིས་ལ་ཚོམ་བུ་འགོད་རྒྱུ་ལས་དཀྱིལ་འཁོར་མེད༽
  38. གནུབས་ཟུར་ཡབ་སྲས་བཀའ་སྲོལ་རྒྱུད་མགོན་ལེགས་ལྡན་རྗེས་གནང་གི་དཀྱིལ་འཁོར། 
  39. གནུབས་ཟུར་ཡབ་སྲས་བཀའ་སྲོལ་རྒྱུད་མགོན་ལེགས་ལྡན་གྱི་དཀྱིལ་འཁོར་རྒྱས་པ། ། གཙང་ཤོད་པའི་དབང་ཆོག་བཞིན་བྱང་ལུགས་མདོ་དབང་བཀའ་གཏདསྐབས་པད་ཕྲིན་ཡིག་ཆ་ལྟར་བཀོད་པ་སྟེ་རྒྱུད་ལ་ཡང་བལྟས།
  40. ཉང་གཏེར་དཔལ་མགོན་ཕྱག་བཞི་པའི་དཀྱིལ་འཁོར། 
  41. ཉང་གཏེར་དཔལ་མགོནཕྱག་བཞི་པའི་དཀྱིལ་འཁོར་རྒྱས་པ། ཉང་གི་གཏེར་བོད་ནང་། སྤྱི་སྒྲུབ་ཀྱི་དཀྱིལ་འཁོར་བྲི་ཐབས་སྨི ཞེས་པ་ལྟར་བཀོད་པ།
  42. ཉང་གཏེར་མགོན་དཀར་ཚེ་བདག་ཕྱག་བཞི་པའི་བུམ་གདན། །
  43. ཆོས་དབང་པད་གླིང་ཟུང་འབྲེལ་དཔལ་མགོན་མ་ནིང་སྲོག་དབང་གི་དཀྱིལ་འཁོར། 
  44. གནུབས་ལུགས་སྟག་ཞོན་བཀའ་གཏེར་བརྒྱུད་པ་གཉིས་ལྡན་གྱི་དཀྱིལ་འཁོར། །
  45. གནུབས་ལུགས་མགོན་པོ་བེང་བཀའ་གཏེར་བརྒྱུད་པ་གཉིས་ལྡན་གྱི་དཀྱིལ་འཁོར།
  46. ཀུན་མཁྱེན་ཆེན་པོའི་ལུགས་ཨེ་ཀ་ཛཱ་ཏི་སྡེ་བདུན་གྱི་དཀྱིལ་འཁོར། 
  47. ཀུན་མཁྱེན་ཆེན་པོའི་ལུགས་ཨེ་ཀ་ཛཱ་ཏི་སྡེ་ལྔའི་དཀྱིལ་འཁོར། ༼སྤྲོས་པས་སོ་སོར་བཀོད་པ༽
  48. མན་ངག་སྙིང་ཐིག་ཆེན་མོའི་སྔགས་སྲུང་ཁྲོས་མ་རག་གདོང་མའི་དཀྱིལ་འཁོར།
  49. འདོད་ཁམས་དབང་ཕྱུག་རེ་མ་ཏཱི་བཀའ་གཏེར་གཉིས་ལྡན་གྱི་དཀྱིལ་འཁོར།
  50. ཉང་གཏེར་མ་མོ་རྡོ་རྗེ་གཤོག་རྒོད་མའི་དཀྱིལ་འཁོར། །
  51. མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་མ་མོ་སྲོག་སྒྲུབ་མའི་དཀྱིལ་འཁོར།
  52. པདྨ་ལས་འབྲེལ་རྩལ་གྱི་གཏེར་བྱོན་གཟའ་བདུད་རཱ་ཧུ་ལའི་ཐུན་མིན་གྱི་དཀྱིལ་འཁོར།
  53. ལས་འབྲེལ་དང་རཏ་གླིང་ཟུང་འབྲེལ་གནོད་སྦྱིན་ཤན་དམར་སྲོག་གཏད་ཀྱི་དཀྱིལ་འཁོར། ༼འདིར་དམ་ཅན་རྡོར་ལེགས་ལ་ཚོམ་བུ་ལས་དཀྱིལ་འཁོར་མེད༽
  54. ལས་འབྲེལ་དང་རྒྱལ་སྲས་ལེགས་པའི་གཏེར་བྱོན་བདུད་མགོན་སེང་གདོང་དཀྱིལ་འཁོར།
  55. ཉང་གཏེར་ཞིང་སྐྱོང་དབང་མོ་དུར་ཁྲོད་བདག་མོའི་དཀྱིལ་འཁོར། ཙང་༽
  56. ཆོས་དབང་གཏེར་བྱོན་བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་དཀྱིལ་འཁོར། ༼འདིར་རྒྱལ་ཆེན་པེ་ཧར་ལ་ཚོམ་བུ་ལས་དཀྱིལ་འཁོར་མེད༽
  57. གཉལ་པ་ཉི་ཤེའི་གཏེར་བྱོན་ཕྱི་སྒྲུབ་རྣམ་སྲས་སེར་ཆེན་སྤྲིན་གསེབ་མའི་དཀྱིལ་འཁོར།
  58. གཉལ་པ་ཉི་ཤེའི་གཏེར་བྱོན་ནང་སྒྲོབ་མདུང་དམར་རྟ་སྔོན་མའི་དཀྱིལ་འཁོར།
  59. གནུབས་ལུགས་གསང་སྒྲུབ་རྣམ་སྲས་དྲག་པོ་རྟ་སྔོན་གྱི་དཀྱིལ་འཁོར།
  60. རྣམ་སྲས་མདུང་དམར་ཅན་ཡང་གསང་ཕྱག་མཚན་བཞི་པའི་དཀྱིལ་འཁོར།
  61. གྲྭ་མངོན་ཞང་བློན་རྡོ་རྗེ་བདུད་འདུལ་ཕྱི་སྒྲུབ་གཙོ་འཁོར་དྲུག་པའི་དཀྱིལ་འཁོར།
  62. གྲྭ་མངོན་ཞང་བློན་རྡོ་རྗེ་བདུད་འདུལ་ནང་སྒྲུབ་གཙོ་འཁོར་དགུ་པའི་དཀྱིལ་འཁོར།
  63. གྲྭ་མངོན་ཞང་བློན་རྡོ་རྗེ་བདུད་འདུལ་གསང་སྒྲུབ་གཙོ་འཁོར་ལྔ་པའི་དཀྱིལ་འཁོར།
  64. གྲྭ་མངོན་ཞང་བློན་རྡོ་རྗེ་བདུད་འདུལ་ཕྱི་ནང་གོསང་གསུམ་སྦྲགས་སྒྲུབ་དཀྱིལ་འཁོར། ཕྱི་ནང་གསང་གསུམ་ཐམས་ཅད་དོན་གཉེར་ལ་འདིས་གསུམ་ཀའི་དོན་གོ་ཚང་ལ་འཇུག་པ་བདེ་བར་གསུང་།
  65. གྲྭ་མངོན་གཏེར་བྱོན་ཛམ་དམར་གྱི་དཀྱིལ་འཁོར། །
  66. ལས་འབྲེལ་ཟབ་གཏེར་ལྷ་ཆེན་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར།

དེ་ལྟར་བྲིས་དཀྱིལ་རྒྱས་བསྡུས་གང་བཞུགས་ཀྱི་མཚན་བྱང་དང་། དམིགས་གསལ་འགའ་ལ་ཁུངས་འབྲེལ་གསལ་བཤད་ བཅས་སྤེལ་བ་འདི་བལ་ཡུལ་རྒྱལ་བ་ཞེ་ཆེན་པའི་གདན་སའི་བྱེ་བྲག །གནས་ཆེན་སྟག་མོར་ལུས་སྦྱིན་སྒྲུབ་སྡེ་པདྨ་འོད་གླིང་ ནས་འཕགས་ཡུལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་དབུ་མཛད་ཟུར་པ་པད་བཀོད་འགྱུར་མེད་བདེ་གཤེགསོ་འཕེལ་རྒྱས་པས་  བཟོ་བསྐྲུན་བྱས་སྐབས། པད་བཀོད་སྒམ་པོ་པ་དྭགས་པོ་སྤྲུལ་སྐུ་རིན་པོ་ཆེ་ནས་ཀྱང་ཞུ་དག་ཁུངས་འཚོལ་སོགས་རོགས་ རམ་མཛད་པ་དང་། བསྟན་པའི་སྦྱིན་བདག་ཙའདྲ་ཐེབས་རྩ་ཚོགས་པ་ནས་འགྲོ་གྲོན་ཡོན་དངུལ་གནང་བས་འགྲེམས་སྤེལ་ ཞུས་པ་རང་གཞན་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་དཔལ་ཡོན་མི་ཟད་འཕེལ་བའི་རྒྱུ་རུ་སྨོན་པ་བཅས་བྱུང་བ་བརྗོད་ པ་དང་འབྲེལ་བའི་དཀར་ཆག་མདོར་བསྡུས་བཀོད་པ་དགེ་ལེགས་འཕེལ་བར་ཤོག་ཅིག། །།