Terdzo-SHI-009: Difference between revisions

From Rinchen Terdzö
(Created page with "{{UnderConstruction}} {{RTZ Metadata |classification=Tibetan Publications |subclass = Tibetan Texts |collectiontitle=Rin chen gter mdzod; Rin chen gter mdzod Shechen Edition |...")
 
No edit summary
 
(12 intermediate revisions by 2 users not shown)
Line 1: Line 1:
{{UnderConstruction}}
{{RTZ Metadata
{{RTZ Metadata
|classification=Tibetan Publications
|classification=Tibetan Publications
|subclass = Tibetan Texts
|subclass=Tibetan Texts
|pagename=Terdzo-SHI-009
|fulltitletib=དམ་ཆོས་ཀློང་གསལ་སྙིང་ཐིག་གི །ཆོས་སྤྱོད་ཡིད་བཞིན་ནོར་བུ་
|fulltitle=dam chos klong gsal snying thig gi_/chos spyod yid bzhin nor bu
|citation=[[rat+na gling pa]]. dam chos klong gsal snying thig gi chos spyod yid bzhin nor bu. In Rin chen gter mdzod chen mo pod nga bdun pa (The Great Treasury of Rediscovered Teachings Volume 57) by 'jam mgon kong sprul, 343-360. New Delhi: Shechen Publications, 2007-2016.
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitle=Rin chen gter mdzod; Rin chen gter mdzod Shechen Edition
|collectiontitletib=རིན་ཆེན་གཏེར་མཛོད་
|collectiontitletib=རིན་ཆེན་གཏེར་མཛོད་
|totalvolumes=70
|author=Rat+na gling pa
|sourcerevealer=Rat+na gling pa
|compiler='jam mgon kong sprul
|authortib=རཏྣ་གླིང་པ་
|sourcerevealertib=རཏྣ་གླིང་པ་
|compilertib=འཇམ་མགོན་ཀོང་སྤྲུལ་
|compilertib=འཇམ་མགོན་ཀོང་སྤྲུལ་
|compiler='jam mgon kong sprul
|tiblittype=Buddhist
|tibgenre=Revelations - gter ma
|tibgenre=Revelations - gter ma, Supplications - gsol 'debs, Descent of Blessings - byin 'bebs, Offerings and Praises - mchod bstod
|terma=Yes
|terma=Yes
|language = Tibetan
|rtzcategory=Atiyoga
|pagestatus=Temporary stub only
|cycle=rdzogs chen klong gsal snying thig gi chos skor
|volumenumber= 57
|cycletib=རྫོགས་ཆེན་ཀློང་གསལ་སྙིང་ཐིག་གི་ཆོས་སྐོར
|textnuminvol= 9
|language=Tibetan
}}{{Header}}
|volumenumber=57
 
|volnumtib=༥༧
|volyigtib=ཤི
|totalvolumes=70
|textnuminvol=9
|pagenumbers=343-360
|totalpages=18
|beginfolioline=1a1
|endfolioline=9b5
|totalfolios=9
|multivolumework=Yes
|rectonotes=chos spyod
|versonotes=gter mdzod rdzoD chen rat gling klong gsal snying thig
|colophontib=* '''First colophon page 354:''' ཀློང་གསལ་སྙིང་ཐིག་ཐུན་མོང་གི་སྔོན་འགྲོ་ཡིད་བཞིན་ནོར་བུ་ཞེས་བྱ་བ་གཏེར་སྟོན་རཏྣ་གླིང་པས་དཔལ་ཆོས་རྫོང་གི་དབེན་གནས་སུ་སྦྱར་བའོ
* '''Second colophon page 357:''' ཀློང་གསལ་སྙིང་ཐིག་གི་གསོལ་བ་འདེབས་པའི་རིམ་པ་འདི་ནི། ཀློང་ཡངས་ཅོག་གཞག་གི་རྣལ་འབྱོར་པ་རཏྣ་གླིང་པས་ཁྱི་ལོ་ཟླ་བ་ལྔ་པའི་ཚེས་དྲུག་ལ་དཔལ་ལྡན་གཞོང་ཁའི་དབེན་གནས་སུ་སྦྱར་པའོ།
* '''Third colophon page 360:''' ཀློང་གསལ་སྙིང་ཐིག་གི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ། ཁྱད་པར་དབང་དང་། མཆོག་ཏུ་རྩལ་དབང་དུས་སུ་གཅེས་པ་འདི་ཉིད། རེ་ཞིག་རང་གི་རིག་པ་དྭངས་པའི་དུས་སུ། གསོལ་བ་འདེབས་པ་ལ་ངེས་ཤེས་ཁྱད་པར་ཅན་སྐྱེ་དུས། ཨོ་རྒྱན་རིན་པོ་ཆེའི་གསུང་འཛིན་གཏེར་སྟོན་རིན་ཆེན་དཔལ་བཟང་པོས་སྦྱར་པའོ།།
|colophonwylie=* '''First colophon page 354:''' klong gsal snying thig thun mong gi sngon 'gro yid bzhin nor bu zhes bya ba gter ston rat+na gling pas dpal chos rdzong gi dben gnas su sbyar ba'o
* '''Second colophon page 357:''' klong gsal snying thig gi gsol ba 'debs pa'i rim pa 'di ni/_klong yangs cog gzhag gi rnal 'byor pa rat+na gling pas khyi lo zla ba lnga pa'i tshes drug la dpal ldan gzhong kha'i dben gnas su sbyar pa'o
* '''Third colophon page 360:''' klong gsal snying thig gi gsol 'debs byin rlabs sprin phung zhes bya ba/_khyad par dbang dang /_mchog tu rtsal dbang dus su gces pa 'di nyid/_re zhig rang gi rig pa dwangs pa'i dus su/_gsol ba 'debs pa la nges shes khyad par can skye dus/_o rgyan rin po che'i gsung 'dzin gter ston rin chen dpal bzang pos sbyar pa'o
|pdflink=File:Terdzo-SHI-009.pdf
|pagestatus=Phase I Complete
|pagecreationdate=6/20/20126
}}
{{Header}}
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
= Tibetan Text =
<div id='tibetan' class='tib-text'>
<div id='tibetan' class='tib-text'>
༄༅། །དམ་ཆོས་ཀློང་གསལ་སྙིང་ཐིག་གི །ཆོས་སྤྱོད་ཡིད་བཞིན་ནོར་བུ་བཞུགས་སོ། །
༄༅། །དམ་ཆོས་ཀློང་གསལ་སྙིང་ཐིག་གི །ཆོས་སྤྱོད་ཡིད་བཞིན་ནོར་བུ་བཞུགས་སོ། །
ཐུགས་རྗེའི་བདག་ཉིད་དཀོན་མཆོག་དྲུག་པོ་ལ། །བདག་ཅག་སྒོ་གསུམ་གུས་པས་ཕྱག་འཚལ་ནས། །སྐལ་ལྡན་ལམ་དུ་འཇུག་དོན་དུ། །ཆོས་སྤྱོད་རིམ་པ་བརྗོད་པར་བྱ། །དེ་ལ་བཞི་སྟེ། ཚེ་འདིའི་སྣང་བ་བློས་བཏང་ནས་ཐར་པ་དོན་དུ་གཉེར་བའི་ཕྱིར་ངེས་འབྱུང་བསྟན་པ་དང་། བློ་དཀོན་མཆོག་ལ་བཀལ་ཞིང་ཐེག་པ་ཆེན་པོའི་ལམ་དུ་འགྲོ་བའི་ཕྱིར་སྐྱབས་འགྲོ་དང་སེམས་བསྐྱེད་བསྟན་པ་དང་། འགལ་རྐྱེན་བར་ཆད་སེལ་ཞིང་མཐུན་རྐྱེན་ཚོགས་གཉིས་རྫོགས་པའི་ཕྱིར་མཎྜལ་དང་ཀུ་སུ་ལུའི་ཚོགས་གསོག་བསྟན་པ་དང་། སྒྲིབ་གསུམ་མྱུར་དུ་བྱང་ཞིང་སྐུ་གསུམ་འཆར་བའི་ཕྱིར་ཡི་གེ་བརྒྱ་པའི་སྒྲིབ་སྦྱོང་དང་བཞིའོ། །དང་པོ་ནི། ཡིད་ལ་འཐད་པའི་གནས་དེར་བདེ་བའི་སྟན་ལ་འདུག་སྟེ། དང་པོ་ཁོ་ན་ཆོས་ཐམས་ཅད་ཀྱི་སྔོན་འགྲོར། དལ་འབྱོར་རྙེད་པར་དཀའ་ཞིང་འཇིག་པར་སླ་བ། འཆི་བ་མི་རྟག་པ། རིགས་དྲུག་འཁོར་བའི་སྡུག་བསྔལ་རྣམས་ལ་ཁ་ཙམ་མ་ཡིན་པར། སྙིང་ལ་གནད་དུ་ཟུག་པ་རེ་སྒོམ་པ་ནི་གལ་ཆེ་སྟེ། འཁོར་བ་ནི་སྡུག་བསྔལ་གྱི་ལུ་གུ་རྒྱུད་དེ་ཐར་པའི་དུས་མེད་དེ། རིགས་དྲུག་རེ་རེའི་སྡུག་བསྔལ་ལ་བསམས་ཀྱང་སྙིང་བྱིལ་ན། འདི་རྣམས་ལས་ཐར་པའི་ཐབས་དམ་པའི་ཆོས་མིན་པ་ཅི་ཡང་མེད། ཆོས་ཀྱང་གཟོད་བྱ་ལོང་ཡོད་དུ་ལུས་ན། དུས་དེ་རིང་དང་སང་རང་ལ་འཆིའམ་ངེས་པ་མེད་དེ། ལེགས་པར་སོམས་ལ་དེ་རིང་ཁ་སྨིན་བཀྲ་ས་ལེ་བྱས་པའི་མི་ལ། སང་རོ་ཧམ་ནག་ཐུ་ལེ་བ་བྱུང་བ་གྲངས་མེད། དེ་རྣམས་ལ་ང་སང་འཆིའམ་བསམ་པ་ཡང་མེད་དེ། འབྱུང་བཞིའི་ལུས་ལ་བློ་གཏད་ཟན་ཟ་རིང་ཙམ་ཡང་མེད་ལ། དབུགས་རླངས་པ་ཙམ། དྲོད་མེ་སྟག་ཙམ། སྲོག་རྟ་རྔ་ཙམ་པ་འདི་སྐད་ཅིག་ལ་ཆད་པས་ཡ་ཆ་བ་ཡིན་ནོ། །ལེགས་པར་སོམས་ཤིག །སྔར་སྐྱེས་པ་ཐམས་ཅད་ཤི །ཕྱིས་འབྱུང་བ་ཐམས་ཅད་ཀྱང་ཤི། ད་ལྟ་ས་སྟེང་ན་གང་ཡོད་པ་ཐམས་ཅད་ཀྱང་བྲེང་ངེ་ཟག་པས་ཅོལ་ལེ་བ་ལ་འཆི། ན་སོ་ལ་རྒས་གཞོན་གང་ཡང་མེད། གཟུགས་བྱད་ལ་ལེགས་ཉེས་མེད། ངེས་པར་འཆི་ཞིང་ནམ་འཆི་ཡང་ཆ་མེད་དེ། ཉེ་བ་དང་ལབ་འཕྲོ། ལས་ཀྱི་བྱེད་འཕྲོ། གོས་ཀྱི་གོན་འཕྲོ། ཟས་ཀྱི་ཟ་འཕྲོ། ཉལ་མལ་འཕྲོ་དང་། ལུས་ཆས་ལུས་དང་བཅས་པ་བསྐྱུར་ནས་འགྲོ་དགོས་ཏེ། ཁོ་ཤི་ལོ། མོ་ཤི་ལོ་ཟེར་བའི་གཏམ་གྱི་རྗེས་ཞིག་མིན་པ་མེད་པར་ཐམས་ཅད་ཀྱི་དཀྱིལ་ནས་རང་གཅིག་པུ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་ལྟར་འགྲོ་དགོས་པའི་དུས་ཤིག་འབྱུང་བས་ཨ་རེ་རང་འཇིགས་ན། ཤི་བས་ཡང་མི་ཆོག་གར་འགྲོ་བའི་གནས་ནི་མེད། གནས་མལ་དང་མཐུན་རྐྱེན་གྲབས་སུ་ཚུད་པ་ནི་མེད། འགྲོ་ས་ནི་རིགས་དྲུག་ལས་མ་འདས་ཏེ། དེ་ཡང་དམྱལ་བར་སྐྱེས་ན་ནི་བསྐལ་པ་མང་པོར་ཐར་པའི་དུས་ནི་མེད། དམྱལ་ཁམས་སུ་མི་སྐྱེ་བའི་གདིང་ཚད་ཀྱང་བདག་ལ་ཅི་ཡོད། ད་ཚེ་འདིར་ཆོས་ཤིག་མེད་ན་འགྲོ་ས་ངན་སོང་ལས་འོས་མི་འདུག་པས། ད་ལྟ་ནས་ཚད་ནད་ཅན་སྐོམ་གྱིས་གདུང་བ་ལྟར་བརྩོན་འགྲུས་གཡེལ་བ་མེད་པར་དགེ་སྦྱོར་ལ་འབད་པར་བྱའོ། །དེ་ལྟར་ཐུན་གྱི་མགོ་ཐམས་ཅད་དུ་ལེགས་པར་བསམ་པར་བྱའོ།། །།གཉིས་པ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཁག་ཆེ་སྟེ། དེ་ཡང་གོང་གི་དུ་ཁ་དེ་རྣམས་ལས་སྐྱོབ་ནུས་པ་དཀོན་མཆོག་གསུམ་པོ་མིན་པ་མེད་པས། དོན་གྱི་དཀོན་མཆོག་གསུམ་འགྲོ་བ་ཡོངས་ལ་གནས་ཀྱང་ལས་ཀྱི་སྒྲིབ་པས་གདིང་དུ་མ་གྱུར་པས། མོས་པའི་སྣང་ངོར་མདུན་གྱི་ནམ་མཁར་སྐྱབས་གནས་ཐམས་ཅད་སྤྲིན་བཞིན་འཐིབས་པར་བསམ་ལ། རང་དང་ཕ་མས་གཙོར་བྱས་སེམས་ཅན་ཐམས་ཅད་དགྲ་མི་ཤ་བོ་བཙོན་དོང་ལས་ཐར་བར་འདོད་པ་ལྟ་བུའི་དད་པས་ཁ་ཙམ་མ་ཡིན་པར་བྱེད་པ་ཡིན་ནོ། །ན་མོ། བླ་མ་དཀོན་མཆོག་དྲུག་པོའི་ལྷ་ཚོགས་ལ། །བདག་དང་འགྲོ་དྲུག་སེམས་ཅན་མ་ལུས་ཀུན། །བྱང་ཆུབ་བར་དུ་ཕྱག་འཚལ་སྐྱབས་སུ་མཆི། །འདས་དང་མ་བྱོན་ད་ལྟ་དུས་གསུམ་དུ། །རྒྱུན་ཆད་མེད་པར་འགྲོ་ལ་དགོངས་མཛད་པའི། །སངས་རྒྱས་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཞི་བ་ཆགས་བྲལ་དོན་དམ་བདེན་པའི་ཆོས། །ཐེག་པ་གསུམ་གྱི་ཕྱིར་མི་ལྡོག་པའི་ལམ། །དམ་པའི་ཆོས་ལ་ཕྱག་འཚལ་སྐྱབས་སུ་མཆི། །མ་ནོར་ལམ་གནས་ཚོགས་མཆོག་ཀུན་གྱི་ཞིང་། །ཉོན་མོངས་དྲི་མས་རབ་དབེན་འཕགས་པའི་ཚོགས། །དགེ་འདུན་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །གསང་བ་བླ་མེད་དཀྱིལ་འཁོར་ཀུན་གྱི་གཙོ། །བླ་མ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཆོས་སྐུ་སྐྱེ་མེད་སྤྲོས་པའི་མཐའ་བྲལ་ཡང་། །འགྲོ་བའི་དོན་ཕྱིར་ཞི་དང་ཁྲོ་བོར་སྤྲུལ། །ཡི་དམ་ལྷ་ལ་ཕྱག་འཚལ་སྐྱབས་སུ་མཆི། །དག་པའི་གནས་ནས་བདེ་ཆེན་མཆོག་སྩོལ་ཞིང་། །དམ་ཚིག་ཅན་ལ་དངོས་གྲུབ་མཆོག་སྟེར་མ། །མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་མ། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཀྱེ་མ་མ་རིག་ལས་ཀྱིས་མནར་པའི་འགྲོ་བ་རྣམས། །བདེ་བ་འདོད་ཕྱིར་སྡུག་བསྔལ་ལས་ལ་སྤྱོད། །ཐབས་མི་མཁས་པའི་འགྲོ་རྣམས་སྙིང་རེ་རྗེ། །ཉོན་མོངས་ལས་སྒྲིབ་དག་པར་བྱིན་གྱིས་རློབས། །ཐར་མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་འདིར། །གཅིག་ནས་གཅིག་ཏུ་ཟོ་ཆུའི་འཁྱུད་མོ་བཞིན། །མཐའ་མེད་འཁོར་བའི་འགྲོ་རྣམས་སྙིང་རེ་རྗེ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །སྐྱེ་རྒ་ན་དང་འཆི་བའི་སྡུག་བསྔལ་རྣམས། །ཅི་ཙམ་མཐོང་ཡང་མི་འཇིགས་སྙིང་སྲན་ཅན། །ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ། །ཆོས་མེད་འགྲོ་རྣམས་སྟོང་ལོག་སྙིང་རེ་རྗེ། །སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །ཀྱེ་མ་ཀྱི་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྒྱལ་བ་ཁྱེད་ལ་བརྩེ་བའི་ཐུགས་མངའ་བས། །བདག་སོགས་རིགས་དྲུག་འཁོར་བའི་སྡུག་བསྔལ་ལས། །ད་ལྟ་ཉིད་དུ་ཐར་བར་བྱིན་གྱིས་རློབས། །ཞེས་ལན་གསུམ་མམ་བདུན་ལ་སོགས་པ་བྱས་པས། སྡོམ་པ་གསུམ་གྱི་རྟེན་དུ་རུང་བ་དང་། གནས་སྐབས་ཀྱི་བར་ཆད་དང་འཁོར་བའི་སྡུག་བསྔལ་ལས་སྐྱོབ། མུ་སྟེགས་ལ་སོགས་ལམ་ལོག་པར་མི་འགྲོ་སྟེ། ལམ་དམ་པའི་གཞིར་གྱུར་ནས་ཅི་བྱས་ཆོས་སུ་འགྲོ་བས་མཆོག་ཏུ་གཅེས་པའི་སྔོན་འགྲོ་ཡིན་ནོ། །སེམས་བསྐྱེད་པ་ནི་ཤེས་རབ་ཟབ་མོས་དོན་སྟོང་ཉིད་མངོན་དུ་གྱུར་ཀྱང་། ཐབས་མཁས་སྙིང་རྗེའི་སེམས་བསྐྱེད་མེད་ན་ཐེག་དམན་ཉན་རང་དུ་འགྲོ་བས། སྙིང་རྗེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། འགྲོ་དྲུག་གི་ཕ་མ་འདི་རྣམས་ལ་སྙིང་རྗེ་བཟོད་བླག་མེད་པ་བདག་གཞན་བརྗེ་ཕོད་པའི་ངང་ནས་རྩེ་གཅིག་ཏུ་འདི་སྐད་བྱའོ། །ན་མོ། འགྲོ་དྲུག་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དེང་ནས་གཟུང་སྟེ་བྱང་ཆུབ་མ་ཐོབ་བར། །བྱང་ཆུབ་སེམས་མཆོག་དམ་པ་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པའི་མཆོག་ཉིད་དང་། །སྡོམ་པ་ཡི་ནི་ལྷག་པའི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་མ་ལུས་སྡུད་པ་དང་། །འགྲོ་བ་སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་རྟག་ཏུ་བརྟན་པོར་གཟུང་བར་བགྱི། །འགྲོ་བ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་བརྟན་པོར་གཟུང་བར་བགྱི། །ལུས་དང་སྲོག་ལ་ལྟོས་པ་མེད་པར་ནི། ཁྱེད་ཀྱི་རྗེས་སུ་ཞུགས་ཤིང་བདག་སློབ་ན། །ཚད་མེད་ཐུགས་རྗེས་ཉེ་བར་དགོངས་ནས་ཀྱང་། །ཀུན་ནས་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད་པས་བླ་མེད་སྔགས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་འཇུག་ཅིང་ཐེག་པ་ཆེན་པོའི་གྲལ་དུ་འགྲོ་བའི་ཐབས་ཁྱད་པར་ཅན་ཡིན་ནོ།། །།གསུམ་པ་ཚོགས་གསག་པ་ནི། དང་པོ་ཕྱི་མཎྜལ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་གསག་སྟེ། དེ་ལ་རྟེན་བསྐྱེད་པ་ནི། ལག་གཡོན་དུ་མཎྜལ་ཐོགས་ཏེ། ཨོཾ་ཨཱཿཧཱུྃ་དང་སྭ་བྷཱ་ཝས་སྦྱངས་ཏེ། གཞལ་ཡས་ཁང་ཆེན་པོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པདྨ་འདབ་མ་སྟོང་དང་ལྡན་པའི་དབུས་སུ། རྩ་བའི་བླ་མ་ལ་བཀའ་བརྒྱུད་དཔག་ཏུ་མེད་པས་བསྐོར་བ། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱིས་བསྐོར་བར་བསམ་སྟེ། བཛྲ་ས་མ་ཡ་ཛཿ ཅེས་བརྗོད་པས་རྟེན་དེ་རྣམས་མདུན་གྱི་ནམ་མཁར་བཏེག །དེ་ནས་མཆོད་པའི་མཎྜལ་ཚོམ་བུ་བདུན་ནམ་བཅུ་གཅིག་ལ་སོགས་ཅི་རིགས་པ་སྤྱི་དང་མཐུན་པར་བཀོད་དེ། ཨོཾ་ཨཱཿཧཱུྃ། ཕྱི་ནང་སྣོད་བཅུད་སྟོང་གསུམ་གཞལ་ཡས་སུ། །རི་རབ་གླིང་བཅས་རྡུལ་སྙེད་མཆོད་སྤྲིན་གཏིབས། །ལྷ་མིའི་མཆོད་ཡོན་དཔག་མེད་ཇི་སྙེད་ཀུན། །བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་སྤྲུལ་སྐུའི་ཞིང་དུ་སྤྱོད་པར་ཤོག །རང་ལུས་རྩ་ཁམས་དག་པའི་གཞལ་ཡས་སུ། །དབང་པོ་རྣམ་ལྔ་བཀྲག་དང་མདངས་ཀྱིས་བརྒྱན། ཁམས་དང་སྐྱེ་མཆེད་ཡོངས་སུ་དག་པ་འདི། །བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་ལོངས་སྐུའི་ཞིང་དུ་སྤྱོད་པར་ཤོག །སེམས་ཉིད་ཆོས་སྐུ་དག་པའི་གཞལ་ཡས་སུ། །སྤྲོས་མེད་སྟོང་གསལ་འཛིན་མེད་ངང་དུ་གནས། །གདོད་ནས་དག་པ་སྤྲོས་བྲལ་གཉུག་མ་འདི། །བླ་མ་དཀོན་མཆོག་ཆོས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་ཆོས་སྐུའི་ཞིང་དུ་སྤྱོད་པར་ཤོག །ཨོཾ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་ཕུལ་བས་དངོས་པོ་ཀུན་ལ་ཞེན་པ་ཟློག་ཅིང་། གནས་སྐབས་སུ་ལོངས་སྤྱོད་འཕེལ། མཐར་ཐུག་ཞིང་དག་པར་སྐྱེ། རྒྱུ་བསོད་ནམས་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་མཆོག་ཏུ་འགྱུར་རོ། །ནང་ལུས་ལ་བརྟེན་ནས་ཀུ་སུ་ལུའི་ཚོགས་གསོག་ནི། བླ་མ་དཀོན་མཆོག་མཉེས་ནས་དངོས་གྲུབ་རྒྱུན་རིང་། ལུས་ཀྱི་གཅེས་འཛིན་ཐོང་བས་ལུས་ཕྱི་ནང་གི་བར་ཆད་ཞི། དེ་ལ་སོགས་པ་ཕན་ཡོན་དཔག་མེད་འབྱུང་བའི་གནད་ཡོད་དོ། །དེ་ཡང་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལུས་ཀྱི་ཚོགས་གསག་པར་བྱ་སྙམ་དུ་སེམས་བསྐྱེད་ལ། དེ་ནས་རང་གི་སེམས་ཉིད་འདི་རྡོ་རྗེ་རྣལ་འབྱོར་མར་གསལ་བ་དེ་ཕཊ་ཅེས་བརྗོད་པས། སྙིང་ག་ནས་སྤྱི་བོ་ལ་རྒྱང་གིས་ཐོན་རང་གི་མདུན་དུ་བྱུང་། ཀིཾ་གསུམ་ལས་མདུན་དུ་མི་མགོའི་སྒྱེད་པུ་ཆེན་པོ་གསུམ་བཙུགས། དེ་ནས་རྣལ་འབྱོར་མའི་ཕྱག་གཡས་པའི་གྲི་གུག་གིས་རང་གི་ཐོད་པ་སྨིན་མཚམས་ནས་རྦད་ཀྱིས་བྲེགས་ཏེ་ཐོད་སྒྱེད་སྟེང་དུ་བཀལ་ལ། དེ་ནས་གྲི་གུག་གིས་རང་གི་ལུས་ཤ་རུས་དབང་པོ་ཡན་ལག་ཐམས་ཅད་གཏུབས་ཏེ་བླུགས། ངག་ཏུ་ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས། འོག་ནས་ཡཾ་ལས་རླུང་གཡོས། རཾ་ལས་མེ་འབར། ཐོད་པའི་རྫས་ཁོལ། འབྲུ་གསུམ་བརྗོད་པས་གྲི་གུག་གིས་དཀྲུགས་པས། ཤ་ལྔ་བདུད་རྩི་ལྔའི་རང་བཞིན་དུ་དཀར་མེར་གྱིས་གྱུར་པར་བསམ། དེ་ནས་རྡོ་རྗེ་རྣལ་འབྱོར་མ་ལས་རྣལ་འབྱོར་མའི་ཚོགས་རང་འདྲ་བ། དཀར་མོ་དང་། སེར་མོ་དང་། དམར་མོ་དང་། མཐིང་ཁ་དང་། ལྗང་གུ་ལ་སོགས་དཔག་ཏུ་མེད་པ་འཕྲོས་ཏེ། དེ་རྣམས་ཀྱི་ཕྱག་ན་ཀ་པཱ་ལ་རེ་རེ་ཐོགས་ཏེ། བདུད་རྩིའི་རྒྱ་མཚོ་ཆེན་པོ་དེ་ནས་བཅུས་ཏེ། དང་པོ་ཕུད་ཀྱིས་བཀའ་བརྒྱུད་བླ་མ་རྣམས་མཆོད། དེ་ནས་ཡི་དམ་གྱི་ལྷ་ཚོགས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད། བར་པ་དེས་མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མ་ཐམས་ཅད་ཀྱི་ཐུགས་དམ་བསྐང་། ཐ་མ་དེས་ཀྱང་འགྲོ་བ་རིགས་དྲུག་གི་ལན་ཆགས་བུ་ལོན། སྔོན་ལས་འཕྲལ་རྐྱེན་ཐམས་ཅད་འཁོར། གཞན་ཡང་གདོན་བགེགས་འབྱུང་པོ། ཡུལ་ལྷ་གཞི་བདག་རྦོད་གཏོང་རྦད་འདྲེ། ཕུར་ཁ། ཐུན་ཟོར། སྲོག་གི་བར་ཆད་བྱེད་པ་ཐམས་ཅད་ངོམས་ཤིང་ཚིམས་པར་དགྱེས་པར་བསམ་ལ། དཀོན་མཆོག་རྣམས་མཉེས། མཁའ་འགྲོ་ཆོས་སྐྱོང་རྣམས་བསྐངས། རིགས་དྲུག་ལ་སོགས་མགྲོན་རྣམས་མགུ་ཞིང་ཚིམས་ནས། དགའ་ཞིང་བཀྲག་མདངས་དང་ལྡན་པར་བྱས་ཏེ་བཞད་ཏི་རི་རི་དགྱེས་པར་བསམ་ལ། འདོད་པའི་དོན་ལ་གསོལ་བ་བཏབ་ཅིང་བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ། དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ།། དེས་ནི་དཀོན་མཆོག་རྣམས་མཉེས་པས་དམ་ཚིག་ཉམས་ཆག་བསྐང་། མཁའ་འགྲོ་ཆོས་སྐྱོང་མཉེས་པས་ཕྱི་ནང་གི་བར་ཆད་སྲུང་། ལན་ཆགས་བུ་ལོན་འཁོར་བས་ལས་ཀྱི་སྒྲིབ་པ་དག་ཅིང་བདག་འཛིན་བློས་ཐོང་པས་སྣང་སྲིད་དབང་དུ་འདུས་ཏེ། ལྷ་འདྲེས་སྡོངས་གྲོགས་བྱེད་པས་ཤིན་ཏུ་ཟབ་པའི་ཚོགས་གསོག་ལ་འབད་དོ།། །།བཞི་པ་ཡི་གེ་བརྒྱ་པའི་སྒོམ་བཟླས་བྱ་སྟེ། དེ་ཡང་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱང་བ་རྣམས། དོན་ཆོས་སྐུ་བློ་འདས་ཀྱི་ངོ་བོ་ལ་བརྟན་པ་ཐོབ་པའི་དུས་ན། བསྲུང་བྱ་དང་སྲུང་བྱེད། སྦྱང་བྱ་དང་སྦྱོང་བྱེད་མེད་ཀྱང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་ནི་འདི་ཉིད་ཀྱིས་མཚམས་མེད་པ་ལྔའི་ལས་ཀྱང་སྐད་ཅིག་ལ་དག་ཅིང་འཁོར་བ་དོང་ནས་སྤྲུག་པའི་དོན་ནོ། །དེ་ཡང་རང་ཐ་མལ་པའི་སྤྱི་གཙུག་ཏུ་ཁྲུ་གང་ཙམ་གྱི་ནམ་མཁར་ཉི་ཟླ་པདྨའི་གདན་ལ་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཤེལ་འདྲ་བ་རྒྱལ་པོ་རོལ་པའི་སྟབས་ཀྱི་འདུག་སྟངས་ལྟ་བུ་ལ་དར་དང་རཏྣའི་རྒྱན་གྱིས་སྤྲས་པ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་ལྟེ་བར་ཧཱུྃ་ལ་ཡིག་བརྒྱས་བསྐོར་བར་བསམ། དེ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་ཀར་ཐིམ་བདུད་རྩིའི་རང་བཞིན་དུ་གྱུར། སྐུའི་ནང་ཐམས་ཅད་དྲི་མེད་ཡེ་ཤེས་ཀྱི་བདུད་རྩི་འོ་མ་ལྟ་བུས་གང་ནས་ཞབས་གཡས་པའི་མཐེ་བོང་ལས་ན་ར་ར་བབས། རང་གི་སྤྱི་བོ་ནས་རིམ་པར་བབ་ཅིང་ལུས་གང་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་དག་སྟེ་ནག་ནུར་གྱིས་རྐང་མཐིལ་དང་། བཤང་ལམ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཐོན་ཏེ་ས་རིམ་པ་དགུའི་འོག་ནས་མར་སོང་བར་བསམ་ཞིང་ཡིག་བརྒྱ་བཟླའོ། །དེ་ནས་སྣོད་བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའ་ལ་ཐིམ། རྡོ་རྗེ་སེམས་དཔའ་ཡིག་བརྒྱའི་དལ་ལ་ཐིམ། དལ་ཡང་སྤྱི་བོ་ནས་མར་ཐིམ་སྙིང་གར་སླེབ། མཐའ་ནས་དབུས་སུ་ཧཱུྃ་ལ་འདུས། ཧཱུྃ་བདུད་རྩི་དཀར་མེར་གྱིས་ཞུ། རང་ལུས་རྩ་ཁམས་ཐམས་ཅད་དྲི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་གཉིས་མེད་དུ་ཁྲུག་གིས་འདྲེས་པར་བསམ་ལ། མ་བཅོས་ཀ་དག་གི་ངང་ལ་དར་ཅིག་བཞག །དེ་ནས་བཤགས་ཚིག་ནར་མ་ལ་སོགས་བརྗོད་ཅིང་། ཉམས་ཆག་སྡིག་སྒྲིབ་ཐམས་ཅད་གཏན་ནས་དག་པར་ངེས་ཤེས་བསྐྱེད་དོ། །འདི་ནི་བླ་མེད་ནང་གི་ཉམས་ཆག་བསྐང་བའི་སྒྲིབ་སྦྱོང་ཁྱད་པར་ཅན་ཏེ། བསྐལ་པ་སྟོང་གི་ལས་སྒྲིབ་ཀྱང་དག་ཅིང་། དམ་ཚིག་ཉམས་ཆག་མཚམས་མེད་ལྔའི་ལས་ཀྱང་འདིས་དག་པར་འགྱུར་བའི་ཕྱིར་ན་རྣལ་འབྱོར་པས་བརྩོན་པར་བྱས་ན་འདི་ཉིད་རང་གིས་སངས་རྒྱས་འཐོབ་པར་འགྱུར་རོ། །ཀློང་གསལ་སྙིང་ཐིག་ཐུན་མོང་གི་སྔོན་འགྲོ་ཡིད་བཞིན་ནོར་བུ་ཞེས་བྱ་བ་གཏེར་སྟོན་རཏྣ་གླིང་པས་དཔལ་ཆོས་རྫོང་གི་དབེན་གནས་སུ་སྦྱར་བའོ།། །།  ༄༅། །ཀློང་གསལ་སྙིང་ཐིག་གི་གསོལ་འདེབས་ཡིད་བཞིན་ནོར་བུ་བཞུགས་སོ། །ཨོཾ་ཨཱཿཧཱུྃ། དམིགས་མེད་སྤྲོས་དང་བྲལ་བའི་ཕོ་བྲང་དུ། །རང་བཞིན་གདོད་ནས་རྣམ་དག་ཆོས་ཀྱི་སྐུ། །ཀུན་བཟང་ཡབ་ཡུམ་གཉིས་ལ་གསོལ་བ་འདེབས། །གདོད་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ལྷུན་གྲུབ་རྣམ་དག་འོད་ཀྱི་ཕོ་བྲང་དུ། །རིགས་ཀྱི་བདག་ཉིད་ཡེ་ཤེས་ལྔ་ཡི་ངང་། །ལོངས་སྐུ་ཞི་ཁྲོའི་ཚོགས་ལ་གསོལྎ སྐུ་ལྔ་ལྷུན་གྱིས་གྲུབ་པར་བྱིནྎ འོག་མིན་ཆོས་དབྱིངས་དག་པའི་གནས་མཆོག་ཏུ། །རྒྱལ་བ་སྐུ་བཞིའི་བདག་ཉིད་ཆོས་ཀྱི་རྒྱལ། །སྤྲུལ་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལྎ རང་བྱུང་ལྷུན་གྲུབ་རྟོགས་པར་བྱིནྎ བདེ་ཆེན་མངོན་པར་དགའ་བའི་ཞིང་ཁམས་སུ། །དུས་གསུམ་སངས་རྒྱས་ཐུགས་ཀྱི་གསང་བ་འཛིན། །སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལྎ སྐྱེ་འགག་སྤྲོས་དང་བྲལ་བར་བྱིནྎ དུར་ཁྲོད་མེ་རི་འབར་བའི་གནས་མཆོག་ཏུ། །དུས་གསུམ་སངས་རྒྱས་སྤྲུལ་པའི་མཆོག་གྱུར་པ། །རིག་འཛིན་དགའ་རབ་རྡོ་རྗེ་ལ་གསོལྎ སྒྱུ་ལུས་འོད་གསལ་གྲོལ་བར་བྱིནྎ རྩུབ་འགྱུར་སོ་ས་གླིང་གི་དུར་ཁྲོད་དུ། །མཐར་ཐུག་སྙིང་པོ་དོན་གྱི་མཛོད་འཛིན་པ། །མཁས་མཆོག་ཤྲཱི་སིཾ་ཧ་ལ་གསོལྎ སྣང་ཚད་མཐའ་རུ་ཕྱིན་པར་བྱིནྎ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ། །སྙིགས་དུས་འགྲོ་བའི་སྐྱབས་མགོན་ཐུགས་རྗེ་ཅན། །ཨོ་རྒྱན་པདྨ་ཡབ་ཡུམ་ལ་གསོལྎ རིག་པའི་རྩལ་དབང་ཐོབ་པར་བྱིནྎ ཆོས་འཁོར་བདེ་ཆེན་གླིང་གི་དབེན་གནས་སུ། །ཚེ་གཅིག་ཐར་པའི་ལམ་འདྲེན་ཐུགས་རྗེ་ཅན། །སྤྲུལ་སྐུ་རཏྣ་གླིང་པ་ལ་གསོལྎ སྐུ་གསུམ་རང་ངོ་ཤེས་པར་བྱིནྎ ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་གནས། །སྨོན་ལམ་ལས་འཕྲོ་ལྡན་པའི་ཕོ་བྲང་ནས། །དྲིན་ཆེན་གུ་རུ་བློ་གྲོས་ལ་གསོལྎ བདག་གཞན་དོན་གཉིས་འགྲུབ་པར་བྱིནྎ རང་ལུས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །སྐྱབས་འོས་དམ་པ་འཇིག་རྟེན་གསུམ་གྱི་རྗེ། །རྩ་བའི་བླ་མ་རྣམས་ལ་གསོལྎ མོས་གུས་གཏིང་ནས་སྐྱེ་བར་བྱིནྎ བྲག་དམར་རི་མོ་ཅན་གྱི་གཏེར་གནས་སུ། །ཚེ་གཅིག་རྡོ་རྗེའི་སྐུ་འགྲུབ་སྙིང་པོའི་མཆོག །དམ་ཆོས་ཀློང་གསལ་སྙིང་ཐིག་ལ་གསོལྎ གདོས་བཅས་འོད་དུ་ཡལ་བར་བྱིནྎ རང་ལུས་ལྷུན་གྲུབ་རྒྱལ་བའི་དཀྱིལ་འཁོར་དུ། །ཡེ་ནས་རང་བྱུང་ཁྱབ་གདལ་ཆེན་པོའི་ངང་། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ་གསོལྎ སྣང་སྟོང་ཟུང་འཇུག་རྟོགས་པར་བྱིནྎ ཉི་ཤུ་རྩ་བཞི་མཁའ་འགྲོའི་གནས་མཆོག་ཏུ། །དམ་ཚིག་ཅན་ལ་དངོས་གྲུབ་མཆོག་སྟེར་མ། །ཆོས་བདག་མཁའ་འགྲོ་སྡེ་ལྔ་ལ་གསོལྎ བདེ་སྟོང་ཟུང་འཇུག་རྟོགས་པར་བྱིནྎ རང་བཞིན་དམ་ཚིག་གཉན་པོའི་བཀའ་འཁོར་དུ། །ཕྱི་ནང་བར་ཆད་སེལ་ཞིང་བདུད་དཔུང་འཇོམས། །བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལྎ རྐྱེན་ངན་བར་ཆད་ཞི་བར་བྱིནྎ གར་བཞུགས་རང་སྣང་དག་པའི་གནས་མཆོག་ཏུ། །ཚེ་འདི་བློས་བཏང་ས་ལམ་སྐད་ཅིག་བགྲོད། །མཆེད་གྲོགས་ཆོས་མཛད་རྣམས་ལ་གསོལྎ སྒྲུབ་པའི་རྒྱལ་ས་ཟིན་པར་བྱིནྎ ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས། །ཉམས་སྣང་གོང་དུ་འཕེལ་བར་བྱིནྎ རིག་པ་ཚད་ལ་ཕེབས་པར་བྱིནྎ ཆོས་ཉིད་ཟད་སར་སྐྱོལ་བར་བྱིན་གྱིས་རློབས། །བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལྎ ཕྲིན་ལས་དར་ཞིང་རྒྱས་པར་གསོལྎ རྟག་ཏུ་འདུ་འབྲལ་མེད་པར་བྱིན་གྱིས་རློབས། །གསོལ་འདེབས་ཡིད་བཞིན་ནོར་བུ་ཞེས་བྱ་བ། ཀློང་གསལ་སྙིང་ཐིག་གི་གསོལ་བ་འདེབས་པའི་རིམ་པ་འདི་ནི། ཀློང་ཡངས་ཅོག་གཞག་གི་རྣལ་འབྱོར་པ་རཏྣ་གླིང་པས་ཁྱི་ལོ་ཟླ་བ་ལྔ་པའི་ཚེས་དྲུག་ལ་དཔལ་ལྡན་གཞོང་ཁའི་དབེན་གནས་སུ་སྦྱར་པའོ།། །།  ༄༅། །ཀློང་གསལ་སྙིང་ཐིག་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས་སོ། །ན་མོ་གུ་རུ་སིདྡྷི་ཧཱུྃ་ཧྲཱིཿ ཨོཾ་ཨཱཿཧཱུྃ། ཐོག་མའི་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཀ་དག་སྤྲོས་བྲལ་གདོད་མའི་གཞི་དབྱིངས་སུ། །ད་ལྟ་ཉིད་དུ་གྲོལ་བར་བྱིན་གྱིས་རློབས། །ལྷུན་གྲུབ་རང་གསལ་ལོངས་སྐུ་ཞི་ཁྲོ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཡེ་ཤེས་ལྔ་ལྡན་ཟག་མེད་འོད་ཀྱི་ལུས། །ཚེ་འདི་ཉིད་ལ་འགྲུབ་པར་བྱིནྎ ཐུགས་རྗེ་སྤྲུལ་སྐུ་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །གཟུང་འཛིན་མཚན་མ་དག་པའི་ཆོས་ཀྱི་དབྱིངས། །ད་ལྟ་ཉིད་དུ་བགྲོད་པར་བྱིནྎ སྐུ་གསུམ་ངོ་བོ་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །རང་བྱུང་ཡེ་ཤེས་འགྱུར་མེད་རྡོ་རྗེའི་སྐུ། །མྱུར་བ་ཉིད་དུ་འགྲུབ་པར་བྱིནྎ རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེ་ལ། །གསོལ་བྎ གདོས་བཅས་ཕུང་པོ་ཟག་མེད་འོད་ལུས་སུ། །ཚེ་འདི་ཉིད་ལ་འགྲུབ་པར་བྱིནྎ མཁས་པ་ཆེན་པོ་ཤྲཱི་སིཾ་ཧ་ལ། །གསོལ་བྎ སྣང་ཚད་བཞི་པོ་ཆོས་ཉིད་ཟད་པའི་མཐར། །ད་ལྟ་ཉིད་དུ་ཕྱིན་པར་བྱིནྎ འགྲོ་བའི་མགོན་པོ་པདྨ་འབྱུང་གནས་ལ། །གསོལ་བྎ མི་འགྱུར་རྡོ་རྗེ་འོད་གསལ་འཕོ་ཆེན་སྐུ། །སྐད་ཅིག་ཉིད་ལ་འགྲུབ་པར་བྱིནྎ མ་གཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ། །གསོལ་བྎ ཟག་མེད་བདེ་སྟོང་སྐྱེ་ཤི་མེད་པའི་ལུས། །ད་ལྟ་ཉིད་དུ་འགྲུབ་པར་བྱིནྎ བཀའ་དྲིན་མཉམ་མེད་རཏྣ་གླིང་པ་ལ། །གསོལ་བྎ ཉམས་རྟོགས་ཡོན་ཏན་སྟོང་དང་སྙིང་རྗེ་མཆོག །ཐུན་མཚམས་འདི་ལ་འཆར་བར་བྱིནྎ སྤྲུལ་སྐུས་རྗེས་བཟུང་གུ་རུ་བློ་གྲོས་ལ། །གསོལ་བྎ ཆོས་ཉིད་མངོན་སུམ་འོད་གསལ་སྙིང་པོ་ལམ། །ད་ལྟ་ཉིད་དུ་མཐོང་བར་བྱིནྎ སྙིང་པོའི་ཆོས་མཆོག་ཀློང་གསལ་སྙིང་ཐིག་ལ། །གསོལ་བྎ ངོ་བོ་རང་བཞིན་ཐུགས་རྗེའི་ནང་དབྱིངས་སུ། །ཚེ་འདི་ཉིད་ལ་གྲོལ་བར་བྱིནྎ གང་ལ་གང་འདུལ་ཐུགས་རྗེའི་ལྷ་ཚོགས་ལ། །གསོལ་བྎ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །ཚེ་འདི་ཉིད་ལ་ཐོབ་པར་བྱིནྎ བདེ་སྟོང་བྱིན་རླབས་མཁའ་འགྲོའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །འགྲོ་བའི་དོན་དུ་ཕྲིན་ལས་རྣམ་པ་བཞི། །དུས་འདི་ཉིད་ལ་འགྲུབ་པར་བྱིནྎ བསྟན་པ་སྲུང་མཛད་བཀའ་སྲུང་དམ་ཅན་ལ། །གསོལ་བྎ བྱང་ཆུབ་སྒྲུབ་པའི་རྐྱེན་ངན་བར་ཆད་རྣམས། །ད་ལྟ་ཉིད་དུ་ཞི་བར་བྱིནྎ དམ་ཚིག་ལྡན་པའི་མཆེད་གྲོགས་ཆོས་མཛད་ལ། །གསོལ་བྎ སྒྲུབ་བརྒྱུད་བསྟན་པ་ཕྱོགས་དུས་ཐམས་ཅད་དུ། །དུས་འདི་ཉིད་ནས་དར་བར་བྱིནྎ རྩ་བ་བརྒྱུད་པའི་བླ་མ་ཁྱེད་རྣམས་ལ། །རབ་གུས་གདུང་བ་ཆེན་པོས་གསོལ་འདེབས་ན། །ད་ལྟ་སྟན་ཐོག་ཐུན་མཚམས་དུས་འདི་རུ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །རིགས་དྲུག་སྡུག་བསྔལ་འཁྲུལ་པའི་གྲོང་ཁྱེར་དུ། །ནམ་ཡང་ཐར་མེད་ལས་ཀྱིས་མནར་པ་ལ། །བརྩེ་ཆེན་ཁྱེད་རྣམས་ཐུགས་རྗེའི་ལྕགས་ཀྱུ་ཡིས། །ད་ལྟ་ཉིད་དུ་འདྲེན་པར་མཛད་དུ་གསོལ། །མི་རྟག་འཆི་བ་སྙིང་ནས་དྲན་པ་ཡིས། །རྟག་ཏུ་བླ་མ་མཉེས་གསུམ་སྒྲུབ་པ་དང་། །ཡོན་ཏན་རྟོགས་པ་ཡར་ངོའི་ཟླ་བ་ལྟར། །གོང་ནས་གོང་དུ་འཕེལ་བར་བྱིན་གྱིས་རློབས། །མི་མེད་ལུང་སྟོང་དབེན་པའི་རི་ཁྲོད་དུ། །ཅིས་ཀྱང་དགོས་མེད་ཞེན་ལོག་བརྟེན་པ་ཡིས། ཁྲེགས་ཆོད་ཐོད་རྒལ་ཟུང་དུ་འཇུག་པ་དང་། །ཉིན་མཚན་ཆོས་ཉིད་འདའ་བར་བྱིན་གྱིས་རློབས། །དབང་བཞི་ཟབ་མོའི་དོན་ལ་ངེས་ཐོབ་ནས། །དགའ་བཞི་ཉམས་མྱོང་བདེ་སྟོང་ཟུང་འཇུག་ཅིང་། །སྟོང་དང་སྙིང་རྗེ་རྟོགས་པ་ཟུང་འབྲེལ་བས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཀྱེ་མ་ཀྱི་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྒྱལ་བ་ཁྱེད་ལ་བརྩེ་བའི་ཐུགས་མངའ་བས། །བདག་སོགས་རིགས་དྲུག་འཁོར་བའི་སྡུག་བསྔལ་ལས། །ད་ལྟ་ཉིད་དུ་ཐར་བར་མཛད་དུ་གསོལ། །བདག་ཉིད་སྡུག་བསྔལ་རྒྱ་མཚོར་གཏན་འཁྱམས་ན། །ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བྱ། །འདི་ལ་བརྩེ་ཆེན་ཐུགས་རྗེའི་ཕྱག་རྐྱོངས་ལ། །ད་ལྟ་ཉིད་དུ་འདྲེན་པར་མཛད་དུ་གསོལ། །ཚེ་འདིར་བྱང་ཆུབ་སྒྲུབ་པར་བྱེད་པ་ལ། །བར་ཆད་སྡུག་བསྔལ་ནམ་ཡང་མི་འབྱུང་ཞིང་། །ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པ་རུ། །ཐུགས་རྗེ་ལྡན་པ་རྣམས་ཀྱིས་མཛད་དུ་གསོལ། །ཀློང་གསལ་སྙིང་ཐིག་གི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ། ཁྱད་པར་དབང་དང་། མཆོག་ཏུ་རྩལ་དབང་དུས་སུ་གཅེས་པ་འདི་ཉིད། རེ་ཞིག་རང་གི་རིག་པ་དྭངས་པའི་དུས་སུ། གསོལ་བ་འདེབས་པ་ལ་ངེས་ཤེས་ཁྱད་པར་ཅན་སྐྱེ་དུས། ཨོ་རྒྱན་རིན་པོ་ཆེའི་གསུང་འཛིན་གཏེར་སྟོན་རིན་ཆེན་དཔལ་བཟང་པོས་སྦྱར་པའོ།། །།
ཐུགས་རྗེའི་བདག་ཉིད་དཀོན་མཆོག་དྲུག་པོ་ལ། །བདག་ཅག་སྒོ་གསུམ་གུས་པས་ཕྱག་འཚལ་ནས། །སྐལ་ལྡན་ལམ་དུ་འཇུག་དོན་དུ། །ཆོས་སྤྱོད་རིམ་པ་བརྗོད་པར་བྱ། །དེ་ལ་བཞི་སྟེ། ཚེ་འདིའི་སྣང་བ་བློས་བཏང་ནས་ཐར་པ་དོན་དུ་གཉེར་བའི་ཕྱིར་ངེས་འབྱུང་བསྟན་པ་དང་། བློ་དཀོན་མཆོག་ལ་བཀལ་ཞིང་ཐེག་པ་ཆེན་པོའི་ལམ་དུ་འགྲོ་བའི་ཕྱིར་སྐྱབས་འགྲོ་དང་སེམས་བསྐྱེད་བསྟན་པ་དང་། འགལ་རྐྱེན་བར་ཆད་སེལ་ཞིང་མཐུན་རྐྱེན་ཚོགས་གཉིས་རྫོགས་པའི་ཕྱིར་མཎྜལ་དང་ཀུ་སུ་ལུའི་ཚོགས་གསོག་བསྟན་པ་དང་། སྒྲིབ་གསུམ་མྱུར་དུ་བྱང་ཞིང་སྐུ་གསུམ་འཆར་བའི་ཕྱིར་ཡི་གེ་བརྒྱ་པའི་སྒྲིབ་སྦྱོང་དང་བཞིའོ། །དང་པོ་ནི། ཡིད་ལ་འཐད་པའི་གནས་དེར་བདེ་བའི་སྟན་ལ་འདུག་སྟེ། དང་པོ་ཁོ་ན་ཆོས་ཐམས་ཅད་ཀྱི་སྔོན་འགྲོར། དལ་འབྱོར་རྙེད་པར་དཀའ་ཞིང་འཇིག་པར་སླ་བ། འཆི་བ་མི་རྟག་པ། རིགས་དྲུག་འཁོར་བའི་སྡུག་བསྔལ་རྣམས་ལ་ཁ་ཙམ་མ་ཡིན་པར། སྙིང་ལ་གནད་དུ་ཟུག་པ་རེ་སྒོམ་པ་ནི་གལ་ཆེ་སྟེ། འཁོར་བ་ནི་སྡུག་བསྔལ་གྱི་ལུ་གུ་རྒྱུད་དེ་ཐར་པའི་དུས་མེད་དེ། རིགས་དྲུག་རེ་རེའི་སྡུག་བསྔལ་ལ་བསམས་ཀྱང་སྙིང་བྱིལ་ན། འདི་རྣམས་ལས་ཐར་པའི་ཐབས་དམ་པའི་ཆོས་མིན་པ་ཅི་ཡང་མེད། ཆོས་ཀྱང་གཟོད་བྱ་ལོང་ཡོད་དུ་ལུས་ན། དུས་དེ་རིང་དང་སང་རང་ལ་འཆིའམ་ངེས་པ་མེད་དེ། ལེགས་པར་སོམས་ལ་དེ་རིང་ཁ་སྨིན་བཀྲ་ས་ལེ་བྱས་པའི་མི་ལ། སང་རོ་ཧམ་ནག་ཐུ་ལེ་བ་བྱུང་བ་གྲངས་མེད། དེ་རྣམས་ལ་ང་སང་འཆིའམ་བསམ་པ་ཡང་མེད་དེ། འབྱུང་བཞིའི་ལུས་ལ་བློ་གཏད་ཟན་ཟ་རིང་ཙམ་ཡང་མེད་ལ། དབུགས་རླངས་པ་ཙམ། དྲོད་མེ་སྟག་ཙམ། སྲོག་རྟ་རྔ་ཙམ་པ་འདི་སྐད་ཅིག་ལ་ཆད་པས་ཡ་ཆ་བ་ཡིན་ནོ། །ལེགས་པར་སོམས་ཤིག །སྔར་སྐྱེས་པ་ཐམས་ཅད་ཤི །ཕྱིས་འབྱུང་བ་ཐམས་ཅད་ཀྱང་ཤི། ད་ལྟ་ས་སྟེང་ན་གང་ཡོད་པ་ཐམས་ཅད་ཀྱང་བྲེང་ངེ་ཟག་པས་ཅོལ་ལེ་བ་ལ་འཆི། ན་སོ་ལ་རྒས་གཞོན་གང་ཡང་མེད། གཟུགས་བྱད་ལ་ལེགས་ཉེས་མེད། ངེས་པར་འཆི་ཞིང་ནམ་འཆི་ཡང་ཆ་མེད་དེ། ཉེ་བ་དང་ལབ་འཕྲོ། ལས་ཀྱི་བྱེད་འཕྲོ། གོས་ཀྱི་གོན་འཕྲོ། ཟས་ཀྱི་ཟ་འཕྲོ། ཉལ་མལ་འཕྲོ་དང་། ལུས་ཆས་ལུས་དང་བཅས་པ་བསྐྱུར་ནས་འགྲོ་དགོས་ཏེ། ཁོ་ཤི་ལོ། མོ་ཤི་ལོ་ཟེར་བའི་གཏམ་གྱི་རྗེས་ཞིག་མིན་པ་མེད་པར་ཐམས་ཅད་ཀྱི་དཀྱིལ་ནས་རང་གཅིག་པུ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་ལྟར་འགྲོ་དགོས་པའི་དུས་ཤིག་འབྱུང་བས་ཨ་རེ་རང་འཇིགས་ན། ཤི་བས་ཡང་མི་ཆོག་གར་འགྲོ་བའི་གནས་ནི་མེད། གནས་མལ་དང་མཐུན་རྐྱེན་གྲབས་སུ་ཚུད་པ་ནི་མེད། འགྲོ་ས་ནི་རིགས་དྲུག་ལས་མ་འདས་ཏེ། དེ་ཡང་དམྱལ་བར་སྐྱེས་ན་ནི་བསྐལ་པ་མང་པོར་ཐར་པའི་དུས་ནི་མེད། དམྱལ་ཁམས་སུ་མི་སྐྱེ་བའི་གདིང་ཚད་ཀྱང་བདག་ལ་ཅི་ཡོད། ད་ཚེ་འདིར་ཆོས་ཤིག་མེད་ན་འགྲོ་ས་ངན་སོང་ལས་འོས་མི་འདུག་པས། ད་ལྟ་ནས་ཚད་ནད་ཅན་སྐོམ་གྱིས་གདུང་བ་ལྟར་བརྩོན་འགྲུས་གཡེལ་བ་མེད་པར་དགེ་སྦྱོར་ལ་འབད་པར་བྱའོ། །དེ་ལྟར་ཐུན་གྱི་མགོ་ཐམས་ཅད་དུ་ལེགས་པར་བསམ་པར་བྱའོ།། །།གཉིས་པ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཁག་ཆེ་སྟེ། དེ་ཡང་གོང་གི་དུ་ཁ་དེ་རྣམས་ལས་སྐྱོབ་ནུས་པ་དཀོན་མཆོག་གསུམ་པོ་མིན་པ་མེད་པས། དོན་གྱི་དཀོན་མཆོག་གསུམ་འགྲོ་བ་ཡོངས་ལ་གནས་ཀྱང་ལས་ཀྱི་སྒྲིབ་པས་གདིང་དུ་མ་གྱུར་པས། མོས་པའི་སྣང་ངོར་མདུན་གྱི་ནམ་མཁར་སྐྱབས་གནས་ཐམས་ཅད་སྤྲིན་བཞིན་འཐིབས་པར་བསམ་ལ། རང་དང་ཕ་མས་གཙོར་བྱས་སེམས་ཅན་ཐམས་ཅད་དགྲ་མི་ཤ་བོ་བཙོན་དོང་ལས་ཐར་བར་འདོད་པ་ལྟ་བུའི་དད་པས་ཁ་ཙམ་མ་ཡིན་པར་བྱེད་པ་ཡིན་ནོ། །ན་མོ། བླ་མ་དཀོན་མཆོག་དྲུག་པོའི་ལྷ་ཚོགས་ལ། །བདག་དང་འགྲོ་དྲུག་སེམས་ཅན་མ་ལུས་ཀུན། །བྱང་ཆུབ་བར་དུ་ཕྱག་འཚལ་སྐྱབས་སུ་མཆི། །འདས་དང་མ་བྱོན་ད་ལྟ་དུས་གསུམ་དུ། །རྒྱུན་ཆད་མེད་པར་འགྲོ་ལ་དགོངས་མཛད་པའི། །སངས་རྒྱས་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཞི་བ་ཆགས་བྲལ་དོན་དམ་བདེན་པའི་ཆོས། །ཐེག་པ་གསུམ་གྱི་ཕྱིར་མི་ལྡོག་པའི་ལམ། །དམ་པའི་ཆོས་ལ་ཕྱག་འཚལ་སྐྱབས་སུ་མཆི། །མ་ནོར་ལམ་གནས་ཚོགས་མཆོག་ཀུན་གྱི་ཞིང་། །ཉོན་མོངས་དྲི་མས་རབ་དབེན་འཕགས་པའི་ཚོགས། །དགེ་འདུན་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །གསང་བ་བླ་མེད་དཀྱིལ་འཁོར་ཀུན་གྱི་གཙོ། །བླ་མ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཆོས་སྐུ་སྐྱེ་མེད་སྤྲོས་པའི་མཐའ་བྲལ་ཡང་། །འགྲོ་བའི་དོན་ཕྱིར་ཞི་དང་ཁྲོ་བོར་སྤྲུལ། །ཡི་དམ་ལྷ་ལ་ཕྱག་འཚལ་སྐྱབས་སུ་མཆི། །དག་པའི་གནས་ནས་བདེ་ཆེན་མཆོག་སྩོལ་ཞིང་། །དམ་ཚིག་ཅན་ལ་དངོས་གྲུབ་མཆོག་སྟེར་མ། །མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་མ། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཀྱེ་མ་མ་རིག་ལས་ཀྱིས་མནར་པའི་འགྲོ་བ་རྣམས། །བདེ་བ་འདོད་ཕྱིར་སྡུག་བསྔལ་ལས་ལ་སྤྱོད། །ཐབས་མི་མཁས་པའི་འགྲོ་རྣམས་སྙིང་རེ་རྗེ། །ཉོན་མོངས་ལས་སྒྲིབ་དག་པར་བྱིན་གྱིས་རློབས། །ཐར་མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་འདིར། །གཅིག་ནས་གཅིག་ཏུ་ཟོ་ཆུའི་འཁྱུད་མོ་བཞིན། །མཐའ་མེད་འཁོར་བའི་འགྲོ་རྣམས་སྙིང་རེ་རྗེ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །སྐྱེ་རྒ་ན་དང་འཆི་བའི་སྡུག་བསྔལ་རྣམས། །ཅི་ཙམ་མཐོང་ཡང་མི་འཇིགས་སྙིང་སྲན་ཅན། །ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ། །ཆོས་མེད་འགྲོ་རྣམས་སྟོང་ལོག་སྙིང་རེ་རྗེ། །སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །ཀྱེ་མ་ཀྱི་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྒྱལ་བ་ཁྱེད་ལ་བརྩེ་བའི་ཐུགས་མངའ་བས། །བདག་སོགས་རིགས་དྲུག་འཁོར་བའི་སྡུག་བསྔལ་ལས། །ད་ལྟ་ཉིད་དུ་ཐར་བར་བྱིན་གྱིས་རློབས། །ཞེས་ལན་གསུམ་མམ་བདུན་ལ་སོགས་པ་བྱས་པས། སྡོམ་པ་གསུམ་གྱི་རྟེན་དུ་རུང་བ་དང་། གནས་སྐབས་ཀྱི་བར་ཆད་དང་འཁོར་བའི་སྡུག་བསྔལ་ལས་སྐྱོབ། མུ་སྟེགས་ལ་སོགས་ལམ་ལོག་པར་མི་འགྲོ་སྟེ། ལམ་དམ་པའི་གཞིར་གྱུར་ནས་ཅི་བྱས་ཆོས་སུ་འགྲོ་བས་མཆོག་ཏུ་གཅེས་པའི་སྔོན་འགྲོ་ཡིན་ནོ། །སེམས་བསྐྱེད་པ་ནི་ཤེས་རབ་ཟབ་མོས་དོན་སྟོང་ཉིད་མངོན་དུ་གྱུར་ཀྱང་། ཐབས་མཁས་སྙིང་རྗེའི་སེམས་བསྐྱེད་མེད་ན་ཐེག་དམན་ཉན་རང་དུ་འགྲོ་བས། སྙིང་རྗེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། འགྲོ་དྲུག་གི་ཕ་མ་འདི་རྣམས་ལ་སྙིང་རྗེ་བཟོད་བླག་མེད་པ་བདག་གཞན་བརྗེ་ཕོད་པའི་ངང་ནས་རྩེ་གཅིག་ཏུ་འདི་སྐད་བྱའོ། །ན་མོ། འགྲོ་དྲུག་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དེང་ནས་གཟུང་སྟེ་བྱང་ཆུབ་མ་ཐོབ་བར། །བྱང་ཆུབ་སེམས་མཆོག་དམ་པ་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པའི་མཆོག་ཉིད་དང་། །སྡོམ་པ་ཡི་ནི་ལྷག་པའི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་མ་ལུས་སྡུད་པ་དང་། །འགྲོ་བ་སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་རྟག་ཏུ་བརྟན་པོར་གཟུང་བར་བགྱི། །འགྲོ་བ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་བརྟན་པོར་གཟུང་བར་བགྱི། །ལུས་དང་སྲོག་ལ་ལྟོས་པ་མེད་པར་ནི། ཁྱེད་ཀྱི་རྗེས་སུ་ཞུགས་ཤིང་བདག་སློབ་ན། །ཚད་མེད་ཐུགས་རྗེས་ཉེ་བར་དགོངས་ནས་ཀྱང་། །ཀུན་ནས་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད་པས་བླ་མེད་སྔགས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་འཇུག་ཅིང་ཐེག་པ་ཆེན་པོའི་གྲལ་དུ་འགྲོ་བའི་ཐབས་ཁྱད་པར་ཅན་ཡིན་ནོ།། །།གསུམ་པ་ཚོགས་གསག་པ་ནི། དང་པོ་ཕྱི་མཎྜལ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་གསག་སྟེ། དེ་ལ་རྟེན་བསྐྱེད་པ་ནི། ལག་གཡོན་དུ་མཎྜལ་ཐོགས་ཏེ། ཨོཾ་ཨཱཿཧཱུྃ་དང་སྭ་བྷཱ་ཝས་སྦྱངས་ཏེ། གཞལ་ཡས་ཁང་ཆེན་པོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པདྨ་འདབ་མ་སྟོང་དང་ལྡན་པའི་དབུས་སུ། རྩ་བའི་བླ་མ་ལ་བཀའ་བརྒྱུད་དཔག་ཏུ་མེད་པས་བསྐོར་བ། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱིས་བསྐོར་བར་བསམ་སྟེ། བཛྲ་ས་མ་ཡ་ཛཿ ཅེས་བརྗོད་པས་རྟེན་དེ་རྣམས་མདུན་གྱི་ནམ་མཁར་བཏེག །དེ་ནས་མཆོད་པའི་མཎྜལ་ཚོམ་བུ་བདུན་ནམ་བཅུ་གཅིག་ལ་སོགས་ཅི་རིགས་པ་སྤྱི་དང་མཐུན་པར་བཀོད་དེ། ཨོཾ་ཨཱཿཧཱུྃ། ཕྱི་ནང་སྣོད་བཅུད་སྟོང་གསུམ་གཞལ་ཡས་སུ། །རི་རབ་གླིང་བཅས་རྡུལ་སྙེད་མཆོད་སྤྲིན་གཏིབས། །ལྷ་མིའི་མཆོད་ཡོན་དཔག་མེད་ཇི་སྙེད་ཀུན། །བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་སྤྲུལ་སྐུའི་ཞིང་དུ་སྤྱོད་པར་ཤོག །རང་ལུས་རྩ་ཁམས་དག་པའི་གཞལ་ཡས་སུ། །དབང་པོ་རྣམ་ལྔ་བཀྲག་དང་མདངས་ཀྱིས་བརྒྱན། ཁམས་དང་སྐྱེ་མཆེད་ཡོངས་སུ་དག་པ་འདི། །བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་ལོངས་སྐུའི་ཞིང་དུ་སྤྱོད་པར་ཤོག །སེམས་ཉིད་ཆོས་སྐུ་དག་པའི་གཞལ་ཡས་སུ། །སྤྲོས་མེད་སྟོང་གསལ་འཛིན་མེད་ངང་དུ་གནས། །གདོད་ནས་དག་པ་སྤྲོས་བྲལ་གཉུག་མ་འདི། །བླ་མ་དཀོན་མཆོག་ཆོས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་ཆོས་སྐུའི་ཞིང་དུ་སྤྱོད་པར་ཤོག །ཨོཾ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་ཕུལ་བས་དངོས་པོ་ཀུན་ལ་ཞེན་པ་ཟློག་ཅིང་། གནས་སྐབས་སུ་ལོངས་སྤྱོད་འཕེལ། མཐར་ཐུག་ཞིང་དག་པར་སྐྱེ། རྒྱུ་བསོད་ནམས་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་མཆོག་ཏུ་འགྱུར་རོ། །ནང་ལུས་ལ་བརྟེན་ནས་ཀུ་སུ་ལུའི་ཚོགས་གསོག་ནི། བླ་མ་དཀོན་མཆོག་མཉེས་ནས་དངོས་གྲུབ་རྒྱུན་རིང་། ལུས་ཀྱི་གཅེས་འཛིན་ཐོང་བས་ལུས་ཕྱི་ནང་གི་བར་ཆད་ཞི། དེ་ལ་སོགས་པ་ཕན་ཡོན་དཔག་མེད་འབྱུང་བའི་གནད་ཡོད་དོ། །དེ་ཡང་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལུས་ཀྱི་ཚོགས་གསག་པར་བྱ་སྙམ་དུ་སེམས་བསྐྱེད་ལ། དེ་ནས་རང་གི་སེམས་ཉིད་འདི་རྡོ་རྗེ་རྣལ་འབྱོར་མར་གསལ་བ་དེ་ཕཊ་ཅེས་བརྗོད་པས། སྙིང་ག་ནས་སྤྱི་བོ་ལ་རྒྱང་གིས་ཐོན་རང་གི་མདུན་དུ་བྱུང་། ཀིཾ་གསུམ་ལས་མདུན་དུ་མི་མགོའི་སྒྱེད་པུ་ཆེན་པོ་གསུམ་བཙུགས། དེ་ནས་རྣལ་འབྱོར་མའི་ཕྱག་གཡས་པའི་གྲི་གུག་གིས་རང་གི་ཐོད་པ་སྨིན་མཚམས་ནས་རྦད་ཀྱིས་བྲེགས་ཏེ་ཐོད་སྒྱེད་སྟེང་དུ་བཀལ་ལ། དེ་ནས་གྲི་གུག་གིས་རང་གི་ལུས་ཤ་རུས་དབང་པོ་ཡན་ལག་ཐམས་ཅད་གཏུབས་ཏེ་བླུགས། ངག་ཏུ་ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས། འོག་ནས་ཡཾ་ལས་རླུང་གཡོས། རཾ་ལས་མེ་འབར། ཐོད་པའི་རྫས་ཁོལ། འབྲུ་གསུམ་བརྗོད་པས་གྲི་གུག་གིས་དཀྲུགས་པས། ཤ་ལྔ་བདུད་རྩི་ལྔའི་རང་བཞིན་དུ་དཀར་མེར་གྱིས་གྱུར་པར་བསམ། དེ་ནས་རྡོ་རྗེ་རྣལ་འབྱོར་མ་ལས་རྣལ་འབྱོར་མའི་ཚོགས་རང་འདྲ་བ། དཀར་མོ་དང་། སེར་མོ་དང་། དམར་མོ་དང་། མཐིང་ཁ་དང་། ལྗང་གུ་ལ་སོགས་དཔག་ཏུ་མེད་པ་འཕྲོས་ཏེ། དེ་རྣམས་ཀྱི་ཕྱག་ན་ཀ་པཱ་ལ་རེ་རེ་ཐོགས་ཏེ། བདུད་རྩིའི་རྒྱ་མཚོ་ཆེན་པོ་དེ་ནས་བཅུས་ཏེ། དང་པོ་ཕུད་ཀྱིས་བཀའ་བརྒྱུད་བླ་མ་རྣམས་མཆོད། དེ་ནས་ཡི་དམ་གྱི་ལྷ་ཚོགས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད། བར་པ་དེས་མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མ་ཐམས་ཅད་ཀྱི་ཐུགས་དམ་བསྐང་། ཐ་མ་དེས་ཀྱང་འགྲོ་བ་རིགས་དྲུག་གི་ལན་ཆགས་བུ་ལོན། སྔོན་ལས་འཕྲལ་རྐྱེན་ཐམས་ཅད་འཁོར། གཞན་ཡང་གདོན་བགེགས་འབྱུང་པོ། ཡུལ་ལྷ་གཞི་བདག་རྦོད་གཏོང་རྦད་འདྲེ། ཕུར་ཁ། ཐུན་ཟོར། སྲོག་གི་བར་ཆད་བྱེད་པ་ཐམས་ཅད་ངོམས་ཤིང་ཚིམས་པར་དགྱེས་པར་བསམ་ལ། དཀོན་མཆོག་རྣམས་མཉེས། མཁའ་འགྲོ་ཆོས་སྐྱོང་རྣམས་བསྐངས། རིགས་དྲུག་ལ་སོགས་མགྲོན་རྣམས་མགུ་ཞིང་ཚིམས་ནས། དགའ་ཞིང་བཀྲག་མདངས་དང་ལྡན་པར་བྱས་ཏེ་བཞད་ཏི་རི་རི་དགྱེས་པར་བསམ་ལ། འདོད་པའི་དོན་ལ་གསོལ་བ་བཏབ་ཅིང་བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ། དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ།། དེས་ནི་དཀོན་མཆོག་རྣམས་མཉེས་པས་དམ་ཚིག་ཉམས་ཆག་བསྐང་། མཁའ་འགྲོ་ཆོས་སྐྱོང་མཉེས་པས་ཕྱི་ནང་གི་བར་ཆད་སྲུང་། ལན་ཆགས་བུ་ལོན་འཁོར་བས་ལས་ཀྱི་སྒྲིབ་པ་དག་ཅིང་བདག་འཛིན་བློས་ཐོང་པས་སྣང་སྲིད་དབང་དུ་འདུས་ཏེ། ལྷ་འདྲེས་སྡོངས་གྲོགས་བྱེད་པས་ཤིན་ཏུ་ཟབ་པའི་ཚོགས་གསོག་ལ་འབད་དོ།། །།བཞི་པ་ཡི་གེ་བརྒྱ་པའི་སྒོམ་བཟླས་བྱ་སྟེ། དེ་ཡང་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱང་བ་རྣམས། དོན་ཆོས་སྐུ་བློ་འདས་ཀྱི་ངོ་བོ་ལ་བརྟན་པ་ཐོབ་པའི་དུས་ན། བསྲུང་བྱ་དང་སྲུང་བྱེད། སྦྱང་བྱ་དང་སྦྱོང་བྱེད་མེད་ཀྱང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་ནི་འདི་ཉིད་ཀྱིས་མཚམས་མེད་པ་ལྔའི་ལས་ཀྱང་སྐད་ཅིག་ལ་དག་ཅིང་འཁོར་བ་དོང་ནས་སྤྲུག་པའི་དོན་ནོ། །དེ་ཡང་རང་ཐ་མལ་པའི་སྤྱི་གཙུག་ཏུ་ཁྲུ་གང་ཙམ་གྱི་ནམ་མཁར་ཉི་ཟླ་པདྨའི་གདན་ལ་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཤེལ་འདྲ་བ་རྒྱལ་པོ་རོལ་པའི་སྟབས་ཀྱི་འདུག་སྟངས་ལྟ་བུ་ལ་དར་དང་རཏྣའི་རྒྱན་གྱིས་སྤྲས་པ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་ལྟེ་བར་ཧཱུྃ་ལ་ཡིག་བརྒྱས་བསྐོར་བར་བསམ། དེ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་ཀར་ཐིམ་བདུད་རྩིའི་རང་བཞིན་དུ་གྱུར། སྐུའི་ནང་ཐམས་ཅད་དྲི་མེད་ཡེ་ཤེས་ཀྱི་བདུད་རྩི་འོ་མ་ལྟ་བུས་གང་ནས་ཞབས་གཡས་པའི་མཐེ་བོང་ལས་ན་ར་ར་བབས། རང་གི་སྤྱི་བོ་ནས་རིམ་པར་བབ་ཅིང་ལུས་གང་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་དག་སྟེ་ནག་ནུར་གྱིས་རྐང་མཐིལ་དང་། བཤང་ལམ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཐོན་ཏེ་ས་རིམ་པ་དགུའི་འོག་ནས་མར་སོང་བར་བསམ་ཞིང་ཡིག་བརྒྱ་བཟླའོ། །དེ་ནས་སྣོད་བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའ་ལ་ཐིམ། རྡོ་རྗེ་སེམས་དཔའ་ཡིག་བརྒྱའི་དལ་ལ་ཐིམ། དལ་ཡང་སྤྱི་བོ་ནས་མར་ཐིམ་སྙིང་གར་སླེབ། མཐའ་ནས་དབུས་སུ་ཧཱུྃ་ལ་འདུས། ཧཱུྃ་བདུད་རྩི་དཀར་མེར་གྱིས་ཞུ། རང་ལུས་རྩ་ཁམས་ཐམས་ཅད་དྲི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་གཉིས་མེད་དུ་ཁྲུག་གིས་འདྲེས་པར་བསམ་ལ། མ་བཅོས་ཀ་དག་གི་ངང་ལ་དར་ཅིག་བཞག །དེ་ནས་བཤགས་ཚིག་ནར་མ་ལ་སོགས་བརྗོད་ཅིང་། ཉམས་ཆག་སྡིག་སྒྲིབ་ཐམས་ཅད་གཏན་ནས་དག་པར་ངེས་ཤེས་བསྐྱེད་དོ། །འདི་ནི་བླ་མེད་ནང་གི་ཉམས་ཆག་བསྐང་བའི་སྒྲིབ་སྦྱོང་ཁྱད་པར་ཅན་ཏེ། བསྐལ་པ་སྟོང་གི་ལས་སྒྲིབ་ཀྱང་དག་ཅིང་། དམ་ཚིག་ཉམས་ཆག་མཚམས་མེད་ལྔའི་ལས་ཀྱང་འདིས་དག་པར་འགྱུར་བའི་ཕྱིར་ན་རྣལ་འབྱོར་པས་བརྩོན་པར་བྱས་ན་འདི་ཉིད་རང་གིས་སངས་རྒྱས་འཐོབ་པར་འགྱུར་རོ། །ཀློང་གསལ་སྙིང་ཐིག་ཐུན་མོང་གི་སྔོན་འགྲོ་ཡིད་བཞིན་ནོར་བུ་ཞེས་བྱ་བ་གཏེར་སྟོན་རཏྣ་གླིང་པས་དཔལ་ཆོས་རྫོང་གི་དབེན་གནས་སུ་སྦྱར་བའོ།། །།  ༄༅། །ཀློང་གསལ་སྙིང་ཐིག་གི་གསོལ་འདེབས་ཡིད་བཞིན་ནོར་བུ་བཞུགས་སོ། །ཨོཾ་ཨཱཿཧཱུྃ། དམིགས་མེད་སྤྲོས་དང་བྲལ་བའི་ཕོ་བྲང་དུ། །རང་བཞིན་གདོད་ནས་རྣམ་དག་ཆོས་ཀྱི་སྐུ། །ཀུན་བཟང་ཡབ་ཡུམ་གཉིས་ལ་གསོལ་བ་འདེབས། །གདོད་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ལྷུན་གྲུབ་རྣམ་དག་འོད་ཀྱི་ཕོ་བྲང་དུ། །རིགས་ཀྱི་བདག་ཉིད་ཡེ་ཤེས་ལྔ་ཡི་ངང་། ལོངས་སྐུ་ཞི་ཁྲོའི་ཚོགས་ལ་གསོལ༴ སྐུ་ལྔ་ལྷུན་གྱིས་གྲུབ་པར་བྱིན༴ འོག་མིན་ཆོས་དབྱིངས་དག་པའི་གནས་མཆོག་ཏུ། །རྒྱལ་བ་སྐུ་བཞིའི་བདག་ཉིད་ཆོས་ཀྱི་རྒྱལ། །སྤྲུལ་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ༴ རང་བྱུང་ལྷུན་གྲུབ་རྟོགས་པར་བྱིན༴ བདེ་ཆེན་མངོན་པར་དགའ་བའི་ཞིང་ཁམས་སུ། །དུས་གསུམ་སངས་རྒྱས་ཐུགས་ཀྱི་གསང་བ་འཛིན། །སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ༴ སྐྱེ་འགག་སྤྲོས་དང་བྲལ་བར་བྱིན༴ དུར་ཁྲོད་མེ་རི་འབར་བའི་གནས་མཆོག་ཏུ། །དུས་གསུམ་སངས་རྒྱས་སྤྲུལ་པའི་མཆོག་གྱུར་པ། །རིག་འཛིན་དགའ་རབ་རྡོ་རྗེ་ལ་གསོལ༴ སྒྱུ་ལུས་འོད་གསལ་གྲོལ་བར་བྱིན༴ རྩུབ་འགྱུར་སོ་ས་གླིང་གི་དུར་ཁྲོད་དུ། །མཐར་ཐུག་སྙིང་པོ་དོན་གྱི་མཛོད་འཛིན་པ། །མཁས་མཆོག་ཤྲཱི་སིཾ་ཧ་ལ་གསོལ༴ སྣང་ཚད་མཐའ་རུ་ཕྱིན་པར་བྱིན༴ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ། །སྙིགས་དུས་འགྲོ་བའི་སྐྱབས་མགོན་ཐུགས་རྗེ་ཅན། །ཨོ་རྒྱན་པདྨ་ཡབ་ཡུམ་ལ་གསོལ༴ རིག་པའི་རྩལ་དབང་ཐོབ་པར་བྱིན༴ ཆོས་འཁོར་བདེ་ཆེན་གླིང་གི་དབེན་གནས་སུ། །ཚེ་གཅིག་ཐར་པའི་ལམ་འདྲེན་ཐུགས་རྗེ་ཅན། །སྤྲུལ་སྐུ་རཏྣ་གླིང་པ་ལ་གསོལ༴ སྐུ་གསུམ་རང་ངོ་ཤེས་པར་བྱིན༴ ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་གནས། །སྨོན་ལམ་ལས་འཕྲོ་ལྡན་པའི་ཕོ་བྲང་ནས། །དྲིན་ཆེན་གུ་རུ་བློ་གྲོས་ལ་གསོལ༴ བདག་གཞན་དོན་གཉིས་འགྲུབ་པར་བྱིན༴ རང་ལུས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །སྐྱབས་འོས་དམ་པ་འཇིག་རྟེན་གསུམ་གྱི་རྗེ། །རྩ་བའི་བླ་མ་རྣམས་ལ་གསོལ༴ མོས་གུས་གཏིང་ནས་སྐྱེ་བར་བྱིན༴ བྲག་དམར་རི་མོ་ཅན་གྱི་གཏེར་གནས་སུ། །ཚེ་གཅིག་རྡོ་རྗེའི་སྐུ་འགྲུབ་སྙིང་པོའི་མཆོག །དམ་ཆོས་ཀློང་གསལ་སྙིང་ཐིག་ལ་གསོལ༴ གདོས་བཅས་འོད་དུ་ཡལ་བར་བྱིན༴ རང་ལུས་ལྷུན་གྲུབ་རྒྱལ་བའི་དཀྱིལ་འཁོར་དུ། །ཡེ་ནས་རང་བྱུང་ཁྱབ་གདལ་ཆེན་པོའི་ངང་། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ་གསོལ༴ སྣང་སྟོང་ཟུང་འཇུག་རྟོགས་པར་བྱིན༴ ཉི་ཤུ་རྩ་བཞི་མཁའ་འགྲོའི་གནས་མཆོག་ཏུ། །དམ་ཚིག་ཅན་ལ་དངོས་གྲུབ་མཆོག་སྟེར་མ། །ཆོས་བདག་མཁའ་འགྲོ་སྡེ་ལྔ་ལ་གསོལ༴ བདེ་སྟོང་ཟུང་འཇུག་རྟོགས་པར་བྱིན༴ རང་བཞིན་དམ་ཚིག་གཉན་པོའི་བཀའ་འཁོར་དུ། །ཕྱི་ནང་བར་ཆད་སེལ་ཞིང་བདུད་དཔུང་འཇོམས། །བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ༴ རྐྱེན་ངན་བར་ཆད་ཞི་བར་བྱིན༴ གར་བཞུགས་རང་སྣང་དག་པའི་གནས་མཆོག་ཏུ། །ཚེ་འདི་བློས་བཏང་ས་ལམ་སྐད་ཅིག་བགྲོད། །མཆེད་གྲོགས་ཆོས་མཛད་རྣམས་ལ་གསོལ༴ སྒྲུབ་པའི་རྒྱལ་ས་ཟིན་པར་བྱིན༴ ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས། །ཉམས་སྣང་གོང་དུ་འཕེལ་བར་བྱིན༴ རིག་པ་ཚད་ལ་ཕེབས་པར་བྱིན༴ ཆོས་ཉིད་ཟད་སར་སྐྱོལ་བར་བྱིན་གྱིས་རློབས། །བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ༴ ཕྲིན་ལས་དར་ཞིང་རྒྱས་པར་གསོལ༴ རྟག་ཏུ་འདུ་འབྲལ་མེད་པར་བྱིན་གྱིས་རློབས། །གསོལ་འདེབས་ཡིད་བཞིན་ནོར་བུ་ཞེས་བྱ་བ། ཀློང་གསལ་སྙིང་ཐིག་གི་གསོལ་བ་འདེབས་པའི་རིམ་པ་འདི་ནི། ཀློང་ཡངས་ཅོག་གཞག་གི་རྣལ་འབྱོར་པ་རཏྣ་གླིང་པས་ཁྱི་ལོ་ཟླ་བ་ལྔ་པའི་ཚེས་དྲུག་ལ་དཔལ་ལྡན་གཞོང་ཁའི་དབེན་གནས་སུ་སྦྱར་པའོ།། །།  ༄༅། །ཀློང་གསལ་སྙིང་ཐིག་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས་སོ། །ན་མོ་གུ་རུ་སིདྡྷི་ཧཱུྃ་ཧྲཱིཿ ཨོཾ་ཨཱཿཧཱུྃ། ཐོག་མའི་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཀ་དག་སྤྲོས་བྲལ་གདོད་མའི་གཞི་དབྱིངས་སུ། །ད་ལྟ་ཉིད་དུ་གྲོལ་བར་བྱིན་གྱིས་རློབས། །ལྷུན་གྲུབ་རང་གསལ་ལོངས་སྐུ་ཞི་ཁྲོ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཡེ་ཤེས་ལྔ་ལྡན་ཟག་མེད་འོད་ཀྱི་ལུས། །ཚེ་འདི་ཉིད་ལ་འགྲུབ་པར་བྱིན༴ ཐུགས་རྗེ་སྤྲུལ་སྐུ་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །གཟུང་འཛིན་མཚན་མ་དག་པའི་ཆོས་ཀྱི་དབྱིངས། །ད་ལྟ་ཉིད་དུ་བགྲོད་པར་བྱིན༴ སྐུ་གསུམ་ངོ་བོ་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །རང་བྱུང་ཡེ་ཤེས་འགྱུར་མེད་རྡོ་རྗེའི་སྐུ། །མྱུར་བ་ཉིད་དུ་འགྲུབ་པར་བྱིན༴ རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེ་ལ། །གསོལ་བ༴ གདོས་བཅས་ཕུང་པོ་ཟག་མེད་འོད་ལུས་སུ། །ཚེ་འདི་ཉིད་ལ་འགྲུབ་པར་བྱིན༴ མཁས་པ་ཆེན་པོ་ཤྲཱི་སིཾ་ཧ་ལ། །གསོལ་བ༴ སྣང་ཚད་བཞི་པོ་ཆོས་ཉིད་ཟད་པའི་མཐར། །ད་ལྟ་ཉིད་དུ་ཕྱིན་པར་བྱིན༴ འགྲོ་བའི་མགོན་པོ་པདྨ་འབྱུང་གནས་ལ། །གསོལ་བ༴ མི་འགྱུར་རྡོ་རྗེ་འོད་གསལ་འཕོ་ཆེན་སྐུ། །སྐད་ཅིག་ཉིད་ལ་འགྲུབ་པར་བྱིན༴ མ་གཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ། །གསོལ་བ༴ ཟག་མེད་བདེ་སྟོང་སྐྱེ་ཤི་མེད་པའི་ལུས། །ད་ལྟ་ཉིད་དུ་འགྲུབ་པར་བྱིན༴ བཀའ་དྲིན་མཉམ་མེད་རཏྣ་གླིང་པ་ལ། །གསོལ་བ༴ ཉམས་རྟོགས་ཡོན་ཏན་སྟོང་དང་སྙིང་རྗེ་མཆོག །ཐུན་མཚམས་འདི་ལ་འཆར་བར་བྱིན༴ སྤྲུལ་སྐུས་རྗེས་བཟུང་གུ་རུ་བློ་གྲོས་ལ། །གསོལ་བ༴ ཆོས་ཉིད་མངོན་སུམ་འོད་གསལ་སྙིང་པོ་ལམ། །ད་ལྟ་ཉིད་དུ་མཐོང་བར་བྱིན༴ སྙིང་པོའི་ཆོས་མཆོག་ཀློང་གསལ་སྙིང་ཐིག་ལ། །གསོལ་བ༴ ངོ་བོ་རང་བཞིན་ཐུགས་རྗེའི་ནང་དབྱིངས་སུ། །ཚེ་འདི་ཉིད་ལ་གྲོལ་བར་བྱིན༴ གང་ལ་གང་འདུལ་ཐུགས་རྗེའི་ལྷ་ཚོགས་ལ། །གསོལ་བ༴ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །ཚེ་འདི་ཉིད་ལ་ཐོབ་པར་བྱིན༴ བདེ་སྟོང་བྱིན་རླབས་མཁའ་འགྲོའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །འགྲོ་བའི་དོན་དུ་ཕྲིན་ལས་རྣམ་པ་བཞི། །དུས་འདི་ཉིད་ལ་འགྲུབ་པར་བྱིན༴ བསྟན་པ་སྲུང་མཛད་བཀའ་སྲུང་དམ་ཅན་ལ། །གསོལ་བ༴ བྱང་ཆུབ་སྒྲུབ་པའི་རྐྱེན་ངན་བར་ཆད་རྣམས། །ད་ལྟ་ཉིད་དུ་ཞི་བར་བྱིན༴ དམ་ཚིག་ལྡན་པའི་མཆེད་གྲོགས་ཆོས་མཛད་ལ། །གསོལ་བ༴ སྒྲུབ་བརྒྱུད་བསྟན་པ་ཕྱོགས་དུས་ཐམས་ཅད་དུ། །དུས་འདི་ཉིད་ནས་དར་བར་བྱིན༴ རྩ་བ་བརྒྱུད་པའི་བླ་མ་ཁྱེད་རྣམས་ལ། །རབ་གུས་གདུང་བ་ཆེན་པོས་གསོལ་འདེབས་ན། །ད་ལྟ་སྟན་ཐོག་ཐུན་མཚམས་དུས་འདི་རུ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །རིགས་དྲུག་སྡུག་བསྔལ་འཁྲུལ་པའི་གྲོང་ཁྱེར་དུ། །ནམ་ཡང་ཐར་མེད་ལས་ཀྱིས་མནར་པ་ལ། །བརྩེ་ཆེན་ཁྱེད་རྣམས་ཐུགས་རྗེའི་ལྕགས་ཀྱུ་ཡིས། །ད་ལྟ་ཉིད་དུ་འདྲེན་པར་མཛད་དུ་གསོལ། །མི་རྟག་འཆི་བ་སྙིང་ནས་དྲན་པ་ཡིས། །རྟག་ཏུ་བླ་མ་མཉེས་གསུམ་སྒྲུབ་པ་དང་། །ཡོན་ཏན་རྟོགས་པ་ཡར་ངོའི་ཟླ་བ་ལྟར། །གོང་ནས་གོང་དུ་འཕེལ་བར་བྱིན་གྱིས་རློབས། །མི་མེད་ལུང་སྟོང་དབེན་པའི་རི་ཁྲོད་དུ། །ཅིས་ཀྱང་དགོས་མེད་ཞེན་ལོག་བརྟེན་པ་ཡིས། ཁྲེགས་ཆོད་ཐོད་རྒལ་ཟུང་དུ་འཇུག་པ་དང་། །ཉིན་མཚན་ཆོས་ཉིད་འདའ་བར་བྱིན་གྱིས་རློབས། །དབང་བཞི་ཟབ་མོའི་དོན་ལ་ངེས་ཐོབ་ནས། །དགའ་བཞི་ཉམས་མྱོང་བདེ་སྟོང་ཟུང་འཇུག་ཅིང་། །སྟོང་དང་སྙིང་རྗེ་རྟོགས་པ་ཟུང་འབྲེལ་བས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཀྱེ་མ་ཀྱི་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྒྱལ་བ་ཁྱེད་ལ་བརྩེ་བའི་ཐུགས་མངའ་བས། །བདག་སོགས་རིགས་དྲུག་འཁོར་བའི་སྡུག་བསྔལ་ལས། །ད་ལྟ་ཉིད་དུ་ཐར་བར་མཛད་དུ་གསོལ། །བདག་ཉིད་སྡུག་བསྔལ་རྒྱ་མཚོར་གཏན་འཁྱམས་ན། །ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བྱ། །འདི་ལ་བརྩེ་ཆེན་ཐུགས་རྗེའི་ཕྱག་རྐྱོངས་ལ། །ད་ལྟ་ཉིད་དུ་འདྲེན་པར་མཛད་དུ་གསོལ། །ཚེ་འདིར་བྱང་ཆུབ་སྒྲུབ་པར་བྱེད་པ་ལ། །བར་ཆད་སྡུག་བསྔལ་ནམ་ཡང་མི་འབྱུང་ཞིང་། །ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པ་རུ། །ཐུགས་རྗེ་ལྡན་པ་རྣམས་ཀྱིས་མཛད་དུ་གསོལ། །ཀློང་གསལ་སྙིང་ཐིག་གི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ། ཁྱད་པར་དབང་དང་། མཆོག་ཏུ་རྩལ་དབང་དུས་སུ་གཅེས་པ་འདི་ཉིད། རེ་ཞིག་རང་གི་རིག་པ་དྭངས་པའི་དུས་སུ། གསོལ་བ་འདེབས་པ་ལ་ངེས་ཤེས་ཁྱད་པར་ཅན་སྐྱེ་དུས། ཨོ་རྒྱན་རིན་པོ་ཆེའི་གསུང་འཛིན་གཏེར་སྟོན་རིན་ཆེན་དཔལ་བཟང་པོས་སྦྱར་པའོ།། །།
</div>
</div></onlyinclude>
 
{{TsagliCall}}
= Tsagli =
TSAGLI image gallery goes here
<headertabs/>
<headertabs/>
== Footnotes ==
== Footnotes ==
<references/>
<references/>
</onlyinclude>
==Other Information==
==Other Information==
{{Footer}}
{{Footer
}}

Latest revision as of 12:30, 13 February 2019

དམ་ཆོས་ཀློང་གསལ་སྙིང་ཐིག་གི །ཆོས་སྤྱོད་ཡིད་བཞིན་ནོར་བུ་

dam chos klong gsal snying thig gi_/chos spyod yid bzhin nor bu

by  རཏྣ་གླིང་པ་ (Ratna Lingpa)
revealed by  རཏྣ་གླིང་པ་ (Ratna Lingpa)
in cycle  རྫོགས་ཆེན་ཀློང་གསལ་སྙིང་ཐིག་གི་ཆོས་སྐོར (Rdzogs chen klong gsal snying thig gi chos skor)
Volume 57 (ཤི) / Pages 343-360 / Folios 1a1 to 9b5

[edit]

༄༅། །དམ་ཆོས་ཀློང་གསལ་སྙིང་ཐིག་གི །ཆོས་སྤྱོད་ཡིད་བཞིན་ནོར་བུ་བཞུགས་སོ། ། ཐུགས་རྗེའི་བདག་ཉིད་དཀོན་མཆོག་དྲུག་པོ་ལ། །བདག་ཅག་སྒོ་གསུམ་གུས་པས་ཕྱག་འཚལ་ནས། །སྐལ་ལྡན་ལམ་དུ་འཇུག་དོན་དུ། །ཆོས་སྤྱོད་རིམ་པ་བརྗོད་པར་བྱ། །དེ་ལ་བཞི་སྟེ། ཚེ་འདིའི་སྣང་བ་བློས་བཏང་ནས་ཐར་པ་དོན་དུ་གཉེར་བའི་ཕྱིར་ངེས་འབྱུང་བསྟན་པ་དང་། བློ་དཀོན་མཆོག་ལ་བཀལ་ཞིང་ཐེག་པ་ཆེན་པོའི་ལམ་དུ་འགྲོ་བའི་ཕྱིར་སྐྱབས་འགྲོ་དང་སེམས་བསྐྱེད་བསྟན་པ་དང་། འགལ་རྐྱེན་བར་ཆད་སེལ་ཞིང་མཐུན་རྐྱེན་ཚོགས་གཉིས་རྫོགས་པའི་ཕྱིར་མཎྜལ་དང་ཀུ་སུ་ལུའི་ཚོགས་གསོག་བསྟན་པ་དང་། སྒྲིབ་གསུམ་མྱུར་དུ་བྱང་ཞིང་སྐུ་གསུམ་འཆར་བའི་ཕྱིར་ཡི་གེ་བརྒྱ་པའི་སྒྲིབ་སྦྱོང་དང་བཞིའོ། །དང་པོ་ནི། ཡིད་ལ་འཐད་པའི་གནས་དེར་བདེ་བའི་སྟན་ལ་འདུག་སྟེ། དང་པོ་ཁོ་ན་ཆོས་ཐམས་ཅད་ཀྱི་སྔོན་འགྲོར། དལ་འབྱོར་རྙེད་པར་དཀའ་ཞིང་འཇིག་པར་སླ་བ། འཆི་བ་མི་རྟག་པ། རིགས་དྲུག་འཁོར་བའི་སྡུག་བསྔལ་རྣམས་ལ་ཁ་ཙམ་མ་ཡིན་པར། སྙིང་ལ་གནད་དུ་ཟུག་པ་རེ་སྒོམ་པ་ནི་གལ་ཆེ་སྟེ། འཁོར་བ་ནི་སྡུག་བསྔལ་གྱི་ལུ་གུ་རྒྱུད་དེ་ཐར་པའི་དུས་མེད་དེ། རིགས་དྲུག་རེ་རེའི་སྡུག་བསྔལ་ལ་བསམས་ཀྱང་སྙིང་བྱིལ་ན། འདི་རྣམས་ལས་ཐར་པའི་ཐབས་དམ་པའི་ཆོས་མིན་པ་ཅི་ཡང་མེད། ཆོས་ཀྱང་གཟོད་བྱ་ལོང་ཡོད་དུ་ལུས་ན། དུས་དེ་རིང་དང་སང་རང་ལ་འཆིའམ་ངེས་པ་མེད་དེ། ལེགས་པར་སོམས་ལ་དེ་རིང་ཁ་སྨིན་བཀྲ་ས་ལེ་བྱས་པའི་མི་ལ། སང་རོ་ཧམ་ནག་ཐུ་ལེ་བ་བྱུང་བ་གྲངས་མེད། དེ་རྣམས་ལ་ང་སང་འཆིའམ་བསམ་པ་ཡང་མེད་དེ། འབྱུང་བཞིའི་ལུས་ལ་བློ་གཏད་ཟན་ཟ་རིང་ཙམ་ཡང་མེད་ལ། དབུགས་རླངས་པ་ཙམ། དྲོད་མེ་སྟག་ཙམ། སྲོག་རྟ་རྔ་ཙམ་པ་འདི་སྐད་ཅིག་ལ་ཆད་པས་ཡ་ཆ་བ་ཡིན་ནོ། །ལེགས་པར་སོམས་ཤིག །སྔར་སྐྱེས་པ་ཐམས་ཅད་ཤི །ཕྱིས་འབྱུང་བ་ཐམས་ཅད་ཀྱང་ཤི། ད་ལྟ་ས་སྟེང་ན་གང་ཡོད་པ་ཐམས་ཅད་ཀྱང་བྲེང་ངེ་ཟག་པས་ཅོལ་ལེ་བ་ལ་འཆི། ན་སོ་ལ་རྒས་གཞོན་གང་ཡང་མེད། གཟུགས་བྱད་ལ་ལེགས་ཉེས་མེད། ངེས་པར་འཆི་ཞིང་ནམ་འཆི་ཡང་ཆ་མེད་དེ། ཉེ་བ་དང་ལབ་འཕྲོ། ལས་ཀྱི་བྱེད་འཕྲོ། གོས་ཀྱི་གོན་འཕྲོ། ཟས་ཀྱི་ཟ་འཕྲོ། ཉལ་མལ་འཕྲོ་དང་། ལུས་ཆས་ལུས་དང་བཅས་པ་བསྐྱུར་ནས་འགྲོ་དགོས་ཏེ། ཁོ་ཤི་ལོ། མོ་ཤི་ལོ་ཟེར་བའི་གཏམ་གྱི་རྗེས་ཞིག་མིན་པ་མེད་པར་ཐམས་ཅད་ཀྱི་དཀྱིལ་ནས་རང་གཅིག་པུ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་ལྟར་འགྲོ་དགོས་པའི་དུས་ཤིག་འབྱུང་བས་ཨ་རེ་རང་འཇིགས་ན། ཤི་བས་ཡང་མི་ཆོག་གར་འགྲོ་བའི་གནས་ནི་མེད། གནས་མལ་དང་མཐུན་རྐྱེན་གྲབས་སུ་ཚུད་པ་ནི་མེད། འགྲོ་ས་ནི་རིགས་དྲུག་ལས་མ་འདས་ཏེ། དེ་ཡང་དམྱལ་བར་སྐྱེས་ན་ནི་བསྐལ་པ་མང་པོར་ཐར་པའི་དུས་ནི་མེད། དམྱལ་ཁམས་སུ་མི་སྐྱེ་བའི་གདིང་ཚད་ཀྱང་བདག་ལ་ཅི་ཡོད། ད་ཚེ་འདིར་ཆོས་ཤིག་མེད་ན་འགྲོ་ས་ངན་སོང་ལས་འོས་མི་འདུག་པས། ད་ལྟ་ནས་ཚད་ནད་ཅན་སྐོམ་གྱིས་གདུང་བ་ལྟར་བརྩོན་འགྲུས་གཡེལ་བ་མེད་པར་དགེ་སྦྱོར་ལ་འབད་པར་བྱའོ། །དེ་ལྟར་ཐུན་གྱི་མགོ་ཐམས་ཅད་དུ་ལེགས་པར་བསམ་པར་བྱའོ།། །།གཉིས་པ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཁག་ཆེ་སྟེ། དེ་ཡང་གོང་གི་དུ་ཁ་དེ་རྣམས་ལས་སྐྱོབ་ནུས་པ་དཀོན་མཆོག་གསུམ་པོ་མིན་པ་མེད་པས། དོན་གྱི་དཀོན་མཆོག་གསུམ་འགྲོ་བ་ཡོངས་ལ་གནས་ཀྱང་ལས་ཀྱི་སྒྲིབ་པས་གདིང་དུ་མ་གྱུར་པས། མོས་པའི་སྣང་ངོར་མདུན་གྱི་ནམ་མཁར་སྐྱབས་གནས་ཐམས་ཅད་སྤྲིན་བཞིན་འཐིབས་པར་བསམ་ལ། རང་དང་ཕ་མས་གཙོར་བྱས་སེམས་ཅན་ཐམས་ཅད་དགྲ་མི་ཤ་བོ་བཙོན་དོང་ལས་ཐར་བར་འདོད་པ་ལྟ་བུའི་དད་པས་ཁ་ཙམ་མ་ཡིན་པར་བྱེད་པ་ཡིན་ནོ། །ན་མོ། བླ་མ་དཀོན་མཆོག་དྲུག་པོའི་ལྷ་ཚོགས་ལ། །བདག་དང་འགྲོ་དྲུག་སེམས་ཅན་མ་ལུས་ཀུན། །བྱང་ཆུབ་བར་དུ་ཕྱག་འཚལ་སྐྱབས་སུ་མཆི། །འདས་དང་མ་བྱོན་ད་ལྟ་དུས་གསུམ་དུ། །རྒྱུན་ཆད་མེད་པར་འགྲོ་ལ་དགོངས་མཛད་པའི། །སངས་རྒྱས་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཞི་བ་ཆགས་བྲལ་དོན་དམ་བདེན་པའི་ཆོས། །ཐེག་པ་གསུམ་གྱི་ཕྱིར་མི་ལྡོག་པའི་ལམ། །དམ་པའི་ཆོས་ལ་ཕྱག་འཚལ་སྐྱབས་སུ་མཆི། །མ་ནོར་ལམ་གནས་ཚོགས་མཆོག་ཀུན་གྱི་ཞིང་། །ཉོན་མོངས་དྲི་མས་རབ་དབེན་འཕགས་པའི་ཚོགས། །དགེ་འདུན་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །གསང་བ་བླ་མེད་དཀྱིལ་འཁོར་ཀུན་གྱི་གཙོ། །བླ་མ་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཆོས་སྐུ་སྐྱེ་མེད་སྤྲོས་པའི་མཐའ་བྲལ་ཡང་། །འགྲོ་བའི་དོན་ཕྱིར་ཞི་དང་ཁྲོ་བོར་སྤྲུལ། །ཡི་དམ་ལྷ་ལ་ཕྱག་འཚལ་སྐྱབས་སུ་མཆི། །དག་པའི་གནས་ནས་བདེ་ཆེན་མཆོག་སྩོལ་ཞིང་། །དམ་ཚིག་ཅན་ལ་དངོས་གྲུབ་མཆོག་སྟེར་མ། །མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །བཀའ་བཞིན་རྗེས་སུ་སྒྲུབ་པའི་གྲོགས་མཛད་མ། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཀྱེ་མ་མ་རིག་ལས་ཀྱིས་མནར་པའི་འགྲོ་བ་རྣམས། །བདེ་བ་འདོད་ཕྱིར་སྡུག་བསྔལ་ལས་ལ་སྤྱོད། །ཐབས་མི་མཁས་པའི་འགྲོ་རྣམས་སྙིང་རེ་རྗེ། །ཉོན་མོངས་ལས་སྒྲིབ་དག་པར་བྱིན་གྱིས་རློབས། །ཐར་མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་འདིར། །གཅིག་ནས་གཅིག་ཏུ་ཟོ་ཆུའི་འཁྱུད་མོ་བཞིན། །མཐའ་མེད་འཁོར་བའི་འགྲོ་རྣམས་སྙིང་རེ་རྗེ། །རིགས་དྲུག་སྐྱེ་སྒོ་ཆོད་པར་བྱིན་གྱིས་རློབས། །སྐྱེ་རྒ་ན་དང་འཆི་བའི་སྡུག་བསྔལ་རྣམས། །ཅི་ཙམ་མཐོང་ཡང་མི་འཇིགས་སྙིང་སྲན་ཅན། །ཡེངས་མ་ལམ་ལ་དལ་འབྱོར་མི་ཚེ་ཟད། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ། །ཆོས་མེད་འགྲོ་རྣམས་སྟོང་ལོག་སྙིང་རེ་རྗེ། །སྒྲུབ་ལ་སྙིང་རུས་ནུས་པར་བྱིན་གྱིས་རློབས། །ཀྱེ་མ་ཀྱི་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྒྱལ་བ་ཁྱེད་ལ་བརྩེ་བའི་ཐུགས་མངའ་བས། །བདག་སོགས་རིགས་དྲུག་འཁོར་བའི་སྡུག་བསྔལ་ལས། །ད་ལྟ་ཉིད་དུ་ཐར་བར་བྱིན་གྱིས་རློབས། །ཞེས་ལན་གསུམ་མམ་བདུན་ལ་སོགས་པ་བྱས་པས། སྡོམ་པ་གསུམ་གྱི་རྟེན་དུ་རུང་བ་དང་། གནས་སྐབས་ཀྱི་བར་ཆད་དང་འཁོར་བའི་སྡུག་བསྔལ་ལས་སྐྱོབ། མུ་སྟེགས་ལ་སོགས་ལམ་ལོག་པར་མི་འགྲོ་སྟེ། ལམ་དམ་པའི་གཞིར་གྱུར་ནས་ཅི་བྱས་ཆོས་སུ་འགྲོ་བས་མཆོག་ཏུ་གཅེས་པའི་སྔོན་འགྲོ་ཡིན་ནོ། །སེམས་བསྐྱེད་པ་ནི་ཤེས་རབ་ཟབ་མོས་དོན་སྟོང་ཉིད་མངོན་དུ་གྱུར་ཀྱང་། ཐབས་མཁས་སྙིང་རྗེའི་སེམས་བསྐྱེད་མེད་ན་ཐེག་དམན་ཉན་རང་དུ་འགྲོ་བས། སྙིང་རྗེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། འགྲོ་དྲུག་གི་ཕ་མ་འདི་རྣམས་ལ་སྙིང་རྗེ་བཟོད་བླག་མེད་པ་བདག་གཞན་བརྗེ་ཕོད་པའི་ངང་ནས་རྩེ་གཅིག་ཏུ་འདི་སྐད་བྱའོ། །ན་མོ། འགྲོ་དྲུག་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དེང་ནས་གཟུང་སྟེ་བྱང་ཆུབ་མ་ཐོབ་བར། །བྱང་ཆུབ་སེམས་མཆོག་དམ་པ་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པའི་མཆོག་ཉིད་དང་། །སྡོམ་པ་ཡི་ནི་ལྷག་པའི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་མ་ལུས་སྡུད་པ་དང་། །འགྲོ་བ་སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་རྟག་ཏུ་བརྟན་པོར་གཟུང་བར་བགྱི། །འགྲོ་བ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་བརྟན་པོར་གཟུང་བར་བགྱི། །ལུས་དང་སྲོག་ལ་ལྟོས་པ་མེད་པར་ནི། ཁྱེད་ཀྱི་རྗེས་སུ་ཞུགས་ཤིང་བདག་སློབ་ན། །ཚད་མེད་ཐུགས་རྗེས་ཉེ་བར་དགོངས་ནས་ཀྱང་། །ཀུན་ནས་ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད་པས་བླ་མེད་སྔགས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་འཇུག་ཅིང་ཐེག་པ་ཆེན་པོའི་གྲལ་དུ་འགྲོ་བའི་ཐབས་ཁྱད་པར་ཅན་ཡིན་ནོ།། །།གསུམ་པ་ཚོགས་གསག་པ་ནི། དང་པོ་ཕྱི་མཎྜལ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་གསག་སྟེ། དེ་ལ་རྟེན་བསྐྱེད་པ་ནི། ལག་གཡོན་དུ་མཎྜལ་ཐོགས་ཏེ། ཨོཾ་ཨཱཿཧཱུྃ་དང་སྭ་བྷཱ་ཝས་སྦྱངས་ཏེ། གཞལ་ཡས་ཁང་ཆེན་པོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པདྨ་འདབ་མ་སྟོང་དང་ལྡན་པའི་དབུས་སུ། རྩ་བའི་བླ་མ་ལ་བཀའ་བརྒྱུད་དཔག་ཏུ་མེད་པས་བསྐོར་བ། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱིས་བསྐོར་བར་བསམ་སྟེ། བཛྲ་ས་མ་ཡ་ཛཿ ཅེས་བརྗོད་པས་རྟེན་དེ་རྣམས་མདུན་གྱི་ནམ་མཁར་བཏེག །དེ་ནས་མཆོད་པའི་མཎྜལ་ཚོམ་བུ་བདུན་ནམ་བཅུ་གཅིག་ལ་སོགས་ཅི་རིགས་པ་སྤྱི་དང་མཐུན་པར་བཀོད་དེ། ཨོཾ་ཨཱཿཧཱུྃ། ཕྱི་ནང་སྣོད་བཅུད་སྟོང་གསུམ་གཞལ་ཡས་སུ། །རི་རབ་གླིང་བཅས་རྡུལ་སྙེད་མཆོད་སྤྲིན་གཏིབས། །ལྷ་མིའི་མཆོད་ཡོན་དཔག་མེད་ཇི་སྙེད་ཀུན། །བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་སྤྲུལ་སྐུའི་ཞིང་དུ་སྤྱོད་པར་ཤོག །རང་ལུས་རྩ་ཁམས་དག་པའི་གཞལ་ཡས་སུ། །དབང་པོ་རྣམ་ལྔ་བཀྲག་དང་མདངས་ཀྱིས་བརྒྱན། ཁམས་དང་སྐྱེ་མཆེད་ཡོངས་སུ་དག་པ་འདི། །བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་ལོངས་སྐུའི་ཞིང་དུ་སྤྱོད་པར་ཤོག །སེམས་ཉིད་ཆོས་སྐུ་དག་པའི་གཞལ་ཡས་སུ། །སྤྲོས་མེད་སྟོང་གསལ་འཛིན་མེད་ངང་དུ་གནས། །གདོད་ནས་དག་པ་སྤྲོས་བྲལ་གཉུག་མ་འདི། །བླ་མ་དཀོན་མཆོག་ཆོས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་ཆོས་སྐུའི་ཞིང་དུ་སྤྱོད་པར་ཤོག །ཨོཾ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་ཕུལ་བས་དངོས་པོ་ཀུན་ལ་ཞེན་པ་ཟློག་ཅིང་། གནས་སྐབས་སུ་ལོངས་སྤྱོད་འཕེལ། མཐར་ཐུག་ཞིང་དག་པར་སྐྱེ། རྒྱུ་བསོད་ནམས་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་མཆོག་ཏུ་འགྱུར་རོ། །ནང་ལུས་ལ་བརྟེན་ནས་ཀུ་སུ་ལུའི་ཚོགས་གསོག་ནི། བླ་མ་དཀོན་མཆོག་མཉེས་ནས་དངོས་གྲུབ་རྒྱུན་རིང་། ལུས་ཀྱི་གཅེས་འཛིན་ཐོང་བས་ལུས་ཕྱི་ནང་གི་བར་ཆད་ཞི། དེ་ལ་སོགས་པ་ཕན་ཡོན་དཔག་མེད་འབྱུང་བའི་གནད་ཡོད་དོ། །དེ་ཡང་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལུས་ཀྱི་ཚོགས་གསག་པར་བྱ་སྙམ་དུ་སེམས་བསྐྱེད་ལ། དེ་ནས་རང་གི་སེམས་ཉིད་འདི་རྡོ་རྗེ་རྣལ་འབྱོར་མར་གསལ་བ་དེ་ཕཊ་ཅེས་བརྗོད་པས། སྙིང་ག་ནས་སྤྱི་བོ་ལ་རྒྱང་གིས་ཐོན་རང་གི་མདུན་དུ་བྱུང་། ཀིཾ་གསུམ་ལས་མདུན་དུ་མི་མགོའི་སྒྱེད་པུ་ཆེན་པོ་གསུམ་བཙུགས། དེ་ནས་རྣལ་འབྱོར་མའི་ཕྱག་གཡས་པའི་གྲི་གུག་གིས་རང་གི་ཐོད་པ་སྨིན་མཚམས་ནས་རྦད་ཀྱིས་བྲེགས་ཏེ་ཐོད་སྒྱེད་སྟེང་དུ་བཀལ་ལ། དེ་ནས་གྲི་གུག་གིས་རང་གི་ལུས་ཤ་རུས་དབང་པོ་ཡན་ལག་ཐམས་ཅད་གཏུབས་ཏེ་བླུགས། ངག་ཏུ་ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས། འོག་ནས་ཡཾ་ལས་རླུང་གཡོས། རཾ་ལས་མེ་འབར། ཐོད་པའི་རྫས་ཁོལ། འབྲུ་གསུམ་བརྗོད་པས་གྲི་གུག་གིས་དཀྲུགས་པས། ཤ་ལྔ་བདུད་རྩི་ལྔའི་རང་བཞིན་དུ་དཀར་མེར་གྱིས་གྱུར་པར་བསམ། དེ་ནས་རྡོ་རྗེ་རྣལ་འབྱོར་མ་ལས་རྣལ་འབྱོར་མའི་ཚོགས་རང་འདྲ་བ། དཀར་མོ་དང་། སེར་མོ་དང་། དམར་མོ་དང་། མཐིང་ཁ་དང་། ལྗང་གུ་ལ་སོགས་དཔག་ཏུ་མེད་པ་འཕྲོས་ཏེ། དེ་རྣམས་ཀྱི་ཕྱག་ན་ཀ་པཱ་ལ་རེ་རེ་ཐོགས་ཏེ། བདུད་རྩིའི་རྒྱ་མཚོ་ཆེན་པོ་དེ་ནས་བཅུས་ཏེ། དང་པོ་ཕུད་ཀྱིས་བཀའ་བརྒྱུད་བླ་མ་རྣམས་མཆོད། དེ་ནས་ཡི་དམ་གྱི་ལྷ་ཚོགས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད། བར་པ་དེས་མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྲུང་མ་ཐམས་ཅད་ཀྱི་ཐུགས་དམ་བསྐང་། ཐ་མ་དེས་ཀྱང་འགྲོ་བ་རིགས་དྲུག་གི་ལན་ཆགས་བུ་ལོན། སྔོན་ལས་འཕྲལ་རྐྱེན་ཐམས་ཅད་འཁོར། གཞན་ཡང་གདོན་བགེགས་འབྱུང་པོ། ཡུལ་ལྷ་གཞི་བདག་རྦོད་གཏོང་རྦད་འདྲེ། ཕུར་ཁ། ཐུན་ཟོར། སྲོག་གི་བར་ཆད་བྱེད་པ་ཐམས་ཅད་ངོམས་ཤིང་ཚིམས་པར་དགྱེས་པར་བསམ་ལ། དཀོན་མཆོག་རྣམས་མཉེས། མཁའ་འགྲོ་ཆོས་སྐྱོང་རྣམས་བསྐངས། རིགས་དྲུག་ལ་སོགས་མགྲོན་རྣམས་མགུ་ཞིང་ཚིམས་ནས། དགའ་ཞིང་བཀྲག་མདངས་དང་ལྡན་པར་བྱས་ཏེ་བཞད་ཏི་རི་རི་དགྱེས་པར་བསམ་ལ། འདོད་པའི་དོན་ལ་གསོལ་བ་བཏབ་ཅིང་བསྔོ་བ་དང་སྨོན་ལམ་གྱི་རྒྱས་གདབ། དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ།། དེས་ནི་དཀོན་མཆོག་རྣམས་མཉེས་པས་དམ་ཚིག་ཉམས་ཆག་བསྐང་། མཁའ་འགྲོ་ཆོས་སྐྱོང་མཉེས་པས་ཕྱི་ནང་གི་བར་ཆད་སྲུང་། ལན་ཆགས་བུ་ལོན་འཁོར་བས་ལས་ཀྱི་སྒྲིབ་པ་དག་ཅིང་བདག་འཛིན་བློས་ཐོང་པས་སྣང་སྲིད་དབང་དུ་འདུས་ཏེ། ལྷ་འདྲེས་སྡོངས་གྲོགས་བྱེད་པས་ཤིན་ཏུ་ཟབ་པའི་ཚོགས་གསོག་ལ་འབད་དོ།། །།བཞི་པ་ཡི་གེ་བརྒྱ་པའི་སྒོམ་བཟླས་བྱ་སྟེ། དེ་ཡང་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱང་བ་རྣམས། དོན་ཆོས་སྐུ་བློ་འདས་ཀྱི་ངོ་བོ་ལ་བརྟན་པ་ཐོབ་པའི་དུས་ན། བསྲུང་བྱ་དང་སྲུང་བྱེད། སྦྱང་བྱ་དང་སྦྱོང་བྱེད་མེད་ཀྱང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་ནི་འདི་ཉིད་ཀྱིས་མཚམས་མེད་པ་ལྔའི་ལས་ཀྱང་སྐད་ཅིག་ལ་དག་ཅིང་འཁོར་བ་དོང་ནས་སྤྲུག་པའི་དོན་ནོ། །དེ་ཡང་རང་ཐ་མལ་པའི་སྤྱི་གཙུག་ཏུ་ཁྲུ་གང་ཙམ་གྱི་ནམ་མཁར་ཉི་ཟླ་པདྨའི་གདན་ལ་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཤེལ་འདྲ་བ་རྒྱལ་པོ་རོལ་པའི་སྟབས་ཀྱི་འདུག་སྟངས་ལྟ་བུ་ལ་དར་དང་རཏྣའི་རྒྱན་གྱིས་སྤྲས་པ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་ལྟེ་བར་ཧཱུྃ་ལ་ཡིག་བརྒྱས་བསྐོར་བར་བསམ། དེ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཐུགས་ཀར་ཐིམ་བདུད་རྩིའི་རང་བཞིན་དུ་གྱུར། སྐུའི་ནང་ཐམས་ཅད་དྲི་མེད་ཡེ་ཤེས་ཀྱི་བདུད་རྩི་འོ་མ་ལྟ་བུས་གང་ནས་ཞབས་གཡས་པའི་མཐེ་བོང་ལས་ན་ར་ར་བབས། རང་གི་སྤྱི་བོ་ནས་རིམ་པར་བབ་ཅིང་ལུས་གང་བས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་དག་སྟེ་ནག་ནུར་གྱིས་རྐང་མཐིལ་དང་། བཤང་ལམ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཐོན་ཏེ་ས་རིམ་པ་དགུའི་འོག་ནས་མར་སོང་བར་བསམ་ཞིང་ཡིག་བརྒྱ་བཟླའོ། །དེ་ནས་སྣོད་བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའ་ལ་ཐིམ། རྡོ་རྗེ་སེམས་དཔའ་ཡིག་བརྒྱའི་དལ་ལ་ཐིམ། དལ་ཡང་སྤྱི་བོ་ནས་མར་ཐིམ་སྙིང་གར་སླེབ། མཐའ་ནས་དབུས་སུ་ཧཱུྃ་ལ་འདུས། ཧཱུྃ་བདུད་རྩི་དཀར་མེར་གྱིས་ཞུ། རང་ལུས་རྩ་ཁམས་ཐམས་ཅད་དྲི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་གཉིས་མེད་དུ་ཁྲུག་གིས་འདྲེས་པར་བསམ་ལ། མ་བཅོས་ཀ་དག་གི་ངང་ལ་དར་ཅིག་བཞག །དེ་ནས་བཤགས་ཚིག་ནར་མ་ལ་སོགས་བརྗོད་ཅིང་། ཉམས་ཆག་སྡིག་སྒྲིབ་ཐམས་ཅད་གཏན་ནས་དག་པར་ངེས་ཤེས་བསྐྱེད་དོ། །འདི་ནི་བླ་མེད་ནང་གི་ཉམས་ཆག་བསྐང་བའི་སྒྲིབ་སྦྱོང་ཁྱད་པར་ཅན་ཏེ། བསྐལ་པ་སྟོང་གི་ལས་སྒྲིབ་ཀྱང་དག་ཅིང་། དམ་ཚིག་ཉམས་ཆག་མཚམས་མེད་ལྔའི་ལས་ཀྱང་འདིས་དག་པར་འགྱུར་བའི་ཕྱིར་ན་རྣལ་འབྱོར་པས་བརྩོན་པར་བྱས་ན་འདི་ཉིད་རང་གིས་སངས་རྒྱས་འཐོབ་པར་འགྱུར་རོ། །ཀློང་གསལ་སྙིང་ཐིག་ཐུན་མོང་གི་སྔོན་འགྲོ་ཡིད་བཞིན་ནོར་བུ་ཞེས་བྱ་བ་གཏེར་སྟོན་རཏྣ་གླིང་པས་དཔལ་ཆོས་རྫོང་གི་དབེན་གནས་སུ་སྦྱར་བའོ།། །། ༄༅། །ཀློང་གསལ་སྙིང་ཐིག་གི་གསོལ་འདེབས་ཡིད་བཞིན་ནོར་བུ་བཞུགས་སོ། །ཨོཾ་ཨཱཿཧཱུྃ། དམིགས་མེད་སྤྲོས་དང་བྲལ་བའི་ཕོ་བྲང་དུ། །རང་བཞིན་གདོད་ནས་རྣམ་དག་ཆོས་ཀྱི་སྐུ། །ཀུན་བཟང་ཡབ་ཡུམ་གཉིས་ལ་གསོལ་བ་འདེབས། །གདོད་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ལྷུན་གྲུབ་རྣམ་དག་འོད་ཀྱི་ཕོ་བྲང་དུ། །རིགས་ཀྱི་བདག་ཉིད་ཡེ་ཤེས་ལྔ་ཡི་ངང་། ལོངས་སྐུ་ཞི་ཁྲོའི་ཚོགས་ལ་གསོལ༴ སྐུ་ལྔ་ལྷུན་གྱིས་གྲུབ་པར་བྱིན༴ འོག་མིན་ཆོས་དབྱིངས་དག་པའི་གནས་མཆོག་ཏུ། །རྒྱལ་བ་སྐུ་བཞིའི་བདག་ཉིད་ཆོས་ཀྱི་རྒྱལ། །སྤྲུལ་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ༴ རང་བྱུང་ལྷུན་གྲུབ་རྟོགས་པར་བྱིན༴ བདེ་ཆེན་མངོན་པར་དགའ་བའི་ཞིང་ཁམས་སུ། །དུས་གསུམ་སངས་རྒྱས་ཐུགས་ཀྱི་གསང་བ་འཛིན། །སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ༴ སྐྱེ་འགག་སྤྲོས་དང་བྲལ་བར་བྱིན༴ དུར་ཁྲོད་མེ་རི་འབར་བའི་གནས་མཆོག་ཏུ། །དུས་གསུམ་སངས་རྒྱས་སྤྲུལ་པའི་མཆོག་གྱུར་པ། །རིག་འཛིན་དགའ་རབ་རྡོ་རྗེ་ལ་གསོལ༴ སྒྱུ་ལུས་འོད་གསལ་གྲོལ་བར་བྱིན༴ རྩུབ་འགྱུར་སོ་ས་གླིང་གི་དུར་ཁྲོད་དུ། །མཐར་ཐུག་སྙིང་པོ་དོན་གྱི་མཛོད་འཛིན་པ། །མཁས་མཆོག་ཤྲཱི་སིཾ་ཧ་ལ་གསོལ༴ སྣང་ཚད་མཐའ་རུ་ཕྱིན་པར་བྱིན༴ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ། །སྙིགས་དུས་འགྲོ་བའི་སྐྱབས་མགོན་ཐུགས་རྗེ་ཅན། །ཨོ་རྒྱན་པདྨ་ཡབ་ཡུམ་ལ་གསོལ༴ རིག་པའི་རྩལ་དབང་ཐོབ་པར་བྱིན༴ ཆོས་འཁོར་བདེ་ཆེན་གླིང་གི་དབེན་གནས་སུ། །ཚེ་གཅིག་ཐར་པའི་ལམ་འདྲེན་ཐུགས་རྗེ་ཅན། །སྤྲུལ་སྐུ་རཏྣ་གླིང་པ་ལ་གསོལ༴ སྐུ་གསུམ་རང་ངོ་ཤེས་པར་བྱིན༴ ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་གནས། །སྨོན་ལམ་ལས་འཕྲོ་ལྡན་པའི་ཕོ་བྲང་ནས། །དྲིན་ཆེན་གུ་རུ་བློ་གྲོས་ལ་གསོལ༴ བདག་གཞན་དོན་གཉིས་འགྲུབ་པར་བྱིན༴ རང་ལུས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །སྐྱབས་འོས་དམ་པ་འཇིག་རྟེན་གསུམ་གྱི་རྗེ། །རྩ་བའི་བླ་མ་རྣམས་ལ་གསོལ༴ མོས་གུས་གཏིང་ནས་སྐྱེ་བར་བྱིན༴ བྲག་དམར་རི་མོ་ཅན་གྱི་གཏེར་གནས་སུ། །ཚེ་གཅིག་རྡོ་རྗེའི་སྐུ་འགྲུབ་སྙིང་པོའི་མཆོག །དམ་ཆོས་ཀློང་གསལ་སྙིང་ཐིག་ལ་གསོལ༴ གདོས་བཅས་འོད་དུ་ཡལ་བར་བྱིན༴ རང་ལུས་ལྷུན་གྲུབ་རྒྱལ་བའི་དཀྱིལ་འཁོར་དུ། །ཡེ་ནས་རང་བྱུང་ཁྱབ་གདལ་ཆེན་པོའི་ངང་། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ་གསོལ༴ སྣང་སྟོང་ཟུང་འཇུག་རྟོགས་པར་བྱིན༴ ཉི་ཤུ་རྩ་བཞི་མཁའ་འགྲོའི་གནས་མཆོག་ཏུ། །དམ་ཚིག་ཅན་ལ་དངོས་གྲུབ་མཆོག་སྟེར་མ། །ཆོས་བདག་མཁའ་འགྲོ་སྡེ་ལྔ་ལ་གསོལ༴ བདེ་སྟོང་ཟུང་འཇུག་རྟོགས་པར་བྱིན༴ རང་བཞིན་དམ་ཚིག་གཉན་པོའི་བཀའ་འཁོར་དུ། །ཕྱི་ནང་བར་ཆད་སེལ་ཞིང་བདུད་དཔུང་འཇོམས། །བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ༴ རྐྱེན་ངན་བར་ཆད་ཞི་བར་བྱིན༴ གར་བཞུགས་རང་སྣང་དག་པའི་གནས་མཆོག་ཏུ། །ཚེ་འདི་བློས་བཏང་ས་ལམ་སྐད་ཅིག་བགྲོད། །མཆེད་གྲོགས་ཆོས་མཛད་རྣམས་ལ་གསོལ༴ སྒྲུབ་པའི་རྒྱལ་ས་ཟིན་པར་བྱིན༴ ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས། །ཉམས་སྣང་གོང་དུ་འཕེལ་བར་བྱིན༴ རིག་པ་ཚད་ལ་ཕེབས་པར་བྱིན༴ ཆོས་ཉིད་ཟད་སར་སྐྱོལ་བར་བྱིན་གྱིས་རློབས། །བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ༴ ཕྲིན་ལས་དར་ཞིང་རྒྱས་པར་གསོལ༴ རྟག་ཏུ་འདུ་འབྲལ་མེད་པར་བྱིན་གྱིས་རློབས། །གསོལ་འདེབས་ཡིད་བཞིན་ནོར་བུ་ཞེས་བྱ་བ། ཀློང་གསལ་སྙིང་ཐིག་གི་གསོལ་བ་འདེབས་པའི་རིམ་པ་འདི་ནི། ཀློང་ཡངས་ཅོག་གཞག་གི་རྣལ་འབྱོར་པ་རཏྣ་གླིང་པས་ཁྱི་ལོ་ཟླ་བ་ལྔ་པའི་ཚེས་དྲུག་ལ་དཔལ་ལྡན་གཞོང་ཁའི་དབེན་གནས་སུ་སྦྱར་པའོ།། །། ༄༅། །ཀློང་གསལ་སྙིང་ཐིག་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས་སོ། །ན་མོ་གུ་རུ་སིདྡྷི་ཧཱུྃ་ཧྲཱིཿ ཨོཾ་ཨཱཿཧཱུྃ། ཐོག་མའི་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཀ་དག་སྤྲོས་བྲལ་གདོད་མའི་གཞི་དབྱིངས་སུ། །ད་ལྟ་ཉིད་དུ་གྲོལ་བར་བྱིན་གྱིས་རློབས། །ལྷུན་གྲུབ་རང་གསལ་ལོངས་སྐུ་ཞི་ཁྲོ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །ཡེ་ཤེས་ལྔ་ལྡན་ཟག་མེད་འོད་ཀྱི་ལུས། །ཚེ་འདི་ཉིད་ལ་འགྲུབ་པར་བྱིན༴ ཐུགས་རྗེ་སྤྲུལ་སྐུ་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །གཟུང་འཛིན་མཚན་མ་དག་པའི་ཆོས་ཀྱི་དབྱིངས། །ད་ལྟ་ཉིད་དུ་བགྲོད་པར་བྱིན༴ སྐུ་གསུམ་ངོ་བོ་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །རང་བྱུང་ཡེ་ཤེས་འགྱུར་མེད་རྡོ་རྗེའི་སྐུ། །མྱུར་བ་ཉིད་དུ་འགྲུབ་པར་བྱིན༴ རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེ་ལ། །གསོལ་བ༴ གདོས་བཅས་ཕུང་པོ་ཟག་མེད་འོད་ལུས་སུ། །ཚེ་འདི་ཉིད་ལ་འགྲུབ་པར་བྱིན༴ མཁས་པ་ཆེན་པོ་ཤྲཱི་སིཾ་ཧ་ལ། །གསོལ་བ༴ སྣང་ཚད་བཞི་པོ་ཆོས་ཉིད་ཟད་པའི་མཐར། །ད་ལྟ་ཉིད་དུ་ཕྱིན་པར་བྱིན༴ འགྲོ་བའི་མགོན་པོ་པདྨ་འབྱུང་གནས་ལ། །གསོལ་བ༴ མི་འགྱུར་རྡོ་རྗེ་འོད་གསལ་འཕོ་ཆེན་སྐུ། །སྐད་ཅིག་ཉིད་ལ་འགྲུབ་པར་བྱིན༴ མ་གཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ། །གསོལ་བ༴ ཟག་མེད་བདེ་སྟོང་སྐྱེ་ཤི་མེད་པའི་ལུས། །ད་ལྟ་ཉིད་དུ་འགྲུབ་པར་བྱིན༴ བཀའ་དྲིན་མཉམ་མེད་རཏྣ་གླིང་པ་ལ། །གསོལ་བ༴ ཉམས་རྟོགས་ཡོན་ཏན་སྟོང་དང་སྙིང་རྗེ་མཆོག །ཐུན་མཚམས་འདི་ལ་འཆར་བར་བྱིན༴ སྤྲུལ་སྐུས་རྗེས་བཟུང་གུ་རུ་བློ་གྲོས་ལ། །གསོལ་བ༴ ཆོས་ཉིད་མངོན་སུམ་འོད་གསལ་སྙིང་པོ་ལམ། །ད་ལྟ་ཉིད་དུ་མཐོང་བར་བྱིན༴ སྙིང་པོའི་ཆོས་མཆོག་ཀློང་གསལ་སྙིང་ཐིག་ལ། །གསོལ་བ༴ ངོ་བོ་རང་བཞིན་ཐུགས་རྗེའི་ནང་དབྱིངས་སུ། །ཚེ་འདི་ཉིད་ལ་གྲོལ་བར་བྱིན༴ གང་ལ་གང་འདུལ་ཐུགས་རྗེའི་ལྷ་ཚོགས་ལ། །གསོལ་བ༴ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །ཚེ་འདི་ཉིད་ལ་ཐོབ་པར་བྱིན༴ བདེ་སྟོང་བྱིན་རླབས་མཁའ་འགྲོའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་དབང་སྐུར་བྱིན་གྱིས་རློབས། །འགྲོ་བའི་དོན་དུ་ཕྲིན་ལས་རྣམ་པ་བཞི། །དུས་འདི་ཉིད་ལ་འགྲུབ་པར་བྱིན༴ བསྟན་པ་སྲུང་མཛད་བཀའ་སྲུང་དམ་ཅན་ལ། །གསོལ་བ༴ བྱང་ཆུབ་སྒྲུབ་པའི་རྐྱེན་ངན་བར་ཆད་རྣམས། །ད་ལྟ་ཉིད་དུ་ཞི་བར་བྱིན༴ དམ་ཚིག་ལྡན་པའི་མཆེད་གྲོགས་ཆོས་མཛད་ལ། །གསོལ་བ༴ སྒྲུབ་བརྒྱུད་བསྟན་པ་ཕྱོགས་དུས་ཐམས་ཅད་དུ། །དུས་འདི་ཉིད་ནས་དར་བར་བྱིན༴ རྩ་བ་བརྒྱུད་པའི་བླ་མ་ཁྱེད་རྣམས་ལ། །རབ་གུས་གདུང་བ་ཆེན་པོས་གསོལ་འདེབས་ན། །ད་ལྟ་སྟན་ཐོག་ཐུན་མཚམས་དུས་འདི་རུ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །རིགས་དྲུག་སྡུག་བསྔལ་འཁྲུལ་པའི་གྲོང་ཁྱེར་དུ། །ནམ་ཡང་ཐར་མེད་ལས་ཀྱིས་མནར་པ་ལ། །བརྩེ་ཆེན་ཁྱེད་རྣམས་ཐུགས་རྗེའི་ལྕགས་ཀྱུ་ཡིས། །ད་ལྟ་ཉིད་དུ་འདྲེན་པར་མཛད་དུ་གསོལ། །མི་རྟག་འཆི་བ་སྙིང་ནས་དྲན་པ་ཡིས། །རྟག་ཏུ་བླ་མ་མཉེས་གསུམ་སྒྲུབ་པ་དང་། །ཡོན་ཏན་རྟོགས་པ་ཡར་ངོའི་ཟླ་བ་ལྟར། །གོང་ནས་གོང་དུ་འཕེལ་བར་བྱིན་གྱིས་རློབས། །མི་མེད་ལུང་སྟོང་དབེན་པའི་རི་ཁྲོད་དུ། །ཅིས་ཀྱང་དགོས་མེད་ཞེན་ལོག་བརྟེན་པ་ཡིས། ཁྲེགས་ཆོད་ཐོད་རྒལ་ཟུང་དུ་འཇུག་པ་དང་། །ཉིན་མཚན་ཆོས་ཉིད་འདའ་བར་བྱིན་གྱིས་རློབས། །དབང་བཞི་ཟབ་མོའི་དོན་ལ་ངེས་ཐོབ་ནས། །དགའ་བཞི་ཉམས་མྱོང་བདེ་སྟོང་ཟུང་འཇུག་ཅིང་། །སྟོང་དང་སྙིང་རྗེ་རྟོགས་པ་ཟུང་འབྲེལ་བས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཀྱེ་མ་ཀྱི་ཧུད་དཀོན་མཆོག་ཐུགས་རྗེ་ཅན། །རྒྱལ་བ་ཁྱེད་ལ་བརྩེ་བའི་ཐུགས་མངའ་བས། །བདག་སོགས་རིགས་དྲུག་འཁོར་བའི་སྡུག་བསྔལ་ལས། །ད་ལྟ་ཉིད་དུ་ཐར་བར་མཛད་དུ་གསོལ། །བདག་ཉིད་སྡུག་བསྔལ་རྒྱ་མཚོར་གཏན་འཁྱམས་ན། །ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བྱ། །འདི་ལ་བརྩེ་ཆེན་ཐུགས་རྗེའི་ཕྱག་རྐྱོངས་ལ། །ད་ལྟ་ཉིད་དུ་འདྲེན་པར་མཛད་དུ་གསོལ། །ཚེ་འདིར་བྱང་ཆུབ་སྒྲུབ་པར་བྱེད་པ་ལ། །བར་ཆད་སྡུག་བསྔལ་ནམ་ཡང་མི་འབྱུང་ཞིང་། །ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པ་རུ། །ཐུགས་རྗེ་ལྡན་པ་རྣམས་ཀྱིས་མཛད་དུ་གསོལ། །ཀློང་གསལ་སྙིང་ཐིག་གི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ། ཁྱད་པར་དབང་དང་། མཆོག་ཏུ་རྩལ་དབང་དུས་སུ་གཅེས་པ་འདི་ཉིད། རེ་ཞིག་རང་གི་རིག་པ་དྭངས་པའི་དུས་སུ། གསོལ་བ་འདེབས་པ་ལ་ངེས་ཤེས་ཁྱད་པར་ཅན་སྐྱེ་དུས། ཨོ་རྒྱན་རིན་པོ་ཆེའི་གསུང་འཛིན་གཏེར་སྟོན་རིན་ཆེན་དཔལ་བཟང་པོས་སྦྱར་པའོ།། །།

[edit]
[edit]

Footnotes

Other Information

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).