Difference between revisions of "Terdzo-PHA-001"
(Created page with "{{UnderConstruction}} {{RTZ Metadata |classification=Tibetan Publications |subclass = Tibetan Texts |collectiontitle=Rin chen gter mdzod; Rin chen gter mdzod Shechen Edition |...") |
|||
Line 19: | Line 19: | ||
= Tibetan Text = | = Tibetan Text = | ||
<div id='tibetan' class='tib-text'> | <div id='tibetan' class='tib-text'> | ||
− | བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས་སོ། །རྩ་བ་གསུམ་གྱི་ལྷ་ལ་འདུད། རང་སེམས་མ་ཡེངས་མོས་གུས་དྲག་པོས་འདི་ལྟར་གསོལ་བ་ཐོབ། ཨེ་མ་ཧོ། ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་ཁམས་ནས། །ཆོས་སྐུ་མགོན་པོ་སྣང་བ་མཐའ་ཡས་ལ། །དབྱེར་མེད་མོས་གུས་གདུང་བས་གསོལ་བ་འདེབས། །འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཤར་ཕྱོགས་རི་བོ་ཏ་ལའི་ཞིང་ཁམས་ནས། །སྙིང་རྗེའི་གཏེར་ཆེན་འཕགས་མཆོག་སྤྱན་རས་གཟིགས། །དབྱེར་མེད་མོས་གུས་གདུང་བས་གསོལ་བ་འདེབས། །འགྲོ་ཀུན་སྙིང་རྗེས་གྲོལ་བར་བྱིན་གྱིས་རློབས། །ལྷོ་ནུབ་པདྨ་འོད་ཀྱི་ཞིང་ཁམས་ནས། །སྣང་སྲིད་ཟིལ་གནོན་གུ་རུ་པདྨ་ལ། །དབྱེར་མེད་མོས་གུསྎ སྣང་སྲིད་རང་སར་གྲོལ་བར་བྱིནྎ རྩ་རླུང་མཁའ་སྤྱོད་བདེ་ཆེན་ཞིང་ཁམས་ནས། །གུ་རུའི་གསང་ཡུམ་ཡེ་ཤེས་མཚོ་རྒྱལ་ལ། །དབྱེར་མེད་མོས་གུསྎ རྩ་རླུང་བདེ་དྲོད་འབྱོང་བར་བྱིནྎ མཐིང་ནག་ཨེ་དབྱིངས་འབར་བའི་ཞིང་ཁམས་ནས། །བདུད་དཔུང་ཟིལ་གནོན་གུ་རུ་དྲག་པོ་ལ། །དབྱེར་མེད་མོས་གུསྎ མི་མཐུན་བར་ཆད་ཞི་བར་བྱིནྎ ཟབ་ཡངས་མི་འགྱུར་ལྷུན་གྲུབ་གཙུག་ལག་ཏུ། །རྗེ་འབངས་ཉེར་ལྔ་ལྷ་སྲས་མུ་ཁྲི་བཙན། །དབྱེར་མེད་མོས་གུསྎ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིནྎ གུ་རུའི་སྒྲུབ་གནས་སྤྱི་འབྱམས་གནས་མཆོག་ནས། །ཟབ་གཏེར་མངའ་བདག་མི་འགྱུར་རྡོ་རྗེ་ལ། །དབྱེར་མེད་མོས་གུས་གདུང་བསྎ འགྲོ་ཀུན་སྨིན་གྲོལ་ནུས་པར་བྱིནྎ སྒྲུབ་པའི་གནས་མཆོག་ཁྱུང་རྫོང་གཏེར་གནས་ནས། །ཟབ་གཏེར་སྒོ་འབྱེད་ཆོས་རྒྱལ་རྡོ་རྗེ་ལ། །དབྱེར་མེད་མོས་གུསྎ སྒྲུབ་པ་མཐའ་རུ་ཕྱིན་པར་བྱིནྎ རིག་རྩལ་འགག་མེད་ཆོས་སྐུའི་གཞལ་ཡས་ནས། །ཆོས་བདག་བཀའ་བརྒྱུད་བླ་མ་ཐམས་ཅད་ལ། །དབྱེར་མེད་མོས་གུསྎ སྣང་སྲིད་ཆོས་སྐུར་ཤར་བར་བྱིནྎ རང་རང་གར་བཞུགས་དག་པའི་ཞིང་ཁམས་ནས། །ཟབ་ཆོས་བཀའ་བབ་ཐུགས་སྲས་ཐམས་ཅད་ལ། །དབྱེར་མེད་མོས་གུསྎ མི་རྟག་རྒྱུད་ལ་སྐྱེ་བར་བྱིནྎ དུར་ཁྲོད་བརྒྱད་དང་སྒྲུབ་པའི་གནས་རྣམས་ནས། །ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །བསྟན་དགྲ་འདུལ་ཕྱིར་དྲག་པོའི་སྐུར་བཞེངས་པ། །བཀའ་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་ལ། །དབྱེར་མེད་མོས་གུས་གདུང་བས་གསོལ་བ་འདེབས། །ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འགྲོ་ཀུན་འཁྲུལ་པའི་སྣང་བ་རབ་བསལ་ནས། །འཁྲུལ་མེད་ཆོས་སྐུའི་རང་ཞལ་མཇལ་བར་ཤོག །བཀྲ་ཤིས་ཡར་ཟླ་ལྟ་བུར་རྒྱས་པར་ཤོག །ཅེས་གསོལ་འདེབས་འདི་བྱ་བཏང་ཚོགས་གཉིས་ཀྱིས་གང་ཤར་ཡི་གེར་བཏབ་པའོ། །འགལ་བ་མཆིས་ན་རྩ་གསུམ་ལྷ་ལ་བཤགས། །ཆོས་འདི་ཕྱོགས་མཐའ་ཀུན་ཏུ་ཁྱབ་པར་ཤོག །འདི་འཐོང་སྐལ་ལྡན་ཐམས་ཅད་ཀྱིས། །རང་རིག་ཆོས་སྐུའི་རང་ཞལ་མཐོང་བར་ཤོག །དགེའོ།། །།</div> | + | བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས་སོ། །རྩ་བ་གསུམ་གྱི་ལྷ་ལ་འདུད། རང་སེམས་མ་ཡེངས་མོས་གུས་དྲག་པོས་འདི་ལྟར་གསོལ་བ་ཐོབ། ཨེ་མ་ཧོ། ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་ཁམས་ནས། །ཆོས་སྐུ་མགོན་པོ་སྣང་བ་མཐའ་ཡས་ལ། །དབྱེར་མེད་མོས་གུས་གདུང་བས་གསོལ་བ་འདེབས། །འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཤར་ཕྱོགས་རི་བོ་ཏ་ལའི་ཞིང་ཁམས་ནས། །སྙིང་རྗེའི་གཏེར་ཆེན་འཕགས་མཆོག་སྤྱན་རས་གཟིགས། །དབྱེར་མེད་མོས་གུས་གདུང་བས་གསོལ་བ་འདེབས། །འགྲོ་ཀུན་སྙིང་རྗེས་གྲོལ་བར་བྱིན་གྱིས་རློབས། །ལྷོ་ནུབ་པདྨ་འོད་ཀྱི་ཞིང་ཁམས་ནས། །སྣང་སྲིད་ཟིལ་གནོན་གུ་རུ་པདྨ་ལ། །དབྱེར་མེད་མོས་གུསྎ སྣང་སྲིད་རང་སར་གྲོལ་བར་བྱིནྎ རྩ་རླུང་མཁའ་སྤྱོད་བདེ་ཆེན་ཞིང་ཁམས་ནས། །གུ་རུའི་གསང་ཡུམ་ཡེ་ཤེས་མཚོ་རྒྱལ་ལ། །དབྱེར་མེད་མོས་གུསྎ རྩ་རླུང་བདེ་དྲོད་འབྱོང་བར་བྱིནྎ མཐིང་ནག་ཨེ་དབྱིངས་འབར་བའི་ཞིང་ཁམས་ནས། །བདུད་དཔུང་ཟིལ་གནོན་གུ་རུ་དྲག་པོ་ལ། །དབྱེར་མེད་མོས་གུསྎ མི་མཐུན་བར་ཆད་ཞི་བར་བྱིནྎ ཟབ་ཡངས་མི་འགྱུར་ལྷུན་གྲུབ་གཙུག་ལག་ཏུ། །རྗེ་འབངས་ཉེར་ལྔ་ལྷ་སྲས་མུ་ཁྲི་བཙན། །དབྱེར་མེད་མོས་གུསྎ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིནྎ གུ་རུའི་སྒྲུབ་གནས་སྤྱི་འབྱམས་གནས་མཆོག་ནས། །ཟབ་གཏེར་མངའ་བདག་མི་འགྱུར་རྡོ་རྗེ་ལ། །དབྱེར་མེད་མོས་གུས་གདུང་བསྎ འགྲོ་ཀུན་སྨིན་གྲོལ་ནུས་པར་བྱིནྎ སྒྲུབ་པའི་གནས་མཆོག་ཁྱུང་རྫོང་གཏེར་གནས་ནས། །ཟབ་གཏེར་སྒོ་འབྱེད་ཆོས་རྒྱལ་རྡོ་རྗེ་ལ། །དབྱེར་མེད་མོས་གུསྎ སྒྲུབ་པ་མཐའ་རུ་ཕྱིན་པར་བྱིནྎ རིག་རྩལ་འགག་མེད་ཆོས་སྐུའི་གཞལ་ཡས་ནས། །ཆོས་བདག་བཀའ་བརྒྱུད་བླ་མ་ཐམས་ཅད་ལ། །དབྱེར་མེད་མོས་གུསྎ སྣང་སྲིད་ཆོས་སྐུར་ཤར་བར་བྱིནྎ རང་རང་གར་བཞུགས་དག་པའི་ཞིང་ཁམས་ནས། །ཟབ་ཆོས་བཀའ་བབ་ཐུགས་སྲས་ཐམས་ཅད་ལ། །དབྱེར་མེད་མོས་གུསྎ མི་རྟག་རྒྱུད་ལ་སྐྱེ་བར་བྱིནྎ དུར་ཁྲོད་བརྒྱད་དང་སྒྲུབ་པའི་གནས་རྣམས་ནས། །ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །བསྟན་དགྲ་འདུལ་ཕྱིར་དྲག་པོའི་སྐུར་བཞེངས་པ། །བཀའ་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་ལ། །དབྱེར་མེད་མོས་གུས་གདུང་བས་གསོལ་བ་འདེབས། །ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འགྲོ་ཀུན་འཁྲུལ་པའི་སྣང་བ་རབ་བསལ་ནས། །འཁྲུལ་མེད་ཆོས་སྐུའི་རང་ཞལ་མཇལ་བར་ཤོག །བཀྲ་ཤིས་ཡར་ཟླ་ལྟ་བུར་རྒྱས་པར་ཤོག །ཅེས་གསོལ་འདེབས་འདི་བྱ་བཏང་ཚོགས་གཉིས་ཀྱིས་གང་ཤར་ཡི་གེར་བཏབ་པའོ། །འགལ་བ་མཆིས་ན་རྩ་གསུམ་ལྷ་ལ་བཤགས། །ཆོས་འདི་ཕྱོགས་མཐའ་ཀུན་ཏུ་ཁྱབ་པར་ཤོག །འདི་འཐོང་སྐལ་ལྡན་ཐམས་ཅད་ཀྱིས། །རང་རིག་ཆོས་སྐུའི་རང་ཞལ་མཐོང་བར་ཤོག །དགེའོ།། །། |
+ | </div> | ||
= Tsagli = | = Tsagli = |
Revision as of 04:17, 29 June 2015
བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་
by ཚོགས་གཉིས་པདྨ་དྲི་མེད་འོད་ཟེར་ (Tsoknyi Pema Drime Özer)
revealed by ཆོས་རྒྱལ་རྡོ་རྗེ་ (Chögyal Dorje)
in cycle གུ་རུ་དྲག་པོ་མཐིང་ག་ (Gu ru drag po mthing ga)
Volume 14 (ཕ) / Pages 1-2 / Folios 1a1 to 1b6
བརྒྱུད་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས་སོ། །རྩ་བ་གསུམ་གྱི་ལྷ་ལ་འདུད། རང་སེམས་མ་ཡེངས་མོས་གུས་དྲག་པོས་འདི་ལྟར་གསོལ་བ་ཐོབ། ཨེ་མ་ཧོ། ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང་ཁམས་ནས། །ཆོས་སྐུ་མགོན་པོ་སྣང་བ་མཐའ་ཡས་ལ། །དབྱེར་མེད་མོས་གུས་གདུང་བས་གསོལ་བ་འདེབས། །འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །ཤར་ཕྱོགས་རི་བོ་ཏ་ལའི་ཞིང་ཁམས་ནས། །སྙིང་རྗེའི་གཏེར་ཆེན་འཕགས་མཆོག་སྤྱན་རས་གཟིགས། །དབྱེར་མེད་མོས་གུས་གདུང་བས་གསོལ་བ་འདེབས། །འགྲོ་ཀུན་སྙིང་རྗེས་གྲོལ་བར་བྱིན་གྱིས་རློབས། །ལྷོ་ནུབ་པདྨ་འོད་ཀྱི་ཞིང་ཁམས་ནས། །སྣང་སྲིད་ཟིལ་གནོན་གུ་རུ་པདྨ་ལ། །དབྱེར་མེད་མོས་གུསྎ སྣང་སྲིད་རང་སར་གྲོལ་བར་བྱིནྎ རྩ་རླུང་མཁའ་སྤྱོད་བདེ་ཆེན་ཞིང་ཁམས་ནས། །གུ་རུའི་གསང་ཡུམ་ཡེ་ཤེས་མཚོ་རྒྱལ་ལ། །དབྱེར་མེད་མོས་གུསྎ རྩ་རླུང་བདེ་དྲོད་འབྱོང་བར་བྱིནྎ མཐིང་ནག་ཨེ་དབྱིངས་འབར་བའི་ཞིང་ཁམས་ནས། །བདུད་དཔུང་ཟིལ་གནོན་གུ་རུ་དྲག་པོ་ལ། །དབྱེར་མེད་མོས་གུསྎ མི་མཐུན་བར་ཆད་ཞི་བར་བྱིནྎ ཟབ་ཡངས་མི་འགྱུར་ལྷུན་གྲུབ་གཙུག་ལག་ཏུ། །རྗེ་འབངས་ཉེར་ལྔ་ལྷ་སྲས་མུ་ཁྲི་བཙན། །དབྱེར་མེད་མོས་གུསྎ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིནྎ གུ་རུའི་སྒྲུབ་གནས་སྤྱི་འབྱམས་གནས་མཆོག་ནས། །ཟབ་གཏེར་མངའ་བདག་མི་འགྱུར་རྡོ་རྗེ་ལ། །དབྱེར་མེད་མོས་གུས་གདུང་བསྎ འགྲོ་ཀུན་སྨིན་གྲོལ་ནུས་པར་བྱིནྎ སྒྲུབ་པའི་གནས་མཆོག་ཁྱུང་རྫོང་གཏེར་གནས་ནས། །ཟབ་གཏེར་སྒོ་འབྱེད་ཆོས་རྒྱལ་རྡོ་རྗེ་ལ། །དབྱེར་མེད་མོས་གུསྎ སྒྲུབ་པ་མཐའ་རུ་ཕྱིན་པར་བྱིནྎ རིག་རྩལ་འགག་མེད་ཆོས་སྐུའི་གཞལ་ཡས་ནས། །ཆོས་བདག་བཀའ་བརྒྱུད་བླ་མ་ཐམས་ཅད་ལ། །དབྱེར་མེད་མོས་གུསྎ སྣང་སྲིད་ཆོས་སྐུར་ཤར་བར་བྱིནྎ རང་རང་གར་བཞུགས་དག་པའི་ཞིང་ཁམས་ནས། །ཟབ་ཆོས་བཀའ་བབ་ཐུགས་སྲས་ཐམས་ཅད་ལ། །དབྱེར་མེད་མོས་གུསྎ མི་རྟག་རྒྱུད་ལ་སྐྱེ་བར་བྱིནྎ དུར་ཁྲོད་བརྒྱད་དང་སྒྲུབ་པའི་གནས་རྣམས་ནས། །ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །བསྟན་དགྲ་འདུལ་ཕྱིར་དྲག་པོའི་སྐུར་བཞེངས་པ། །བཀའ་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་ལ། །དབྱེར་མེད་མོས་གུས་གདུང་བས་གསོལ་བ་འདེབས། །ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འགྲོ་ཀུན་འཁྲུལ་པའི་སྣང་བ་རབ་བསལ་ནས། །འཁྲུལ་མེད་ཆོས་སྐུའི་རང་ཞལ་མཇལ་བར་ཤོག །བཀྲ་ཤིས་ཡར་ཟླ་ལྟ་བུར་རྒྱས་པར་ཤོག །ཅེས་གསོལ་འདེབས་འདི་བྱ་བཏང་ཚོགས་གཉིས་ཀྱིས་གང་ཤར་ཡི་གེར་བཏབ་པའོ། །འགལ་བ་མཆིས་ན་རྩ་གསུམ་ལྷ་ལ་བཤགས། །ཆོས་འདི་ཕྱོགས་མཐའ་ཀུན་ཏུ་ཁྱབ་པར་ཤོག །འདི་འཐོང་སྐལ་ལྡན་ཐམས་ཅད་ཀྱིས། །རང་རིག་ཆོས་སྐུའི་རང་ཞལ་མཐོང་བར་ཤོག །དགེའོ།། །།
TSAGLI image gallery goes here
Footnotes[edit]