Terdzo-YI-019
དམོད་བྱང་
by བྱང་བདག་བཀྲ་ཤིས་སྟོབས་རྒྱལ་ (Jangdak Tashi Topgyal)
Volume 54 (ཡི) / Pages 225-226 / Folios 1a1 to 1b6
དམོད་བཅོལ་ལ། བྲི་བའི་སྐབས་ལིངྒའི་གཡས་སུ་ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ གཡོན་དུ་ཞག་དང་ཟ་མ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ དུས་ཚོད་ཚེས་གྲངས་ལ་དགྲ་དར་བ་ཐམསྎ མདུན་དུ་སྲོག་ལུས་དབང་ཐང་ཀླུང་རྟ་ལ་དགྲ་དར་བ་ཐམསྎ སྤྱི་བོར་དགྲ་མགོ་ཐོག་ཏུ་བབས་པ་ཐམསྎ མགོ་ནས་གཡོན་སྐོར་དུ་སྔ་དགྲ་ལག་གིས་བདར་པ་ཐམསྎ ཕྱི་དགྲ་ཡིད་ལ་སེམས་པ་ཐམསྎ ད་དགྲ་ཁྱི་ལྟར་ཟུག་པ་ཐམསྎ མགོ་ལ་ཏིལ་རྡུང་བྱེད་པ་ཐམསྎ སེམས་ལ་སྡུག་བསྔལ་གཏོང་བ་ཐམསྎ ལུས་ལ་ན་ཚ་གཏོང་བ་ཐམསྎ སྲོག་ལ་བར་ཆད་གཏོང་བ་ཐམསྎ ཟས་ནོར་ལ་གོད་ཁ་གཏོང་བ་ཐམསྎ རྒྱབ་ནས་དེད་ཤོམ་བྱེད་པ་ཐམསྎ མདུན་ན་ཁྱི་བཞིན་སྒུག་པ་ཐམསྎ ཟུར་ནས་གཅོད་དགོས་ཟེར་བ་ཐམསྎ ཟ་ལམ་དུ་དུག་གཡོས་བྱེད་པ་ཐམསྎ འགྲོ་ལམ་དུ་རྩང་འཛུག་པ་ཐམསྎ བྱམས་པ་གཉན་གྱིས་བརྗོད་དུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན༔ སྡང་བ་དགྲ་ཡིས་སྒྲོག་ཏུ་མ་བཅུགྎ མི་དཔོན་གྱིས་ཁྲིམས་ར་ན་གླེང་དུ་མ་བཅུགྎ གཙོ་བོའི་འདུན་ཁང་ན་གླེང་དུ་མ་བཅུགྎ སྐྱེ་བོའི་མདའ་གྲལ་ན་གླེང་དུ་མ་བཅུགྎ མོ་བཙུན་གྱི་ཐགས་གྲལ་ན་གླེང་དུ་མ་བཅུགྎ བྱིས་པའི་རྩེ་གྲལ་ན་གླེང་དུ་མ་བཅུགྎ མཉན་པའི་གྲུ་ཚུགས་སུ་གླེང་དུ་མ་བཅུགྎ མགར་གྱི་སོལ་མལ་དུ་གླེང་དུ་མ་བཅུགྎ དགེ་འདུན་གྱི་ཚོགས་གྲལ་ན་གླེང་དུ་མ་བཅུག་ཅིག་མཱ་ར་ཡ་རྦད་ནན༔ བོན་པོའི་ཚོགས་གྲལ་ན་གླེང་དུ་མ་བཅུགྎ སྔགས་པའི་ཕུར་གྲལ་ན་གླེང་དུ་མ་བཅུགྎ བརྒྱ་ཁ་མང་གི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྟོང་མི་མང་གི་ཁ་མཆུ་ངན་པ་ཐམསྎ ཕ་ཚོའི་འདུན་ཁང་ནས་མི་ཁ་གླེང་བ་ཐམསྎ གསོད་ཤོམ་བྱེད་པ་ཐམསྎ རྐུ་ཤོམ་བྱེད་པ་ཐམསྎ འཕྲོག་ཤོམ་བྱེད་པ་ཐམསྎ གྲོས་ངན་ཤོམ་པ་ཐམསྎ ལྐོག་ནས་འབུ་བཞིན་འབུག་པ་ཐམསྎ ངོས་ལ་སྤྲེལ་ལྟར་འཛེག་པྎ ཀེག་བདུད་གཤེད་གསུམ་ལ་བབས་པྎ བྱད་ཁ་དང་ཕུར་ཁ་ཟུག་པྎ རྦད་འདྲེ་དང་རྦོད་གཏོང་གཏོང་བྎ གནན་སྲེག་འཕང་གསུམ་བྱེད་པྎ མི་ཁ་དང་དགྲ་སྣ་རླུང་ལྟར་འཚུབས་པྎ མི་ཁ་དང་དགྲ་སྣ་མེ་ལྟར་འབར་བྎ མི་ཁ་དང་དགྲ་སྣ་ཆུ་ལྟར་འབྲུབ་པྎ ཡུལ་མི་ཁྱིམ་མཚེས་ཀྱི་མི་ཁ་ཟུག་པྎ རྗེ་ཁོལ་སྐྱ་སེར་གྱི་མི་ཁ་ཟུག་པྎ ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམྎ བསྟན་དགྲའི་ལུས་ངག་ཡིད་གསུམ་ཐམས་ཅད་མཱ་ར་ཡ་རྦད་ནན་སོད་ཅིག༔ གཞན་ཡང་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱིས་ཟ་ཁ་སྟོན་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ཆིངས་ཤིག་མཱ་ར་ཡ་རྦད་ནན་སོད་ཅིག །བསྐལ་པ་མ་སྟོངས་ཀྱི་བར་དུ་མ་གཏང་ཞིག །མཱ་ར་ཡ་རྦད་ནན་སོད་ཅིག །ཨོཾ་ལཾ་ཧཱུྃ་ལཾ་སཏྭཾ་བྷ་ཡ་ནན༔ དགྲ་བགེགས་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ནན༔ འདི་བྲི་བ་དང་བརྗོད་པ་གཉིས་ཀ་བྱའོ།། །།