Terdzo-CHI-039

Revision as of 16:40, 27 July 2015 by Jeremi (talk | contribs) (XML import Fill pdflink fields in text pages)
This page is under construction. Check back later for updated content.









སྒྲོལ་མའི་དབང་གི་སྐབས་འཁོར་གྱི་ལྷ་བསྐྱེད་རྒྱས་པ་

sgrol ma'i dbang gi skabs 'khor gyi lha bskyed rgyas pa

by  འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Jamyang Khyentse Wangpo)
revealed by  མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle  འཕགས་མ་སྒྲོལ་མ་འཇིགས་པ་ཀུན་སེལ་ ('phags ma sgrol ma 'jigs pa kun sel)
parent cycle  བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (Bla ma'i thugs sgrub bar chad kun sel)
Volume 36 (ཆི) / Pages 625-626 / Folios 1a1 to 1b6

[edit]

སྒྲོལ་མའི་དབང་གི་སྐབས་འཁོར་གྱི་ལྷ་བསྐྱེད་རྒྱས་པར་སྤྲོ་ན། མཐའ་སྐོར་གྱི་པད་འདབ་ཉི་ཤུ་ལ་མདུན་ནས་བརྩམ་སྟེ་གཡས་སྐོར་གྱིས་ཟླ་བའི་གདན་རེ་རེའི་སྟེང་དུ། ཞི་བའི་སྒྲོལ་མ་དཀར་མོ་ཤིན་ཏུ་ཞི་ཞིང་འཛུམ་པའི་ཉམས་ཅན་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་གཡོན་ཨུཏྤལ་བསྣམས་པ། ས་ཡི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་མཐིང་ག་གཡོན་ཨུཏྤ་ལར་གནས་པའི་རྡོ་རྗེ་བསྣམས་པ། ཆུ་ཡི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དམར་མོ་གཡོན་ནོར་བུ་མེ་ཤེལ་བསྣམས་པ། མེ་ཡི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་སེར་མོ་གཡོན་ནོར་བུ་ཆུ་ཤེལ་ཆུ་བོའི་རྒྱུན་འབེབ་བཞིན་པ་བསྣམས་པ། རླུང་གི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དཀར་མོ་གཡོན་འཁོར་ལོས་མཚན་པའི་རི་རབ་བསྣམས་པ། རྒྱས་པའི་སྒྲོལ་མ་སེར་མོ་སྒེག་པའི་ཉམས་ཅན་གཡས་རིན་པོ་ཆེ་དང་གཡོན་ལྕགས་ཀྱུྎ རྡོ་རྗེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ལྗང་མོ་གཡོན་སྣ་ཚོགས་རྡོ་རྗེྎ མཚོན་ཆའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་སྔོན་མོ་གཡོན་རལ་གྲིྎ རྒྱལ་པོའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དམར་མོ་གཡོན་ལྕགས་ཀྱུྎ ཆོམ་རྐུན་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ནག་མོ་གཡོན་དགྲ་སཏྭྎ དབང་གི་སྒྲོལ་མ་དམར་མོ་ཆགས་པའི་ཉམས་ཅན་གཡས་པདྨའི་ལྕགས་ཀྱུ་དང་གཡོན་ཞགས་པྎ ཤ་ཟའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ནག་པོ་གཡོན་ཕུར་པྎ གླང་ཆེན་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དུད་ཀ་གཡོན་མདུང་ཐུང་བསྣམས་པ། སེང་གེའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ནག་མོ་གཡོན་མེ་ཕུང་འབར་བ་བསྣམས་པ། སྦྲུལ་གྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དཀར་མོ་གཡོན་ནོར་བུ་ཆུ་ཤེལ་གྱི་བུམ་པ་བདུད་རྩིས་གང་བ་བསྣམས་པ། དྲག་པོའི་སྒྲོལ་མ་ནག་མོ་ཁྲོས་པའི་ཉམས་ཅན་ཕྱག་གཉིས་ཀྱིས་ཕུར་བུ་འདྲིལ་བ། ནད་ཀྱི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ལྗང་སེར་གཡོན་ཨ་རུ་ར་བདུད་རྩིའི་འོད་ཟེར་འཕྲོ་བྎ འཆི་བའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་དཀར་མོ་གཡོན་ཚེའི་བུམ་པྎ ཕོངས་པའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་སེར་མོ་གཡོན་གཏེར་ཆེན་པོའི་བུམ་པ་བཟང་པོྎ དོན་ཉམས་པའི་འཇིགས་པ་ལས་སྐྱོབ་ཅིང་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་སྩོལ་བའི་སྒྲོལ་མ་ལྗང་སེར་ཕྱག་གཡོན་དཔལ་བེའུ་བསྣམས་པ། ལས་བཞིའི་སྒྲོལ་མ་མ་གཏོགས་པ་གཞན་ཐམས་ཅད་ཞི་ཞིང་འཛུམ་ལ་དགྱེས་པའི་ཉམས་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོ་གཡས་པའི་སྟེང་དུ་བརྐྱང་ཞིང་། གཡོན་མེ་ཏོག་ཨུཏྤལ་སྔོན་པོའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་ཞིང་འདབ་མ་སྙན་གྱི་ཐད་སོར་ཁ་བྱེ་བའི་ཟེའུ་འབྲུར་སོ་སོའི་ཕྱག་མཚན་གྱིས་མཚན་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཏེ་ཞབས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམ་པའི་རོལ་སྟབས་ཀྱིས་རང་འོད་འཁྲིགས་པའི་ཀློང་ན་བཞུགས་པའི་ཡེ་ཤེས་སྒྱུ་མའི་སྐུར་ལམ་སྟེ་གྱུར་པའི་མོས་པ་མཛོད། ཅེས་སྦྱར།།

TSAGLI image gallery goes here

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).