Terdzo-MANGALAM-009

From Rinchen Terdzö

ཁ་སྐོང་ཉེར་མཁོ་འཐོར་བུ་མང་ཙམ་གསར་དུ་བསྡེབས་པའི་མཚན་བྱང་གསལ་འཁོད་རབ་གསལ་མེ་ལོང་

kha skong nyer mkho 'thor bu mang tsam gsar du bsdebs pa'i mtshan byang gsal 'khod rab gsal me long

by  དྭགས་པོ་སྤྲུལ་སྐུ་ (Dagpo Tulku)
Volume 66 (མངྒ་ལཾ) / Pages 1035-1059 / Folios 1a1 to 13a4

Last Text in Volume
[edit]

བལ་ཡུལ་ཞེ་ཆེན་དགོན་ནས་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་སྤྲེལ་ལོའི་མཆུ་ཟླའི་༡ཚེས་༡༡སྤྱི་ལོ་༢༠༠༤ཟླ་བ་༣ཚེས་༢ནས་འཕྲུལ་ཡིག་ཐོག་གསར་བསྐྲུན་སྐབས། ཁ་སྐོང་ཉེར་མཁོ་འཐོར་བུ་མང་ཙམ་གསར་དུ་བསྡེབས་པའི་མཚན་བྱང་གསལ་འཁོད་རབ་གསལ་མེ་ལོང་བཞུགས་སོ།། པོད། ག་ནང་༽ཀར་གླིང་ཞི་ཁྲོའི་བསྙེན་ཡིག་ནང་ཉེར་མཁོའི་ཤོག་བྱང་།༡ ཉ་ནང་༽དཀོན་སྤྱིའི་ལྷ་ཁྲིད་ནང་བླ་རྣལ་རྟེན་སྐྱེད་འཛུད་བྱང་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༡ ད་ནང་༽འདིའི་ནང་ཉེར་མཁོ་འཇའ་ཚོན་གཏེར་མ་དྭགས་པོའི་གསང་ལམ་བླ་སྒྲུབ་ངག་འདོན་ཕྲིན་ལས་ཀྱི་བྱང་བུ་ཁྲིགས་བཀོད་ཉི་མའི་སྙིང་པོ་ཡེ་ཤེས་རྒྱན་གྱི་བླ་བྲེ་མཁའ་ཁྱབ་རྡོ་རྗེའི་གསུང་རིན་གཏེར་དཀྱུས་ཀྱི་ཞུ་དག་སྐབས་ཡོད་པ་མ་ཤེས་ནས་རྗེས་སུ་དབང་གི་ཟུར་རྒྱན་པོད་ཨེ་པའི་རྗེས་སུ་བཞག་པ་ལྡེབ། ༢༡ པ་ནང་༽སྨིན་གཏེར་གུ་རུ་དྲག་དམར་སྲུང་ཟློག་གསད་བཟླས་ཞལ་རྒྱུན་ལྟར་བཀོད་པ་ལྡེབ།༡ ཕ་ནང་༽ཉང་གཏེར་བཀའ་བརྒྱད་བསྙེན་ཡིག་རིན་ཆེན་སྒྲོན་མེའི་ཁྲོ་སྒྲུབ་སྐབས་ཉེར་མཁོའི་སྒོམ་ཁོག་ནག་འགྲོས་བྲིས་པ་ལྡེབ། ༤ བ་ནང་༽མཁྱེན་བརྩེའི་ཡང་གཏེར་ཡར་རྗེ་ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྒྲུབ་ཁོག་ཞིབ་གསལ་མེད་དུ་མི་རུང་བ་འཇམ་མགོན་གསུང་གསལ་བྱེད་ཅན་ལྡེབ། ༢༤ སྒྲུབ་ཁོག་ཛཔ྄་བསྐུལ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཁྲིགས་བཀོད་ལྡེབ། ༣ ཞ་ནང་༽མཁྱེན་བརྩེའི་གསུང་གནམ་ཆོས་འོད་ཆོག་ཚོགས་མཆོད་ལྡེབ། ༣ འ་ནང་༽རཏྣ་གླིང་ཐུགས་ཆེན་དབང་བཤད་འཕྲི་བསྣན་གསལ་བ་འཇམ་མགོན་གསུང་ལྡེབ། ༥ ར་ནང་༽མཆོག་གླིང་ཐུགས་ཆེན་པདྨ་གཙུག་ཏོར་མྱང་གྲོལ་རིལ་སྒྲུབ་མཁྱེན་བརྩེའི་གསུང་ལྡེབ། ༡༧ ལ་ནང་༽པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་རྟ་མགྲིན་བརྒྱུད་འདེབས་ལྡེབ། ༡ དང་། སྐོང་བ་ལྡེབ། ༡ བཅས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་གསུང་། ཤ་ནང་༽སྙན་བརྒྱུད་ཡང་ཕུར་སྦྲགས་མའི་ཟབ་ཏིག་གི་རྫོགས་རིམ་གུད་སྦས་རྗེ་ཆོས་བློའི་དགོངས་གཏེར་ལྡེབ། ༢ སྐོང་བ་ལྡེབ། ༢ དང་སྦྱིན་སྲེག་ལྡེབ། ༦ བཅས་ཞེ་ཆེན་རྒྱལ་ཚབ་པདྨ་རྣམ་རྒྱལ་གསུང་། རྒྱུན་ཁྱེར་ལྡེབ། ༨ དང་། གཏོར་ཟློག་ལྡེབ། ༢༢ བཅས་དིལ་མཁྱེན་རིན་པོ་ཆེའི་གསུང་། ཨ་ནང་༽བཀའ་མའི་མཆོད་ཕྲེང་ཞི་ཁྲོའི་བསྟོད་པའི་གླུ་མཆོད་སྔོན་ཡོད་རྗེས་མཁའ་འགྲོ་དམ་ཅན་བསྐུལ་བ་ཁྲོ་རོལ་ནས་ཟུར་ཕྱུང་གསར་བཞག་བཅས་ལྡེབ། ༥ ཀི་ནང་༽ཆོས་དབང་གཏེར་བྱོན་ཕུར་པ་ཡང་གསང་སྤུ་གྲིའི་སྔགས་ཟློག་དང་ཐུན་གཏོར་ཟུར་བྱང་གསུང་རྒྱུན་ལྟར་བཀོད་ལྡེབ། ༢ ཆད་ཐོ་ཟུར་བྱང་ཞེ་ཆེན་རྒྱལ་ཚབ་པད་རྣམ་གསུང་ལྡེབ། ༡ ལས་བུམ་ཟུར་བྱང་ལྡེབ། ༡ སྔགས་བྱང་སོགས་ཉེར་མཁོ་ཟུར་བྱང་དུ་གསུང་རྒྱུན་ལྟར་བཀོད་པ་ལྡེབ། ༢ ཞེ་ཆེན་རྒྱལ་ཚབ་པད་རྣམ་གསུང་ལས་བྱང་ཉེར་བསྡུས་ལྡེབ། ༩ དང་། ཞི་རྒྱས་སྦྱིན་སྲེག་དང་སྤྲོས་མེད་མེ་མཆོད་བཅས་ལྡེབ། ༡༤ ཁི་ནང་༽པདྨ་འོད་གསལ་མདོ་སྔགས་གླིང་པའི་སྙན་བརྒྱུད་སྲིད་པ་མ་མོའི་གནད་ཏིག་གི་རྒྱུན་ཁྱེར་དིལ་མཁྱེན་རིན་པོ་ཆེ་མངྒ་ལའི་གསུང་ལྡེབ། ༤ དེའི་ལྷན་ཐབས་ཉེར་མཁོ་གསར་བཀོད་ལྡེབ། ༢ ངི་ནང་༽ཆོས་དབང་གཏེར་བྱོན་ལོཀྟྲི་སྨིན་གླིང་ཡིག་ཆའི་ཐུན་གཏོར་གསུང་རྒྱུན་ལྟར་བཀོད་ལྡེབ། ༡ མཁའ་འགྲོ་གསང་བ་ཀུན་འདུས་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་སྐོར་དཀྱུས་སུ་སྔོན་མེད་རྫོང་སར་འདས་མཆོད་ཡིག་པོད་ནང་བཞུགས་རྗེ་ཆོས་བློའི་གསུང་སྐོར་སོགས་ལས། སྔོན་གཏོར་རྗེ་ཆོས་ཀྱི་བློ་གྲོས་གསུང་ལྡེབ། ༡ ཛཔ྄་ཁང་དབྱེ་བསྐུལ་ལྡེབ། ༡ དང་། མཆོད་བསྟོད་ནོངས་བྱང་ལྡེབ། ༡ བཅས་གསུང་རྒྱུན་ལྟར་བཀོད་པ། ཚོགས་འགུགས་གསུང་རྒྱུན་ལྟར་བཀོད་ལྡེབ། ༡ ཚོགས་སྐོང་འགྲེས་བྱང་ལྡེབ། ༡ བྱེ་བྲག་སྐོང་དྲུག་སྐབས་ལས་རིམ་རྒྱས་བསྡུས་འགྲེས་བྱང་གསུང་རྒྱུན་ལྟར་བཀོད་པ་ལྡེབ། ༡ འབྱུང་སྐོང་འགྲེས་བྱང་ལྡེབ། ༡ འབྱུང་སྐོང་གི་ལས་བྱེ་བྲག་པའི་འདོད་གསོལ་རྗེ་བླ་མའི་ཞལ་རྒྱུན་བཞིན་གཏེར་ཆེན་ལས་རབ་གླིང་པས་བཀོད་པ་ལྡེབ།༢ ཚོགས་མཆོད་ཉེར་བསྡུས་དང་ཤིན་ཏུ་བསྡུས་པ་ཚན་དང་གཉིས་མཁྱེན་བརྩེའི་དབང་པོ་དང་རྗེ་ཆོས་བློའི་གསུང་ལྡེབ།༡ བསྟོད་བསྐུལ་ཀུན་དགའ་འབུམ་གཏེར་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་ལས་ཁོལ་ཕྱུང་ལ་རྗེ་ཆོས་བློས་ཞལ་སབ་ཅན་ལྡེབ། ༥ ཆད་ཐོ་རྗེ་ཆོས་བློའི་གསུང་ལྡེབ། ༡ རྗེས་རིམ་མཆོད་བསྟོད་ནོངས་བཤགས་གསུང་རྒྱུན་ལྟར་བཀོད་ལྡེབ། ༡ ལམ་རིམ་སྨོན་ལམ་རྗེ་ཆོས་བློའི་གསུང་ལྡེབ། ༣ དིལ་མཁྱེན་རིན་པོ་ཆེའི་གསུང་བདག་འཇུག་གི་ཆོ་ག་ལྡེབ། ༡༠ དང་། གནས་ལུང་གི་ཆོ་ག་ལྡེབ། ༡༡ ལས་བཞི་མཆོག་ལྔའི་སྦྱིན་སྲེག་གི་ཆོ་ག་ལྡེབ། ༡༨ བཅས། རིལ་སྒྲུབ་ཕྱག་བྲིས་དངོས་ལས་ཞལ་བཤུས་དང་སྨན་གྱི་རྟོགས་བརྗོད་རྗེ་ཆོས་བློའི་གསུང་བཅས་ལྡེབ། ༡ ཟློག་པའི་འགྲེས་བྱང་ལྡེབ། ༡ ཉེ་བསྙེན་ངག་འདོན་མཁྱེན་བརྩེའི་དབང་པོའི་གསུང་འཁྲུལ་མེད་ལྡེབ། ༡ འཕོ་རྫས་སྒྲུབ་ཐབས་ཨ་འཛོམ་གཏེར་ཆེན་འགྲོ་འདུལ་དཔའ་བོ་རྡོ་རྗེའི་གསུང་ལྡེབ། ༡ ཆི་ནང་༽མཁྱེན་བརྩེའི་དགོངས་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་གི་ཕྲིན་ལས་སྔོན་འཆིང་གསུང་རྒྱུན་ལྟར་བཏུས་ལྡེབ། ༡ སྐོང་བ་རྗེ་ཆོས་བློའི་གསུང་ལྡེབ། ༣ གཏོར་མ་རྒྱས་འབྲིང་བསྡུས་པ་དང་རྒྱས་པ་མཆོག་གླིང་ཟབ་གཏེར་ཡོངས་རྫོགས་འཆི་མེད་སྙིང་ཐིག་གི་གཏོར་མའི་པྲ་ཁྲིད་ལྟར་གྱི་ཐིག་ཚད་ཀརྨའི་མཁན་ཆེན་སོགས་ཀྱི་ཕྱག་རྒྱུན་ཁུངས་ལྡན་གྱི་དཔེ་རིས་ལྡེབ། ༨ སྒྲུབ་ཁོག་རྗེ་ཆོས་ཀྱི་བློ་གྲོས་ཆོག་ཁྲིགས་ལྡེབ། ༣༠ བྱིན་འབེབ་སྨིན་གཏེར་རིག་འཛིན་ཐུགས་ཐིག་ལས་ཟུར་ཕྱུང་ལྡེབ། ༡ མཁྱེན་བརྩེའི་དགོངས་གཏེར་རྒྱུད་སྡེ་བཞི་འབྲེལ་སྒྲོལ་མའི་སྒྲུབ་ཐབས་དང་དོན་དབང་སོགས་རྩ་གཞུང་སྐོར་ལྡེབ། ༤ལས་ཕན་ཡོན་ལྷ་མོ་ལ་གུས་ཀྱིས་རྒྱུད་བཞིའི་དགོངས་པ་སྟོན་ཚུལ་དང་། གཏོར་འབུལ། ཚོགས་མཆོད་རྣམས་གསུང་འབུམ་ལས་སྐབས་འདིར་གསར་བཞག་ཡིན་ནོ། །མཆོག་གླིང་ཐུགས་སྒྲུབ་ཆ་ལག་སྒྲོལ་མ་འཇིགས་པ་ཀུན་སེལ་མཎྜལ་ཆོ་ག་ལ་ཉེར་མཁོའི་ལྷན་ཐབས་རིགས་དཀྱུས་བཀོད་ལྡེབ། ༡༡ལས་སྤྱོད་འཇུག་མཆོད་ཕྲེང་དང་། གཏོར་འབུལ། གནད་བསྐུལ་གསུམ་ལས། གཞན་རྣམས་གསར་བཞག་ཡིན་ནོ། །མཆོག་གླིང་དགོངས་གཏེར་སྒྲོལ་མའི་ཟབ་ཏིག་གི་བརྒྱུད་འདེབས་མཁྱེན་བརྩེའི་གསུང་ལྡེབ། ༡ མཆོག་གླིང་ཟུར་བཟའི་ཐུགས་དམ་མཁའ་འགྲོ་ལྔའི་སྒྲུབ་སྐོར་བརྒྱུད་འདེབས་གཏེར་ཆེན་ཉིད་མཛད་ལྡེབ། ༡ ཇི་ནང་༽བཀའ་མ་ལེགས་ལྡན་ཚོགས་ཀྱི་བདག་པོའི་དབང་ཆོག་གཙང་ཤོད་པ་རྡོ་རྗེ་རྒྱལ་མཚན་གྱི་གསུང་མཚུར་པར་དུ་མིང་ཡོད་ཀྱང་དཔེ་དངོས་མེད་པ་འདིར་བཞག་པ་ལྡེབ། ༩ ཉི་ནང་༽བྱང་གཏེར་བསྟན་སྲུང་ཡོངས་རྫོགས་ཕྲིན་ལས་ཀྱི་སྐོང་བཤགས་གཏེར་གཞུང་མཚུར་པར་དུ་མིང་ཡོད་ཀྱང་དཔེ་དངོས་མེད་པ་འདིར་བཞག་པ་ལྡེབ། ༧ སྨིན་གཏེར་གཤིན་རྗེ་དྲེགས་འཇོམས་ཀྱི་ལས་གཤིན་ཕྲིན་ལས་ཀྱི་སྐོང་བ་མཁན་ཆེན་ཨོ་རྒྱན་བསྟན་རྡོར་གསུང་ལྡེབ། ༡ ཏི་ནང་༽སྨིན་ལུགས་བརྟན་མའི་གསོལ་མཆོད་རྒྱས་པ་གདན་སའི་གསུང་རྒྱུན་ཅན་ལྡེབ། ༧ ཉང་གཏེར་རྒྱལ་པོ་སྐུ་ལྔའི་གསོལ་ཁ་ཕྲིན་ལས་དོན་བཅུ་མའི་དོན་བསྡུས་ཕྲིན་ལས་རྒྱས་པ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་ལྡེབ། ༧ དང་། བསྡུས་པ་ལྡེབ། ༢ བཅས། སྐོང་བཤགས་དང་མངའ་གསོལ་གསེར་སྐྱེམས་བཅས་ཚན་སྦྲེལ་རྒྱལ་མཆོག་ལྔ་པའི་གསུང་ལས་བཏུས་པ་ལྡེབ། ༦ བྱང་གཏེར་གཉན་ཆེན་ཐང་ལྷའི་ཟུར་འདེབས་བསང་མཆོད་དང་མངའ་གསོལ་ཆགས་མེད་དང་རིག་འཛིན་ཡོལ་མོ་བའི་གསུང་ལྡེབ། ༣ གནམ་ཆོས་སྤོམ་རའི་གསོལ་མཆོད་རྒྱས་བསྡུས་ཆགས་མེད་གསུང་དང་གཏེར་གཞུང་ལྡེབ། ༣ སྨིན་གཏེར་ཐུགས་ཐིག་གཏེར་སྲུང་བདུད་མགོན་ཞིང་སྐྱོང་སྐོང་བ་གཏེར་ཆེན་ཉིད་གསུང་ལྡེབ། ༡ ཐི་ནང་༽དབང་གི་མཚམས་སྦྱོར་མདོར་བསྡུས་སྤྱི་འགྲེ་མཁྱེན་བརྩེའི་གསུང་ལྡེབ། ༡༠ དི་ནང་༽འཇམ་མགོན་གསུང་རྩ་གསུམ་སྒྲུབ་ཁོག་ཟུར་རྒྱན་ལས་བཞིའི་བྲོ་གཞུང་གསལ་འཁོལ་བསྡེབས་ལྡེབ། ༡ དིལ་མཁྱེན་རིན་པོ་ཆེ་མངྒ་ལའི་གསུང་གནས་ཆེན་བྱིན་འབེབ་ལྡེབ། ༡༠ འཇམ་མགོན་རིན་པོ་ཆེའི་གསུང་ཐུན་མཚམས་ཆོས་སྤྱོད་གསར་རྙིང་གི་གདམས་ངག་དགོས་པ་ཀུན་ཚང་ལ་ལྡེབ། ༣༦ དང་། དེའི་ཟུར་རྒྱན་གསེར་འོད་ལས་ཕྱུང་བཤགས་པ་རྒྱས་བསྡུས་ལྡེབ། ༣ སྨིན་ལུགས་དམ་ཅན་སྤྱི་གཏོར་སྐོང་གསོ་ཉུང་བསྡུས་རྒྱལ་སྲས་རིན་རྣམ་གསུང་ལ་མཁྱེན་བརྩེའི་དབང་པོས་གསལ་བྱེད་ཅན་ལྡེབ། ༣ འཇམ་མགོན་བརྒྱུད་ཡིག་ནང་གསལ།་་་་ནོར་ལྷ་སྤྱི་གཏོར་ཆགས་མེད་གསུང་ལྡེབ། ༩ གཏེར་ཆེན་མཆོག་གླིང་གིས་མཛད་པའི་རྩ་གསུམ་ཆོས་སྐྱོང་གཏོར་བསྔོ་སྔོན་ཡོད་ཞལ་སྐོང་མཁན་རྒྱལ་མཚན་འོད་ཟེར་གསུང་རྗེས་འཐུད་ཅན་ལྡེབ། ༢ དྲི་མེད་བཤགས་རྒྱུད་སངས་གླིང་གཏེར་བྱོན་ལྡེབ། ༥༠ ནི་ནང་༽སྨིན་གཏེར་གསུང་གཤིན་པོ་རྗེས་འཛིན་བགེགས་སྦྱོང་དང་ཕྱག་འཚལ་སྐབས་ཟུར་རྒྱན་ལྡེབ་ཤར།༢ ཐུགས་ཆེན་སྤྱི་འགྲོའི་གནས་ལུང་མཁྱེན་བརྩེའི་གསུང་ལྡེབ། ༦ གཤིན་པོ་འདྲེར་མི་འོང་བ་རྟ་གསང་གཞུང་པོད་ལས་བྱུང་བའི་ལག་ལེན་ཟུར་བྱང་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༡ རྣམ་པར་འདྲེན་མཆོག་རྣམས་ཀྱི་སྐུ་གདུང་མཆོད་ཚུལ་གྱི་ལྷན་ཐབས་གཞུང་གསལ་བཞིན་འཁོལ་བསྡེབས་ལྡེབ། ༨ སྨིན་གླིང་རྡོར་སེམས་ཐུགས་སྒྲུབ་ཀྱི་ཆོ་གའི་ཡན་ལག་སཱཙྪ་སྒྲུབ་པ་མཁྱེན་བརྩེའི་དབང་པོས་མཛད་པ་ལྡེབ། ༤ སངས་གླིང་བླ་མ་དགོངས་འདུས་དབང་དང་བཏགས་གྲོལ་སྤྱིའི་ལག་ལེན་གསལ་བྱེད་དབང་བསྐུར་དང་བཅས་པའི་ལྷན་ཐབས་ཕྱག་འཚལ་སྨོན་ལམ་སོགས་ཟུར་འདེབས་གཞུང་གསལ་འཁོལ་བསྡེབས་ལྡེབ། ༤ བླ་མ་དགོངས་འདུས་སྲུང་བརྒྱའི་རབ་གནས་སྐབས་ཀྱི་བཟླས་པའི་སྔགས་བྱང་ཟུར་བསྡེབས་ལྡེབ། ༡ བྲམ་ཟེ་སྡོམ་པ་བཟང་པོ་ནས་རིམ་བཞིན་ཟུར་ལ་བཀའ་བབས་པ་མཁའ་འགྲོ་ཕན་བྱེད་རླུང་འཁོར་བཅོ་བརྒྱད་རྙིང་ཕྱོགས་རིག་འཛིན་རྣམས་ཀྱི་ཕྱག་བཞེད་ཅན་བྲི་ཐབས་ལྟར་དཔེ་རིས་གསར་བྲིས་ཞེ་ཆེན་པར་གསར་སྐབས་བཀོད་པ་ལྡེབ།༤ པི་ནང་༽ གནས་ཆེན་བྱིན་འབེབ་ཟིན་བྲིས་འཇམ་མགོན་གསུང་ལྡེབ། ༢ གནས་བྱིན་འདོད་གསོལ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༢ མཆོག་གླིང་ཐུགས་སྒྲུབ་ལྷ་སྲིན་དམ་བསྒྲག་ཉིན་གཅིག་མའི་འདོན་ཟིན་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ།༡ ལྷ་སྲིན་དམ་བསྒྲག་ཟུར་རྒྱན་དིལ་མཁྱེན་རིན་པོ་ཆེའི་གསུང་ལྡེབ། ༡༠ སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིའི་གསུང་ཕུད་སྐོང་གི་ཆོ་ག་འདོད་དགུའི་ཆར་འབེབ་བདུད་རྩིའི་སྤྲིན་ཕུང་ལྡེབ། ༡༦ དེའི་འགྲེས་བྱང་ལྡེབ། ༡ གསང་བའི་བདག་པོས་གནང་བའི་དགྲ་བླའི་དཔངས་བསྟོད་རྒྱལ་བ་ལྔ་པ་ཆེན་པོའི་གསུང་ལྡེབ། ༨ བཀའ་གཏེར་གཉིས་འདུས་མགོན་པོ་དགྲ་བླ་བཅུ་གསུམ་མ་བཅའ་ཐབས་བཅས་ཀརྨའི་སྒར་བསང་ཆེན་མོའི་གསུང་རྒྱུན་ལྟར་མཁའ་ཁྱབ་རྡོ་རྗེས་བསྡེབས་པ་ལྡེབ།༡༡ བྱང་གཏེར་རྒྱགས་བརྔན་ལྷ་བསང་གཏེར་གཞུང་གསལ་བྱེད་ཅན་དང་ལྔ་པའི་གསུང་གཡང་འགུགས་བཅས་ལྷ་ས་བསྟན་གླིང་པར་མ་ལྟར་ལྡེབ།༢༢ ཐུགས་སྒྲུབ་གཞི་བདག་རྟེན་བཀོལ་སྟབས་བདེའི་འདོན་ཟིན་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ།༢ གནུབས་ལུགས་བརྒྱ་བཞིའི་ཆོ་ག་སྨིན་གཏེར་གསུང་གི་བཅས་གཤོམ་དང་འདོན་ཟིན་སྨིན་གླིང་གདན་སའི་རྡོར་འཛིན་དང་བྱང་འདྲེན་པའི་ཞལ་ཁྲིད་ལྟར་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བསྙེལ་བྱང་དུ་བཏབ་པ་ལྡེབ། ༣ ཉང་གཏེར་བརྟན་མདོས་འགྲེས་བྱང་སྔ་ཕྱི་ཡོངས་སྡོམ་འཁོལ་བསྡེབས་ལྡེབ། ༢ ཉང་གཏེར་རྒྱལ་མདོས་འདོན་ཟིན་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༢ བི་ནང་༽མཆོག་གླིང་ཐུགས་སྒྲུབ་སྲི་འདུལ་རཀྴ་ཐོད་ཕྲེང་གི་བརྒྱུད་འདེབས་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༡ དང་སྐོང་བ་ལྡེབ། ༡ བཅས། རྒྱལ་དབྱངས་དིལ་མཁྱེན་རིན་པོ་ཆེ་མངྒ་ལའི་གསུང་ལྡེབ། ༢ ཙཀྲ་བཅུ་གསུམ་བཀྲ་ཤིས་ཀརྨའི་མཁན་ཆེན་གསུང་ལྡེབ། ༡ མི་ནང་༽མཆོག་ལྡན་མགོན་པོའི་སྙན་བརྒྱུད་སླར་ཡང་ཀུན་གཟིགས་མཁྱེན་བརྩེའི་སྙན་བརྒྱུད་དག་སྣང་མ་གཉེན་པོ་ལྷ་ལྔའི་བརྒྱུད་འདེབས་པད་ཕྲེང་རྗེ་ཆོས་ཀྱི་བློ་གྲོས་གསུང་ལྡེབ། ༡ འཇིགས་མེད་གླིང་པའི་ཀློང་སྙིང་དྲག་པོ་རྟ་ཁྱུང་གི་གདོན་ཁྲོལ་དང་དབང་དང་བསྙེན་པའི་གནད་ཡིག་བཅས་གཏེར་གཞུང་ལྡེབ། ༨ ཙི་ནང་༽ པད་གླིང་ཕྱག་རྡོར་གཏུམ་པོའི་གཟའ་ཀླུའི་དུག་སྦྱོང་སྨིན་གླིང་གཏེར་ཆེན་གསུང་གི་ལྷན་ཐབས་ལོ་རྒྱུས་སྟོང་ཐུན་གསར་བྲིས་ལྡེབ། ༢ ཚི་ནང་༽ཀློང་གསལ་རྡོར་སྙིང་སྤྱི་བཅོས་སྐོར་གྱི་ལྷན་ཐབས་སྔགས་ཕྱག་དྲུག་དང་བདེན་བརྗོད་ཟུར་བྱང་མཁྱེན་བརྩེའི་གཏེར་བུམ་སྤྱི་སྒྲུབ་ལས་ཟུར་བཏོན་ལྡེབ། ༡ ཀློང་གསལ་རྡོར་སྙིང་མི་འཁྲུག་པའི་ཆོ་གའི་ལྷན་ཐབས་རྫས་རྟགས་སྣ་བདུན་དབང་བྱང་རིགས་མཐུན་ལས་ཟུར་བཏོན་ལྡེབ། ༡ མངོན་དགའི་ཞིང་སྨོན་ལྡེབ། ༣ དང་། དེའི་ཡན་ལག་ཞི་སྲེག་དང་རུས་ཆོག་ཆུ་ཆོག་སྦ་སྐྱེལ་སཱཙྪའི་ཆོ་ག་བཅས་དཀྱུས་བཀོད་ལྡེབ། ༩ བཅས་རྗེ་ཆོས་ཀྱི་བློ་གྲོས་གསུང་། མཆོག་གླིང་ཐུགས་སྒྲུབ་བླ་མ་ལོངས་སྐུ་ངན་སོང་དོང་སྤྲུག་གཙོ་འཁོར་སྔགས་བྱང་ལྡེབ།༡ ཐུགས་སྒྲུབ་ཛཔ྄་བཀོལ་ལས་རིགས་དྲུག་དོང་སྤྲུག་དམིགས་པ་ཟུར་བཀོད་གཏེར་གཞུང་ལྡེབ།༡ ཀུན་གཟིགས་མཁྱེན་བརྩེའི་གསུང་ཁྲིགས་མཆོག་གླིང་ཐུགས་སྒྲུབ་ཆ་ལག་བདེ་ཆེན་ཞིང་སྦྱོང་ཆོ་ག་དང་སྐུ་གསུམ་ཞིང་སྨོན་ལྡེབ།༢༢ དང་། དེའི་དབང་ཆོག་དང་གནས་ལུང་ལྡེབ།༡༤ བཅས། ཀློང་གསལ་རྡོར་སྙིང་རྣམ་རྒྱལ་མའི་ཡན་ལག་གསོ་སྦྱོང་དང་གཟུངས་རིང་སྐུ་དང་མཆོད་རྟེན་གྱི་ལས་མཇུག་བཅས་གཏེར་གཞུང་ལྡེབ།༦ སྟག་ཤམ་ཐུགས་སྒྲུབ་པདྨ་གསང་ཐིག་ཚེ་དབང་ཆོས་གླིང་གསུང་ཁྲིགས་་་་སྔོན་ཆད་དཔལ་སྤུངས་དཀར་ཆག་ནང་མཚན་ཙམ་འཁོད་པ་འདིར་དངོས་སུ་བཞག་པ།ལྡེབ།༨ ཛི་ནང་༽འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དགོངས་གཏེར་མཚོ་སྐྱེས་སྙིང་ཐིག་གི་ཡུམ་བཀའ་མཁའ་འགྲོ་མནྡཱ་རཿབའི་བརྒྱུད་འདེབས་དང་སྒྲུབ་ཐབས་སོགས་གཏེར་གཞུང་གང་བཞུགས་དཀྱུས་བཀོད་ལྡེབ།༡༡ སྨིན་གྲོལ་ཁྲིགས་བཀོད་མངྒ་ལས་མཛད་པ་ལྡེབ།༡༠་་་་འདི་སྔོན་ཆད་དིལ་མཁྱེན་རིན་པོ་ཆེས་རིན་གཏེར་དཀྱུས་སུ་འཇོག་འཆར་གྱི་དགོངས་པ་ལམ་ལུས་སུ་གྱུར་པ་འདིར་དཀྱུས་སུ་བཙུད་པ་ཡིན་ནོ།མཆན། འཇམ་དབྱངས་མཁྱེན་བརྩེ་པདྨ་འོད་གསལ་མདོ་སྔགས་གླིང་པའི་དག་སྣང་ཚེ་ཡུམ་ཙཎྜ་ལཱིའི་བརྒྱུད་འདེབས་འཇམ་མགོན་གསུང་དང་། བརྒྱུད་བསྐུལ་སྐོང་བ་བཅས་མཁྱེན་བརྩེའི་དབང་པོ་ཉིད་ཀྱིས་ཕབ་མཛད་ལྡེབ། ༤ མཁྱེན་བརྩེའི་དབང་པོའི་དག་སྣང་མི་ཏྲའི་སྙིང་ཐིག་ཚེ་སྐོར་གཏེར་གཞུང་ལྡེབ། ༦ བརྒྱུད་འདེབས། རྒྱུན་ཁྱེར། བསྙེན་ཚུལ། བདག་འཇུག །མེ་མཆོད་བྱ་ཚུལ། ཚེ་འགུགས་ཟུར་ཕྱུང་། ཚོགས་མཆོད་བཅས་རིང་སྦྲེལ་རྗེ་ཆོས་ཀྱི་བློ་གྲོས་གསུང་ཁྲིགས་ལྡེབ། ༤ ལས་བྱང་དང་སྨིན་གྲོལ་སྐོར་ཆོག་ཁྲིགས་མཇུག་ཆད་དིལ་མཁྱེན་རིན་པོ་ཆེའི་གསུང་དུ་སྣང་བ་ལྡེབ། ༧ འཕགས་མའི་སྙིང་ཐིག་གི་ཆ་ལག་རྣམ་རྒྱལ་མའི་གཟུངས་རིང་ཟུར་བྱང་ལྡེབ། ༡ གཟུངས་རིགས་དང་གསུང་མགུར་ཁྱད་འཕགས་རྣམ་གསུམ་མཁྱེན་བརྩེའི་གསུང་ལྡེབ། ༤ ཆགས་མེད་གསུང་རཏ་གླིང་ཚེ་གསང་འཆི་བླུ་འཆི་བདག་ཞགས་གཅོད་ལྡེབ། ༡༢ འབྱུང་ལྔའི་འཁོར་ལོའི་དཔེའུ་རིས་ལྡེབ། ༡ རཏ་གླིང་གསུང་གླུད་རབས་སྣང་སྲིད་སྤྱི་སྐོང་ཆེན་མོ་ལྡེབ། ༡༠ བརྟན་བཞུགས་གསོལ་འདེབས་སྤྱི་འགྲོ་ཚན་འགའ་ལྔ་པ་ཆེན་པོ་དང་འཇམ་མགོན་རིན་པོ་ཆེའི་གསུང་ལྡེབ། ༤ སུན་ཟློག་ཉེར་བསྡུས་ཀུན་གཟིགས་མཁྱེན་བརྩེའི་གསུང་ཟབ་ལྡེབ།༢ ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག་གི་ཕག་དཀར་ཚེ་སྒྲུབ་དང་དབང་ཆོག་གཏེར་གཞུང་དང་ཆོག་ཁྲིགས་དིལ་མཁྱེན་རིན་པོ་ཆེའི་གསུང་དཀྱུས་བཀོད་ལྡེབ།༦ འཇམ་དཀར་མ་ཏི་ལུགས་ཀྱི་སྒྲུབས་ཐབས་གཏོར་ཆོག་ཅན་འཇམ་དབྱངས་མཁྱེན་བརྩེའི་གསུང་ལྡེབ།༢ ཝི་ནང་༽རཏྣ་ཐོད་ཕྲེང་རྩལ་ལ་བསྟེན་ནས་ཚེ་གཡང་འགུགས་ཕྲིན་ལྷ་བཙུན་དག་སྣང་མ་ཀུན་གཟིགས་མཁྱེན་བརྩེའི་གསུང་ཁྲིགས་ཀྱི་གཡང་བསང་ལྡེབ། ༡ གཡང་འགུགས་ལྡེབ། ༡ ཆོག་བྱང་བསྡུས་པ་ལྡེབ། ༣ བཅས་ཞེ་ཆེན་རྒྱལ་ཚབ་གསུང་། མཆོག་གླིང་ཐུགས་སྒྲུབ་བླ་མ་ནོར་ལྷ་སྐྱེས་མཆོག་ཚུལ་བཟང་གི་བརྒྱུད་འདེབས་ཚན་གཉིས་ཀརྨའི་མཁན་ཆེན་དང་དིལ་མཁྱེན་མངྒ་ལའི་གསུང་གཉིས་སྡོམ་ལྡེབ་ཤར། ༢ གཡང་གླུད་མགྲོན་འགུགས་མཁན་པོ་རིན་ཆེན་དར་རྒྱས་གསུང་ལྡེབ། ༡ སྐོང་བ་ཚན་གཉིས་ཀརྨའི་མཁན་པོ་དང་དིལ་མཁྱེན་རིན་པོ་ཆེའི་གསུང་གཉིས་སྡོམ་ལྡེབ་ཤར། ༣ བཀྲ་ཤིས་གཏེར་བུམ་སྒྲུབ་ཐབས་གཏེར་ཆེན་ཕྱག་སྲོལ་བྱང་འདྲེན་རྒན་བུ་རྣམས་ཀྱི་ཞལ་རྒྱུན་མཆོག་གི་མཚན་ཅན་པདྨ་བཛྲ་རྩལ་གྱིས་བརྗེད་ཐོར་བཀོད་པ་དང་། འཁོར་ལོའི་བྲི་ཡིག་ཀུན་གཟིགས་མཁྱེན་བརྩེའི་གསུང་དང་གཡང་བུམ་རྫས་ཐོ་ཞལ་གདམས་སྙིང་བྱང་ནས་བཏུས་རྣམས་དཀྱུས་བཀོད་ལྡེབ། ༢༥ མཆོག་གླིང་བླ་མ་ནོར་ལྷར་བསྟེན་པའི་མཚུན་བཅོས་མཆོག་གླིང་མཚན་འཆང་པདྨ་ཀུན་ཁྱབ་ཡེ་ཤེས་སྙིང་པོའི་གསུང་ལྡེབ། ༩ མཚུན་གཡང་འགུགས་བྱང་ཀརྨའི་མཁན་ཆེན་གསུང་ལྡེབ། ༡ བལ་པོ་ཨ་ཧཱུྃ་འབར་གྱི་ཡཀྵ་ཛཾ་ནག་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་དུ་བྱོན་པའི་གཡང་འགུགས་འགྲེས་བྱང་ལྡེབ།༡ གཏེར་སྲུང་མཆོད་ཐབས་ཞེ་ཆེན་རྒྱལ་ཚབ་གསུང་ལྡེབ། ༡ བྱང་གཏེར་རང་ཤར་ནོར་ལྷ་ཡོངས་རྫོགས་ཀྱི་ཆུ་སྦྱིན་འབུལ་རིམ་ཞེ་ཆེན་རྒྱལ་ཚབ་གསུང་ལྡེབ། ༤ གནམ་ཆོས་ཛཾ་ལྷ་ཉེར་གཅིག་གི་གཡང་སྐྱབས་ཆགས་མེད་གསུང་ཁྲིགས་ལྡེབ། ༡༤ ཞི་ནང་༽ མཆོག་གླིང་ཐུགས་སྒྲུབ་ཡིད་ནོར་རྣམ་སྲས་རིགས་གསུམ་སྲོག་འཁོར་བྲི་ཐབས་མཁྱེན་བརྩེའི་ཞལ་རྒྱུན་དང་གཏོར་མའི་ཟིན་བྲིས་འཇམ་མགོན་གསུང་ལྡེབ། ༣ ཟི་ནང་༽སངས་གླིང་གཏེར་བྱོན་ལུགས་ཀྱི་གནས་ཆོག་རྒྱས་པ་ཆོག་ཁྲིགས་ཀུན་གཟིགས་མཁྱེན་བརྩེའི་གསུང་གི་འགྲེས་བྱང་ལྡེབ། ༣ གནས་བརྟན་ཆོ་ག་རྩེ་ལེའི་མཁས་མཆོག་པདྨ་ལེགས་གྲུབ་གསུང་ལྡེབ། ༨ གནས་བརྟན་ཕྱག་མཆོད་ཀུན་མཁྱེན་འཇིགས་གླིང་གསུང་ལྡེབ། ༣ ཟླ་བ་སྒྲོན་མེའི་མདོ་ལས་འབྱུང་བའི་བསྟན་འབར་མ་ལྡེབ། ༡ གནས་བརྟན་གྱི་བཀྲ་ཤིས་ཞེ་ཆེན་རྒྱལ་ཚབ་གསུང་ལྡེབ། ༣ མི་ཕམ་རིན་པོ་ཆེའི་གསུང་གནས་བརྟན་ལོ་རྒྱུས་མདོར་བསྡུས་ལྡེབ། ༤ མི་ཕམ་རིན་པོ་ཆེའི་གསུང་ཐུབ་ཆོག་བྱིན་རླབས་གཏེར་མཛོད་ལྡེབ། ༤ སངས་རྒྱས་སྤྱི་བསྟོད་སེམས་བརྩེ་མ་ལྡེབ། ༡ ཐུབ་བསྟོད་དང་ཆོ་འཕྲུལ་བསྟོད་སྨོན་མི་ཕམ་རིན་པོ་ཆེའི་གསུང་ལྡེབ། ༨ མཛད་བཅུ་དབང་བཞིར་སྦྱར་བ་དང་དབང་ལེན། རྫོགས་སྨིན་སྦྱོང་སྨོན་བཅས་ཀུན་མཁྱེན་འཇིགས་གླིང་གསུང་ལྡེབ། ༢ གཟུངས་འབུལ་ལག་ལེན་སྨིན་ལོའི་གསུང་གནད་བསྡུས་རྩ་གཞུང་ལྡེབ། ༦ འཇམ་མགོན་གསུང་གཟུངས་འབུལ་ལག་ལེན་གསེར་འཕྲུའི་གཟུངས་འབུལ་དང་ཐ་འཁོར་བྲི་ཡིག་བཅས་ལྡེབ། ༢༥ དེའི་ནང་གསལ་ཉེར་མཁོའི་གཟུངས་རིགས་ལྷན་ཐབས་ཟུར་བྱང་ལྡེབ། ༤ གཟུངས་སྒྲུབ་བསྡུས་པ་ལྡེབ། ༢ དང་། འདུལ་བ་མདོ་རྩ་ལས་འབྱུང་བའི་རི་མོའི་བྲི་ཡིག་ལྡེབ། ༥ བཅས་འཇམ་མགོན་གསུང་། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་ཀཱ་ཝཱ་ཙིའི་རིལ་སྦྱོར་དམ་རྫས་དཀར་ཆག་ལས་ཁོལ་ཕྱུང་ལྡེབ། ༢ དང་། གཟུངས་དང་གནོད་སྦྱིན་འཕྲུལ་འཁོར་ཚོགས་བདག་འཁོར་ལོ་བང་མཛོད་རྫས་རྣམས་སྒྲུབ་ཐབས་ལྡེབ། ༡༠ བཅས། རོང་ཟོམ་པཎྜི་ཏ་ཆོས་ཀྱི་བཟང་པོའི་པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་མན་ངག་རྟོག་པ་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་གྱི་ཚེ་སྒྲུབ་དིལ་མཁྱེན་མངྒ་ལས་ཁྲིགས་བཀོད་ལྡེབ། ༡ བསང་མཆོད་རྒྱས་བསྡུས་དང་གཏོར་འབུལ་མི་ཕམ་གསུང་ལྡེབ། ༢ སྐོང་བ་བདེ་ཆེན་སྤྲིན་རོལ་ལྡེབ། ༣ དང་། བརྒྱུད་འདེབས་ཁ་སྐོང་ཅན་དང་རྒྱུན་བྱང་ལྡེབ།༧ བཅས་དིལ་མཁྱེན་མངྒ་ལའི་གསུང་། སྦྱིན་སྲེག་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་ཁྲིགས་ལྡེབ། ༤ འི་ནང་༽བྱང་གཏེར་རྟེན་འབྲེལ་ཆོས་བདུན་གྱི་ཁམས་གསུམ་དབང་སྡུད་ལྷ་ཆེན་བསོད་འབར་དང་རླུང་ཞགས་སྐོར་གཏེར་གཞུང་ལ་སྔོན་མེད་ཁ་སྐོང་གཉེན་པོ་སྟོབས་སྒྲུབ་དང་རྟགས་ཚད་བསྟན་པ་བཅས་ལྡེབ། ༣ འཇམ་མགོན་མི་ཕམ་གསུང་གཏོར་སྐུལ་གནམ་ལྕགས་ཐོག་མདའ་ལྡེབ།༤ དང་། དགོངས་གསོལ་དཔའ་བོའི་འབྲུག་སྒྲ་ལྡེབ། ༥ རཏ་གླིང་ཕུར་པའི་སྐོང་ཟློག་ཆགས་མེད་གསུང་ལ་ཀུན་གཟིགས་མཁྱེན་བརྩེས་དག་གསལ་འཇུག་བདེར་ཡང་སྡེབ་བྱས་པ་ལྡེབ། ༡༡ ཆགས་མེད་གསུང་དགྲ་ཆོས་བྷྱོ་གདབ་རྒྱས་བསྡུས་ལྡེབ། ༢ རཏྣའི་རྟ་གསང་ཡང་ཟློག་རྡོར་ཕལ་གྱི་གཏེར་གཞུང་ལས་ཟློག་པའི་རྩ་གཞུང་སྔོན་མེད་གསར་བཞག་དཀྱུས་ཀྱི་རྗེས་སུ་འཐུད་པ་བཅས་ལྡེབ། ༣ གཏེར་ཁ་གསུམ་སོགས་ཚད་ལྡན་མན་ངག་ཀུན་འདུས་ཀྱི་ཡང་ཟློག་རྡོ་རྗེ་ཕ་ལམ་གྱི་སྲུང་ཟློག་གསད་པའི་ལག་ལེན་བཀླག་ཆོག་མ་འཇམ་མགོན་ཆོག་ཁྲིགས་ཀྱི་ཟུར་རྒྱན་ཚོགས་མཆོད་སོགས་རྗེས་ཆིངས་ལྡེབ། ༤ རི་ནང་༽མཆོག་གླིང་གཏེར་བྱོན་ལུང་ཆེན་རྡོ་རྗེ་བཀོད་པའི་སྔོན་ཆིངས་ཟུར་བྱང་ལྡེབ། ༡ ལི་ནང་༽ཀུན་མཁྱེན་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་རྗེས་དྲན་ལྕེ་བཙུན་སྙིང་ཐིག་གི་ཟུར་རྒྱན་སྨྲེ་བཤགས་སོགས་ཟུར་བྱང་ལྡེབ། ༣ ཀུན་མཁྱེན་ཀློང་ཆེན་པའི་བླ་མ་ཡང་ཏིག་ལས་ཕྱུང་མཎྜལ་སྐོར་ལྡེབ། ༦ ལྕེ་བཙུན་སྙིང་ཏིག་ཟབ་ཁྲིད་དཔལ་ལྡན་བླ་མའི་ཞལ་ལུང་བསླད་མེད་ཡིད་ལ་གང་ཟིན་གྱི་ཟིན་ཐོ་མཁན་བཀྲ་ཤིས་འོད་ཟེར་གསུང་ལྡེབ། ༢༤ བྱང་གཏེར་རྫོགས་ཆེན་དགོངས་པ་ཟང་ཐལ་ཞི་ཁྲོའི་ལྷན་ཐབས་ཨ་འཛོམས་འགྲོ་འདུལ་དཔའ་བོ་རྡོ་རྗེའི་གསུང་ལྡེབ། ༢ ལས་བྱང་རྗེས་རིམ་གཏེར་གཞུང་ལྡེབ། ༣ རྡོར་གླིང་རྫོགས་ཆེན་ཧཱུྃ་སྐོར་སྙིང་ཐིག་ཀུན་གཟིགས་མཁྱེན་བརྩེའི་ཉེ་བརྒྱུད་ལས་གཏེར་གཞུང་ཁ་སྐོང་སྐོར། བླ་མ་དང་སློབ་མའི་བརྟག་པ་ལྡེབ། ༦ དངོས་གཞི་སེམས་རིག་དབྱེ་བ་དོན་གྱི་ངོ་སྤྲོད་ལྡེབ། ༤ རྟགས་ཚད་མུ་ཏིག་ཕྲེང་བ་ལྡེབ། ༦ བར་དོའི་བུ་ཡིག་ལྡེབ། ༣ བཅས། ཤི་ནང་༽ཀློང་གསལ་རྡོ་རྗེ་སྙིང་པོའི་རྫོགས་ཆེན་ཁྲིད་ཡིག་གི་ཟུར་རྒྱན་དབང་པོ་རབ་འབྲིང་ཐ་དང་སྐྱེ་བོ་ཕལ་པར་གདམས་པའི་ངོ་སྤྲོད་གཏེར་གཞུང་ལྡེབ། ༤ སི་ནང་༽སྨིན་གླིང་གཏེར་ཆེན་ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་གཏེར་ཨ་ཏི་ཟབ་དོན་སྙིང་པོའི་གཏེར་གཞུང་སྐོར་དཀྱུས་བཀོད་ལྡེབ། ༥༥ སྔོན་འགྲོའི་ངག་འདོན་ཟུར་ཕྱུང་གསར་སྡེབ་དང་སྨོན་ལམ་མི་འགྱུར་དཔལ་སྒྲོན་གསུང་བཅས་ལྡེབ། ༡༠ ཧི་ནང་༽དུང་མཚོ་རས་པའི་རྫོགས་ཆེན་ཡང་ཏི་ནག་པོའི་དབང་གི་ངོ་སྤྲོད་དང་པོའི་སྐབས་ཞལ་འཕངས་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་སོགས་ལས་ཟུར་ཕྱུང་ལྷན་ཐབས་ལྡེབ། ༢ མཆོག་གླིང་ཟབ་གཏེར་རྫོགས་ཆེན་སྡེ་གསུམ་ཆ་ལག་རིགས་གསུམ་སྙིང་ཐིག་དབང་སྒྲུབ་བསྐུར་གཉིས་མཁོའི་ལྷན་ཐབས་ཟུར་བྱང་ལྡེབ། ༤ དེའི་སེམས་སྡེའི་བརྡ་ཁྲིད་ཟུར་བྱང་ཀརྨའི་མཁན་ཆེན་གསུང་ལྡེབ། ༡ ཨི་ནང་༽བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་སྙན་འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་ལྡེབ། ༢ འཇམ་མགོན་རིན་པོ་ཆེའི་གསུང་རྒྱལ་བསྟན་སྤྱི་སྨོན་ཐར་པའི་གྲུ་ཆེན་ལྡེབ། ༨ འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་མཚོ་སྐྱེས་རྒྱལ་བསྟན་དར་སྨོན་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ལྡེབ། ༣ དིལ་མཁྱེན་རིན་པོ་ཆེའི་གསུང་རིགས་གསུམ་རྒྱལ་བའི་བསྟན་པ་རྒྱས་སྨོན་རྡོ་རྗེའི་བདེན་ཚིག་ལྡེབ། ༥ གཏེར་ཆེན་བདུད་འཇོམས་ནམ་མཁའི་རྡོ་རྗེའི་གསུང་ཡོངས་རྫོགས་བསྟན་པའི་མངའ་བདག་༧འཇམ་མགོན་བློ་གྲོས་མཐའ་ཡས་པའི་སྡེའི་རིང་ལུགས་དར་ཞིང་རྒྱས་སྨོན་དྲང་སྲོང་བདེན་སྨྲའི་དབྱངས་སྙན་ལྡེབ།༣ རྒྱལ་དབང་ཐེག་མཆོག་རྡོ་རྗེ་དང་མཁན་ཆེན་བཀྲ་ཤིས་ཆོས་འཕེལ་ཟུང་སོ་སོས་རིན་ཆེན་གཏེར་མཛོད་ལ་ཆེད་དུ་བརྗོད་པ་ལྡེབ།༥ ཨོཾ་ནང་༽ཉང་གཏེར་དྲག་དམར་བདེ་འདུས་ཀྱི་སྒྲུབ་ཐབས་དང་། དབང་བཀའ་རྡོ་རྗེ་སྤྱི་བླུགས་སྔོན་ཡོད་དེ་ལ་ཉེར་མཁོའི་བསྟོད་གསོལ་གཏེར་གཞུང་ལས་ཟུར་ཕྱུང་གསར་བཞག་ཞབས་བཏགས་མ་བཅས་ལྡེབ། ༡༡ གྲྭ་མངོན་གནོད་སྦྱིན་རྡོ་རྗེ་བདུད་འདུལ་གྱི་ནང་དང་གསང་བ་དང་སྦྲགས་སྒྲུབ་བཅས་ཀྱི་མངོན་རྟོག་གསུམ་གབ་དཀྲུགས་ནར་འགྲོས་སུ་བྲིས་པ་དཀྱུས་ཀྱི་ཞབས་བཏགས་མ་བཅས་ལྡེབ། ༩ སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་དབང་གི་གཏོར་མ་བཅའ་ཐབས་སྨིན་གླིང་ལོ་ཆེན་རིན་པོ་ཆེའི་གསུང་ལྡེབ། ༧ ཨཱཿནང་༽རྫོགས་ཆེན་སྡེ་གསུམ་སྐོར་ལས། སྤྱི་འགྲོའི་སྨན་མཆོད་ལྡེབ། ༡ དང་། སྡེ་གསུམ་སྐོང་བ་ལྡེབ། ༡ བཅས་རྗེ་ཆོས་བློའི་གསུང་། ཕྱི་སྐོར་ཁྲིད་བྱིན་ལས་ལྷ་སྲས་མུ་ཁྲི་དང་རྡོ་རྗེ་བདུད་འཇོམས་དགོངས་ཉམས་གླུ་བཀའ་ཐང་སྡེ་ལྔ་སོགས་ལས་བཏུས་པ་ལྡེབ། ༡ ནང་སྐོར་ཁྲོ་བོའི་སྔགས་བྱང་དང་བཟླས་དམིགས་རྗེ་ཆོས་བློས་ཁྲིགས་བཀོད་རྒྱས་པ་ལྡེབ། ༣ གསང་སྐོར་ཡི་དམ་བཀའ་བརྒྱད་ཀྱི་ཕྲིན་ལས་དང་རྗེས་སུ་འབྲེལ་བའི་མངོན་སྤྱོད་ཀྱི་གཟེར་ཀ་བྱ་ཚུལ་ཤིན་ཏུ་བསྡུས་པ་ཀུན་གཟིགས་མཁྱེན་བརྩེའི་གསུང་ལྡེབ། ༡༣ དེའི་ཟློག་པའི་འགྲེས་བྱང་ལྡེབ། ༡ ཟློག་བྱང་སྐབས་ཀྱི་ཉེར་མཁོའི་འགུགས་བསྒྲལ་སྟོབ་པའི་ཟུར་བྱང་ལྡེབ། ༡ སྡེ་གསུམ་ཆ་ལག་གནས་ལུང་གི་ཆོ་ག་ཁྲིགས་བསྡེབས་ལྡེབ། ༣ དང་། སྡེ་གསུམ་ཆ་ལག་བདུད་རྩི་སྨན་གྱི་སྒྲུབ་ཐབས་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཁྲིགས་བསྡེབས་ལྡེབ། ༤ ཕྱི་སྐོར་སེམས་སྡེའི་མཁས་པ་བཅོ་བརྒྱད་ཀྱི་གླུ་རྡོར་གླིང་ལྟ་བ་ཀློང་ཡངས་དང་བཀའ་མ་ལས་བཏུས་ནས་ཕྱུང་བ་དང་དབང་ཟིན་ལྟ་བུ་རྗེ་ཆོས་བློའི་ཕྱག་བྲིས་དངོས་ལས་བྱུང་བ་ལྡེབ། ༤ རིག་པའི་མེ་ཏོག་དོར་བ་ལྡེབ། ༡ བགེགས་བསྐྲད་དང་སྲུང་འཁོར་ལྡེབ། ༡ མཆོག་གཏེར་རྫོགས་ཆེན་སྡེ་གསུམ་གྱི་དབང་བསྐུར་ཡོངས་རྫོགས་ཁྲིགས་སུ་བསྡེབས་པ་ཀུན་བཟང་རིག་འཛིན་བླ་མའི་དགོངས་རྒྱན་ཞེས་བྱ་བ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཛད་པ་ལྡེབ། ༡༤༡ ཧཱུྃ་ནང་༽རྩ་གསུམ་འོད་གསལ་སྙིང་ཏིག་གི། ཕྱི་སྒྲུབ་སྤྲུལ་སྐུ་གསང་འདུས་ཐོད་ཕྲེང་རྩལ་གྱི་རྒྱུན་ཁྱེར་ལྡེབ། ༢ དང་། ནང་སྒྲུབ་ལོངས་སྐུ་ཐུགས་ཆེན་པདྨ་དྲྭ་བའི་རྒྱུན་ཁྱེར་ལྡེབ། ༢ ཡང་གསང་བླ་མ་དྲག་པོ་དགོངས་འདུས་རྒྱུན་ཁྱེར་ལྡེབ། ༢ རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུན་ཁྱེར་ལྡེབ། ༢ བཀའ་སྲུང་ཕྲིན་ལས་རྒྱས་སྤྲོས་ལྡེབ། ༦ ཡང་གསོལ་མཆོད་ལྡེབ། ༢ རྩ་གསུམ་འོད་སྙིང་ཡོངས་རྫོགས་ཀྱི་བསྙེན་སྒྲུབ་ཟིན་ཆུང་ལྡེབ། ༤ བཅས་དིལ་མཁྱེན་རིན་པོ་ཆེའི་གསུང་། ?23-37 ལང་གྲོ་ལོ་ཙཱ་བ་ཆེན་པོ་དཀོན་མཆོག་འབྱུང་གནས་ཀྱི་རྣམ་འཕྲུལ་རྩོད་བྲལ་སྤྲུལ་པའི་གཏེར་ཆེན་བདུད་འཇོམས་ནམ་མཁའི་རྡོ་རྗེའི་ཟབ་ཆོས་རྩ་གསུམ་ཚེ་སྒྲུབ་པདྨ་གསང་ཐིག་གི་ཆོས་སྡེ་ཞི་ཁྲོའི་ཆོ་ག་ཀུན་བཟང་ཁྲུས་ཆབ་ཀྱི་ཟུར་རྒྱན་རིགས་དྲུག་གནས་སྦྱོང་དམིགས་བཟླས་ཟུར་བྱང་གསར་བྲིས་ལྡེབ། ༡ གནས་འདྲེན་དབང་སྐབས་འབྱིན་འཇུག་མང་དགོས་སྟབས་བདེར་དཀྱུས་གཅིག་གསར་བྲིས་ལྡེབ། ༢ ཧཱ་ནང་༽སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་གླིང་པའི་རྣམ་ཐར་གྱི་ས་བོན་དང་། གཏེར་འབྱུང་འགའ་ཞིག་འབེལ་གཏམ་སྣ་ཚོགས་བཅས་ཕྱོགས་བསྡོམས་རྒྱལ་བསྟན་ཉིན་བྱེད་འོད་སྣང་ཞེས་བྱ་བ་ཞལ་གསུང་མ་ལ་ལྡེབ། ༨ མཆོག་གྱུར་གླིང་པའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་པའི་དབྱངས་སྙན་ཞེས་བྱ་བ་མཆན་བུས་བརྒྱན་པ་འཇམ་མགོན་རིན་པོ་ཆེའི་གསུང་ལ་ལྡེབ། ༤ རྣམ་ཐར་གསོལ་འདེབས་ཀྱི་བསྡུས་དོན་བཀྲ་ཤིས་དབྱངས་ཀྱི་ཡན་ལག་ཅེས་བྱ་བ་མཁྱེན་བརྩེའི་དབང་པོའི་གསུང་ལ་ལྡེབ། ༢ རྣམ་ཐར་ལས་འཕྲོས་པའི་དྲིས་ལན་བཀྲ་ཤིས་དབྱངས་སྙན་བསྐུལ་བའི་དྲི་བཞོན་ཞེས་བྱ་བ་མཁྱེན་བརྩེའི་དབང་པོའི་གསུང་ལ་ལྡེབ། ༡༩ གཏེར་ཆེན་མཆོག་གྱུར་གླིང་པའི་ཐུན་མོང་ཕྱི་ཡི་རྣམ་ཐར་བཀྲ་ཤིས་སྐྱེ་བ་ལྔ་པའི་དབྱངས་སྙན་ཞེས་བྱ་བ་མཆོག་གླིང་རང་གྲྭ་རྒན་པོ་པདྨ་ཡེ་ཤེས་གསུང་ལ་ལྡེབ། ༣༤ མངྒ་ལཾ་ནང་༽གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་གསུང་རབ་ཟབ་མོ་ཉེ་བརྒྱུད་ཀྱི་ཆོས་སྡེ། རིན་ཆེན་གཏེར་མཛོད་ཆེན་པོའི་བཞུགས་བྱང་དཀར་ཆག་གསལ་བར་བཀོད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གྲུ་གཟིངས་ཞེས་བྱ་བ་མངའ་རིས་གུ་གེ་པ་མཁན་ཆེན་ཚེ་དབང་རིག་འཛིན་པས་མཛད་པ་ལྡེབ། ༣༠༣ དེ་དང་རྗེས་འབྲེལ་པར་ཐེངས་འདིའི་སྐབས་ཉེར་མཁོའི་ཆོས་ཚན་གསར་བཞག་བྱས་པའི་མཚན་བྱང་ཟུར་ཐོ་རབ་གསལ་མེ་ལོང་དང་། ལུང་རྒྱུན་སྐོར་གསལ་བཤད་བཅས་ཞུ་དག་མཐའ་མ་པ་པད་བཀོད་སྒམ་པོའམ་དྭགས་པོ་སྤྲུལ་མིང་པས་བཀོད་པ་ལྡེབ།༡༣ སིདྡྷཾ་ནང་༽བརྒྱུད་གསུམ་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས་པ་བྱིན་རླབས་འདོད་འཇོ་ལྡེབ། ༢ དང་། གཏེར་བརྒྱའི་བླ་མཆོད་ཡིན།་་་རྩ་གསུམ་དགོངས་འདུས་བླ་མ་རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་གྱི་འཁོར་ལོ་སྒྲུབ་ཅིང་མཆོད་པའི་ཆོ་ག་དངོས་གྲུབ་འདོད་འཇོའི་དགའ་སྟོན་ལྡེབ། ༢༡ སྨན་མཆོད་ལྡེབ། ༡ རྩ་གསུམ་སྤྱི་ཡི་སྐོང་བསྡུས་ལྡེབ། ༤ ཚོགས་བསྡུས་ལྡེབ། ༡ དང་། ༈ བླ་མ་དགོངས་པ་འདུས་པའི་བརྒྱུད་འདེབས་དབང་བྱིན་ཆར་འབེབ་ལྡེབ། ༡ བླ་མ་དགོངས་པ་འདུས་པའི་སྐོང་ཆོག་ལས་བྱང་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཁྲིགས་སུ་བསྡེབས་པ་རིག་པ་འཛིན་པའི་ལམ་བཟང་ལྡེབ། ༧༨ གཏེར་གཞུང་ལས་བཏུས་ཛཔ྄་བསྐུལ་བསྡུས་པ་དང་ཛཔ྄་ཀྱི་སྔགས་བྱང་ལྡེབ། ༢ དང་། གསོལ་འདེབས་དང་མཎྜལ་བསྡུས་པ་ལྡེབ། ༢ བཀའ་སྲུང་གསོལ་བྱང་མི་ཕམ་རིན་པོ་ཆེ་དང་ཞེ་ཆེན་རྒྱལ་ཚབ་གསུང་ལྡེབ། ༡ ཐུགས་རྗེ་བསྐུལ་བའི་སྐྱབས་གསོལ་གཏེར་གཞུང་ལྡེབ། ༢ བཅས། བླ་མ་དགོངས་པ་འདུས་པའི་སྐོང་ཆོག་དང་འབྲེལ་བར་གཤིན་པོ་རྗེས་འཛིན་གནས་ལུང་གི་ཆོ་ག་ཐུགས་རྗེའི་ལྕགས་ཀྱུ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་ཁྲིགས་དང་གཤིན་སྒབ་གཅོད་པ་བཅས་ལྡེབ། ༨ གཏེར་གཞུང་ལས་ཕྱུང་གཤིན་བསྔོ་ལྡེབ། ༡ ༈ རྡོ་རྗེ་ཐེག་པའི་དམ་ཚིག་གི་ཉེས་ལྟུང་ཕྱིར་བཅོས་པའི་ཆོ་ག་རིག་འཛིན་དབུགས་དབྱུང་གི་ཐེག་ལེ་འཇམ་མགོན་རིན་པོ་ཆེའི་གསུང་ལྡེབ། ༨ ༈ མཆོག་གླིང་སྔགས་གསོའི་སྐོར་ལ།་་་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ལེའུ་བཅུ་བདུན་པ་ལས་གསུངས་པའི་རྩ་གཞུང་ལ་གཏེར་ཆེན་ཉིད་ཀྱི་མན་ངག་གིས་བརྒྱན་ནས་རྡོ་རྗེ་ཐེག་པ་སྔགས་ཀྱི་གསོ་སྦྱོང་བདུད་རྩིའི་རོལ་མཚོ་ཁྲིགས་བསྡེབས་ལྡེབ། ༧༡ སྔགས་ཀྱི་གསོ་སྦྱོང་དངོས་གཞིའི་ཉམས་ཆག་སྦྱོང་བའི་སྐབས་སུ་རིགས་དྲུག་གནས་སྦྱོང་བསྡུ་བར་འདོད་ན་བླ་མའི་ཞལ་ལུང་ལྟར་པདྨ་རང་གྲོལ་པས་བཀོད་པ་ལྡེབ། ༡ གསོ་སྦྱོང་གི་རེག་ཟིག་ཐེ་ཚོམ་ཀུན་སེལ་ཀརྨའི་མཁན་ཆེན་གསུང་ལྡེབ། ༤ སྔགས་ཀྱི་གསོ་སྦྱོང་དང་འབྲེལ་བའི་སྒྲུབ་ཆེན་བྱ་ཚུལ་འདོན་ཟིན་རེག་ཟིག་མཐོང་བས་ཁོང་ཆུད་གཏེར་སྲས་སྤྲུལ་སྐུ་ཚེ་དབང་བསྟན་འཕེལ་གསུང་ལྡེབ། ༥ རྡོ་རྗེ་ཐེག་པའི་སྔགས་ཀྱི་གསོ་སྦྱོང་བདུད་རྩིའི་རོལ་མཚོའི་སྨིན་བྱེད་འབོགས་པའི་མཚམས་སྦྱོར་ལག་ལེན་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་ལྡེབ། ༣ ༈ པད་གླིང་ཀློང་གསལ་ཞི་ཁྲོའི་སྔགས་གསོའི་སྐོར་ལ།་་་་ཀློང་གསལ་ཞི་ཁྲོའི་གསོལ་འདེབས་གཏེར་གཞུང་ལས་ཟུར་ཕྱུང་ལྡེབ། ༡ བླ་སྒྲུབ་ནོར་རྒྱམ་བརྒྱུད་འདེབས་ལྡེབ། ༡ དང་། ལས་བྱང་པདྨའི་ལྗོན་ཤིང་ཁྲིགས་སུ་བསྡེབས་པ་རིག་འཛིན་དགོངས་རྒྱན་ལྡེབ། ༡༩ བཅས་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུངས། ཟབ་གསང་རྡོ་རྗེ་ཐེག་པའི་སྔགས་ཀྱི་གསོ་སྦྱོང་ཡེ་ཤེས་ཆུ་རྒྱུན་རིག་འཛིན་ཁམས་གསུམ་ཡོངས་གྲོལ་གསུང་ལྡེབ། ༥༩ པད་གླིང་མགོན་པོ་སྡེ་བརྒྱད་གསོལ་བྱང་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་ལྡེབ། ༡ རྩ་གསུམ་སྐོང་གསོ་རིག་འཛིན་པདྨ་གླིང་པ་རང་གིས་མཛད་པའི་ནོར་རྒྱམ་ལས་བྱང་ལས་ཁོལ་དུ་ཕྱུང་བ་ལྡེབ། ༤ ༈ བདུད་འཇོམས་ཆོག་ཁྲིགས་ཀར་གླིང་ཞི་ཁྲོའི་སྔགས་གསོའི་སྐོར་ལ།་་་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་འབྲིང་པོའི་གཏེར་གཞུང་གསོལ་འདེབས་དུག་གསུམ་མ་སྤང་རང་གྲོལ་ལྡེབ། ༡ བླ་མ་བརྒྱུད་པའི་གསོལ་འདེབས་ཐུགས་དམ་གནད་བསྐུལ་བྱ་བྲལ་རིན་པོ་ཆེ་སངས་རྒྱས་རྡོ་རྗེས་མཛད་པ་ལྡེབ། ༢ གསང་ཆེན་སྔགས་ཀྱི་ཐེག་པའི་དམ་ཚིག་གསོ་སྦྱོང་གི་ཆོ་ག་ཀུན་ཏུ་བཟང་པོའི་དགོངས་རྒྱན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་ཁྲིགས་ལྡེབ། ༦༢ བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་གཏེར་གཞུང་ལྡེབ། ༩ བཤགས་རྒྱུད་ནས་ཁོལ་ཕྱུང་ཕྱག་བྱང་རྒྱས་བསྡུས་གཉིས་ལ་ལྡེབ།༡༤ སྤྲོས་པའི་ཚེ་ལྷན་ཐབས་གཏེར་གཞུང་ཀློང་བཤགས་སོགས་ནས་ཟུར་བཀོད་ལྡེབ། ༩ ཐེག་དགུའི་སྤྱི་སྐོང་རིག་འཛིན་འཇིགས་གླིང་དགོངས་གཏེར་རྡོ་རྗེའི་ཐོལ་གླུ་ལྡེབ། ༦ བཀའ་སྲུང་སྡེ་བདུན་གསོལ་བྱང་རྒྱས་པ་ལས་ཉེར་བསྡུས་ལྡེབ། ༡ དང་། གནས་ལུང་སྨིན་ལོའི་ཆོག་ཁྲིགས་ལས་བདུད་འཇོམས་རིན་པོ་ཆེས་ཟུར་བཀོལ་མཛད་པ་ལྡེབ། ༩ འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་གི་དོན་རྣམ་པར་བཤད་པ་བསྟན་པ་མི་ནུབ་པའིརྒྱལ་མཚན་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་པར་རྒྱལ་བའི་གསུང་ལྡེབ། ༡༠༤ བཅས་ལེགས་པར་བཞུགས་སོ།། ༈ དེ་ལྟར་བལ་ཡུལ་ཞེ་ཆེན་འཕྲུལ་ཡིག་པར་གསར་འདིར་སྔོན་མེད་ཉེར་མཁོ་གསར་འཛུད་ཆོས་ཚན་གྱི་སྐོར་ལ། དབང་ཆོག་གི་རིགས་སྔོན་ཆད་གཏན་མེད་རང་འདོད་ཀྱིས་མ་འོས་པ་བཞག་པ་ནི་མེད་ཀྱང་། སྟག་ཤམ་ཐུགས་སྒྲུབ་ཚེ་དབང་ཆོས་གླིང་གསུང་ཅན་དཔལ་སྤུངས་དཀར་ཆག་ནང་འཁོད་ལྟར་བཞག་པ་དང་། གཞན་མཁྱེན་བརྩེའི་དགོངས་གཏེར་མནྡཱ་རཿབའི་སྐོར་རྩ་གཞུང་དབང་ཆོག་བཅས་དིལ་མཁྱེན་རིན་པོ་ཆེས་ཞལ་སྐོང་མཛད་འཆར་དགོངས་པ་ལམ་ལུས་ལྟར་ཞལ་སྐོང་ཞུས་པ་དང་། དག་སྣང་མི་ཏྲའི་སྙིང་ཐིག་ཚེ་དཔག་དཀར་དམར་སྐོར་དབང་ཁྲིད་སོགས་རྩ་ལག་དང་། དགོངས་གཏེར་ཕག་དཀར་ཚེ་དབང་རྩ་ལག་རྣམས། རིན་ཆེན་གཏེར་མཛོད་ཆེན་པོར་མཁྱེན་བརྩེའི་བཀའ་བབས་བདུན་སྐོར་ཕལ་ཆེར་འཇོག་གནང་མཛད་པར། མ་ཚུད་པ་རང་གི་ཤེས་རྟོགས་སུ་གྱུར་པ་ལས་སྐལ་བཟང་པོས་དུས་སུ་རྙེད་པ་རྣམས་དཀྱུས་སུ་དོ་གལ་ཆེན་པོས་ཞལ་སབ་ཞུས་ཁུལ་ཡིན་ལ། གཞན་གསར་བཞག་གི་ལུང་རྒྱུན་སྐོར་ལ་སྤྱི་ཙམ་ཞུ་ན། སངས་རྒྱས་གླིང་པ། རྡོ་རྗེ་གླིང་པ། རཏྣ་གླིང་པ། ལྔ་པ་ཆེན་པོ། སྨིན་གླིང་གཏེར་ཆེན་དང་ལོ་ཆེན། རིག་འཛིན་ཀློང་གསལ་སྙིང་པོ། གནམ་ཆོས་ཆགས་མེད་གསུང་སྐོར། མཁྱེན་བརྩེའི་དབང་པོ། མཆོག་གྱུར་གླིང་པ། འཇམ་མགོན་བློ་གྲོས་མཐའ་ཡས། ཀརྨའི་མཁན་པོ་རིན་ཆེན་དར་རྒྱས། རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། འཇམ་དབྱངས་ཆོས་ཀྱི་བློ་གྲོས། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། དིལ་མཁྱེན་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་སོགས་ཡོངས་གྲགས་རྣམས་སོ་སོའི་གཏེར་ཆོས་དང་གསུང་འབུམ་གྱི་ལུང་རྒྱུན་ལྟར་འཚོལ་ཞིང་མཁྱེན་པར་བྱ་དགོས་ལ། གཞན་སྐབས་སུ་ཉེར་མཁོའི་ཡིག་ཆ་གསུང་རྒྱུན་ལྟར་བཀོད་པའི་རིགས་དང་། འགྲེས་བྱང་ཟློག་བྱང་སྔགས་བྱང་རྣམས་ནི་སྤྱིར་ཁུངས་སོ་སོའི་གཞུང་དུ་གསལ་བ་ལྟར་ཕ་ཆེར་ལགས་ཀྱང་ལུང་རྒྱུན་རྟོག་པ་ཞིབ་ན་དེ་ལྟར་སྡེབ་པ་པོ་ལས་གསན་དགོས་པར་འགྱུར། ཡང་དཀྱུས་ཀྱི་ཡིག་ཆུང་སོགས་ལས་ཞལ་འཕངས་ལྷན་ཐབས་ཕྱག་འཚལ་སྨོན་ལམ་བསྟོད་པ་སོགས་ཟུར་བཀོད་རྣམས་ཀྱང་ལུང་རྒྱུན་ཞིབ་ན་སོ་སོའི་ཁུངས་ལྟར་ལ། རགས་ན་གཞུང་གི་ཞལ་འཕངས་ཀྱིས་གསལ་བ་ལྟར་བཀླགས་ན་ཞལ་འཕངས་རིགས་འཚོལ་བའི་དཀའ་ཚེགས་ཀྱིས་སྣང་མེད་དུ་འཇོག་པ་ལས་དགོས་པ་ཆེ་ཞིང་ལེགས་ཙམ་འགྱུར་འགྲོ་སྙམ། སྤྱིར་ནི་བཀའ་བསྟན་དང་རྒྱུད་འབུམ། མཛོད་ཆེན་ལྔ། རྒྱུད་སྡེ་དང་སྒྲུབ་སྡེ་ཀུན་བཏུས། གཏེར་ཁ་སོ་སོ། བཀའ་འབུམ་རིགས་སོགས་གསན་རྒྱ་ཆེ་བས་ནི་བཀླགས་ན་ཕལ་ཆེར་དེ་རྣམས་ཀྱི་ཁུངས་སུ་འདུ་བས་ལུང་མེད་པར་བཀླག་པའི་ཉེས་པར་མི་འགྱུར་རོ་སྙམས་སོ་ཞུ། ངོས་སྨིན་གླིང་པའི་ཆོས་འབངས་པད་བཀོད་སྒམ་པོའམ་དྭགས་པོ་སྤྲུལ་སྐུར་འབོད་པ། ཞུ་དག་ཐ་མའི་འགན་འཕྲིའི་རང་ནུས་གང་ཡོད་ཀྱིས་ཞིབ་དཔྱད་སྐབས། སྔོན་མེད་ཆོས་ཚན་མང་ཙམ་ཞལ་སྐོང་ལྟ་བུ་བཞུགས་སུ་གསོལ་བ། དབང་ལུང་འཆད་སྤེལ་དང་སྒྲུབ་པ་ལག་ལེན་བྱེད་པོ་རྣམས་ལ་ཅུང་ཟད་ཕན་དུ་རེ་བའི་དགེ་བློའི་ལྷག་བསམ་གྱིས་བགྱིས་པ་ལ་དགེ་ཚོགས་འཕེལ་བར་གྱུར་ཅིག །རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་རྒྱལ་ཟླའི་ཚེས་༡༥བཟང་ལ་སྤེལ་བའོ། །བཀྲ་ཤིས་ཤོག། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).