Terdzo-NGI-075

From Rinchen Terdzö

མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ཟློག་པའི་འགྲེས་བྱང

mkha' 'gro gsang ba kun 'dus kyi zlog pa'i 'gres byang

revealed by  ཇོ་མོ་སྨན་མོ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jomo MenmoJamyang Khyentse Wangpo)
in cycle  མཁའ་འགྲོ་གསང་བ་ཀུན་འདུས་ (Mkha' 'gro gsang ba kun 'dus)
Volume 34 (ངི) / Pages 1023-1024 / Folios 1a1 to 1b6

[edit]

རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་བྱེད་པའི༔ ཕྱི་ནང་གསང་བའི་འགལ་རྐྱེན་མི་མཐུན་ཕྱོགས༔ ཐམས་ཅད་དགྲ་བགེགས་བྱད་མའི་སྟེང་དུ་ཟློག༔ བཞི་བརྒྱ་རྩ་བཞིའི་ནད་རིགས་དགྲ་ལ་ཟློག༔ སུམ་བརྒྱ་དྲུག་ཅུའི་གདོན་ཚོགས་དགྲ༴ སྟོང་ཕྲག་བརྒྱད་ཅུའི་བགེགས་དཔུང་དགྲ༴ བརྒྱད་ཅུ་རྩ་གཅིག་ལྟས་ངན་དགྲ༴ གློ་བུར་ཡེ་འདྲོག་འཚུབས་འགྱུར་དགྲ༴ དུས་མིན་འཆི་བའི་བར་ཆད་དགྲ༴ ཡས་ཀྱི་བདུད་དཔུང་གཡོས་པ་དགྲ༴ མས་ཀྱི་སྲི་རུ་ལྡངས་པ་དགྲ༴ བར་གྱི་འཕྲལ་རྐྱེན་ངན་པ་དགྲ༴ ནད་མུག་མཚོན་གྱི་འཕྲུལ་འཁོར་དགྲ༴ མཐའ་དམག་གདུག་པའི་འཚུབ་འགྱུར་དགྲ༴ རྒྱ་འདྲེ་འགོང་པོའི་ཆོ་འཕྲུལ་དགྲ༴ བྱད་ཁ་ཕུར་ཁ་རྦོད་གཏོང་དགྲ༴ ཡེ་ཤེས་མཁའ་འགྲོའི་བཀའ་ཆད་དགྲ༴ ལས་ཀྱི་མཁའ་འགྲོའི་སུན་མ་དགྲ༴ ཤ་ཟ་མཁའ་འགྲོའི་དལ་ཡམས་དགྲ༴ ཕྲ་མེན་མཁའ་འགྲོའི་གཏད་ཁྲམ་དགྲ༴ མུ་སྟེགས་མཁའ་འགྲོའི་དམོད་ཚིག་དགྲ༴ རྒྱལ་ཁམས་ཕོ་མོའི་མི་ཁ་དགྲ༴ གྲིབ་དང་མི་གཙང་གཡེང་བ་དགྲ༴ བཟློག་གོ་དམར་ཆེན་ཟོར་གྱི་གཏོར་མས་ཟློག༔ བསྒྱུར་རོ་མི་མཐུན་ཕྱོགས་ཀུན་དགྲ་ལ་སྒྱུར༔ བྷྱོ་ཟློག་དམོད་པའི་མཚོན་ཆར་དགྲ་ལ་ཕོབ༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་སཿཀརྨ་དྷཱ་ཀི་ནཱི་ཀཱི་ལ་ཡ་སརྦ་དུཥྚཱན་བྷྱོ་བྷྱོ་ཟློག་ཟློག༔ ཡཀྨོ་ཁྲེཾ་ཟློག༔ རཀྨོ་ཁྲེཾ་ཟློག༔ ཨེ་ས་བྷྱོ་ཟློག༔ ཅེས་བཟླ། ༈ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་བྱེད་པའི༔ ཕྱི་ནང་གསང་བའི་འགལ་རྐྱེན་མི་མཐུན་ཕྱོགས༔ ཐམས་ཅད་དགྲ་བགེགས་བྱད་མའི་སྟེང་དུ་ཟློག༔ བཞི་བརྒྱ་རྩ་བཞིའི་ནད་རིགས་དགྲ་ལ་ཟློག༔ སུམ་བརྒྱ་དྲུག་ཅུའི་གདོན་ཚོགས་དགྲ༴ སྟོང་ཕྲག་བརྒྱད་ཅུའི་བགེགས་དཔུང་དགྲ༴ བརྒྱད་ཅུ་རྩ་གཅིག་ལྟས་ངན་དགྲ༴ གློ་བུར་ཡེ་འདྲོག་འཚུབས་འགྱུར་དགྲ༴ དུས་མིན་འཆི་བའི་བར་ཆད་དགྲ༴ ཡས་ཀྱི་བདུད་དཔུང་གཡོས་པ་དགྲ༴ མས་ཀྱི་སྲི་རུ་ལྡངས་པ་དགྲ༴ བར་གྱི་འཕྲལ་རྐྱེན་ངན་པ་དགྲ༴ ནད་མུག་མཚོན་གྱི་འཕྲུལ་འཁོར་དགྲ༴ མཐའ་དམག་གདུག་པའི་འཚུབ་འགྱུར་དགྲ༴ རྒྱ་འདྲེ་འགོང་པོའི་ཆོ་འཕྲུལ་དགྲ༴ བྱད་ཁ་ཕུར་ཁ་རྦོད་གཏོང་དགྲ༴ ཡེ་ཤེས་མཁའ་འགྲོའི་བཀའ་ཆད་དགྲ༴ ལས་ཀྱི་མཁའ་འགྲོའི་སུན་མ་དགྲ༴ ཤ་ཟ་མཁའ་འགྲོའི་དལ་ཡམས་དགྲ༴ ཕྲ་མེན་མཁའ་འགྲོའི་གཏད་ཁྲམ་དགྲ༴ མུ་སྟེགས་མཁའ་འགྲོའི་དམོད་ཚིག་དགྲ༴ རྒྱལ་ཁམས་ཕོ་མོའི་མི་ཁ་དགྲ༴ གྲིབ་དང་མི་གཙང་གཡེང་བ་དགྲ༴ བཟློག་གོ་དམར་ཆེན་ཟོར་གྱི་གཏོར་མས་ཟློག༔ བསྒྱུར་རོ་མི་མཐུན་ཕྱོགས་ཀུན་དགྲ་ལ་སྒྱུར༔ བྷྱོ་ཟློག་དམོད་པའི་མཚོན་ཆར་དགྲ་ལ་ཕོབ༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་སཿཀརྨ་དྷཱ་ཀི་ནཱི་ཀཱི་ལ་ཡ་སརྦ་དུཥྚཱན་བྷྱོ་བྷྱོ་ཟློག་ཟློག༔ ཡཀྨོ་ཁྲེཾ་ཟློག༔ རཀྨོ་ཁྲེཾ་ཟློག༔ ཨེ་ས་བྷྱོ་ཟློག༔ ཅེས་བཟླ།དམོད་པའི་མཚོན་ཆར་དགྲ་ལ་ཕོབ༔ ཟློག་སྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་སཿཀརྨ་དྷཱ་ཀི་ནཱི་ཀཱི་ལ་ཡ་སརྦ་དུཥྚཱན་བྷྱོ་བྷྱོ་ཟློག་ཟློག༔ ཡཀྨོ་ཁྲེཾ་ཟློག༔ རཀྨོ་ཁྲེཾ་ཟློག༔ ཨེ་ས་བྷྱོ་ཟློག༔ ཅེས་བཟླ།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).