Terdzo-Volume-66-Karchag

From Rinchen Terdzö


Rinchen Terdzö, Volume 66, Karchag

གཏེར་མཛོད། མངྒ་ལཾ་༽ པ་ལ། རིན་ཆེན་གཏེར་མཛོད་ཆེན་མོ་སྤར་དུ་ཇི་ལྟར་བསྒྲུབས་པའི་ཚུལ་དཔག་བསམ་གསར་པའི་འཁྲི་ཤིང་ཞེས་བྱ་བ་ལ་ལྡེབ། ༧༤ 1-148་་་་་་ཆོས་དཔེའི་བཞུགས་བྱང་དཀར་ཆག་འདི་ནི། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་གཏེར་མཛོད་རྩོམ་སྒྲིག་རྗེས་སུ་པར་བརྐོས་མཛད་པའི་ཤིང་པར་དང་པོ་དང་། དེ་ལ་སི་ཏུ་པདྨ་དབང་མཆོག་རྒྱལ་པོས་ཆོས་ཚན་འགའ་ཤས་ཁ་སྐོང་གནང་བ་བཅས། གདན་ས་དཔལ་སྤུངས་ཀྱི་པར་དཔེའི་པོད་རེའི་དབུ་ཡི་བཞུགས་བྱང་བཅོས་མེད་མ་དཔེ་ཇི་བཞིན་དཀྱུས་གཅིག་ནར་འགྲོས་སུ་བཀོད་པ་སྟེ། དེའི་སྐབས་རིན་གཏེར་ལ་ཆོས་ཚན་ཇི་བཞུགས་ངེས་པར་བྱེད་པ་ཡང་ཡིན་ནོ་ཞུ་ཞུ།། བདེ་བར་གཤེགས་པའི་བསྟན་པའི་ཡང་སྙིང་རིག་འཛིན་གྱི་སྡེ་སྣོད་སྔ་འགྱུར་ཟབ་མོ་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་ཆོས་སྡེ་སྤར་དུ་བསྒྲུབས་པའི་རྟོགས་བརྗོད་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་རྒྱ་མཚོའི་སྤྲིན་གྱི་བླ་བྲེ་ཞེས་བྱ་བ་དང་། སྔ་འགྱུར་ཟབ་མོ་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་དཀར་ཆག་ནོར་བུའི་བང་མཛོད་ཅེས་བྱ་བ་ལ་ལྡེབ། ༡༢༥ 149-397་་་་་འདིའི་ནང་ཡི་གེའི་འབྲུ་དག་དང་བཅད་མཚམས་འགར་ཅུང་ཟད་བཅོས་པ་ལས། གཞན་ནི་མ་བཅོས་སོར་བཞག་བྱས་ཡོད་པས། འདིའི་སྐབས་རིན་གཏེར་མཚུར་ཕུའི་ཤིང་པར་འདི་ལ་ཡིག་ཆ་གང་བཞུགས་ངེས་པར་བྱེད་དོ་ཞུ།། རིན་ཆེན་གཏེར་མཛོད་ཆེན་པོའི་ཁ་སྐོང་དཀར་ཆག་རིན་ཆེན་ཕྲེང་བ་ཞེས་བྱ་བ་ལ་ལྡེབ། ༨ 399-414་་་་་་རྒྱ་གར་དུ་འཕྲུལ་པར་དང་པོ་དིལ་མཁྱེན་རིན་པོ་ཆེས་བསྐྲུན་སྐབས་ཞལ་སྐོང་ཞུས་པའི་དཀར་ཆག་ཡིན་ནོ། །རིན་ཆེན་གཏེར་མཛོད་ཆེན་པོ་སྤར་དུ་བསྐྲུན་པའི་རྟོགས་བརྗོད་འཇིག་རྟེན་གསུམ་ཁྱབ་ལྷ་ཡི་རྔ་སྒྲ་ཞེས་བྱ་བ་ལ་ལྡེབ། ༧ 415-427་་་་་་་རྒྱ་གར་དུ་དིལ་མཁྱེན་རིན་པོ་ཆེས་འཕྲུལ་པ་དང་པོ་བསྐྲུན་པའི་བྱུང་བ་བརྗོད་པའོ། །གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་གསུང་རབ་ཟབ་མོ་ཉེ་བརྒྱུད་ཀྱི་ཆོས་སྡེ་རིན་ཆེན་གཏེར་མཛོད་ཆེན་མོའི་བཞུགས་བྱང་དཀར་ཆག་གསལ་བར་བཀོད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གྲུ་གཟིངས་ཞེས་བྱ་བ་ལ་ལྡེབ། ༣༠༣ 429-1033 དེ་དང་རྗེས་འབྲེལ་པར་ཐེངས་འདིའི་སྐབས་ཉེར་མཁོ་གསར་བཞག་བྱས་པའི་མཚན་བྱང་ཟུར་ཐོ་རབ་གསལ་མེ་ལོང་ཞུ་དག་མཐའ་མ་པ་དྭགས་པོ་སྤྲུལ་མིང་པས་བཀོད་པ་ལྡེབ། ༡༣ 1035-1059 བཅས་བཞུགས།།