Difference between revisions of "Terdzo-THA-010"
m (Text replacement - "cycletib=(.*);(.+)" to "parentcycletib=$1 |cycletib=$2") |
m (Text replacement - "= Tibetan Text = " to "<h1 style="font-size: 24px !important;">Tibetan Text</h1> ") |
||
Line 44: | Line 44: | ||
{{Header | {{Header | ||
}} | }} | ||
− | = Tibetan Text | + | <h1 style="font-size: 24px !important;">Tibetan Text</h1> |
<onlyinclude> | <onlyinclude> | ||
<div id='tibetan' class='tib-text'> | <div id='tibetan' class='tib-text'> |
Revision as of 14:47, 28 December 2017
མཆོག་གླིང་བླ་མ་དགོངས་འདུས་སྙིང་པོའི་བརྒྱུད་འདེབས་བདེ་ཆེན་སྣང་བ་
by དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Dilgo Khyentse Tashi Paljor)
revealed by མཆོག་གྱུར་གླིང་པ་ (Chogyur Lingpa)
in cycle བླ་མ་དགོངས་འདུས་སྙིང་པོ་ (Bla ma dgongs 'dus snying po)
parent cycle དམ་ཆོས་སྙིང་པོ་སྐོར་ལྔ་ (Dam chos snying po skor lnga)
Volume 10 (ཐ) / Pages 151 / Folios 1a1 to 1a6
མཆོག་གླིང་བླ་མ་དགོངས་འདུས་སྙིང་པོའི་བརྒྱུད་འདེབས་བདེ་ཆེན་སྣང་བ་བཞུགས། བདེ་ཆེན་འོད་མི་འགྱུར་བ་ཆོས་ཀྱི་སྐུ །ཚེ་མཐའ་ཡས་པའི་མགོན་པོ་ལོངས་སྤྱོད་རྫོགས། །རྒྱལ་ཀུན་སྤྱི་གཟུགས་པད་འབྱུང་སྤྲུལ་པའི་སྐུ །གསོལ་བ་འདེབས་སོ་བདེ་ཆེན་མཆོག་ཐོབ་མཛོད། །དཀྱིལ་འཁོར་ཁྱབ་བདག་པདྨ་བཛྲ་རྩལ། །གསང་འཛིན་མཁའ་འགྲོ་སྤྲུལ་པའི་རྗེ་འབངས་སྲས། །རང་སྣང་ཡེ་ཤེས་དཀྱིལ་འཁོར་འཁོར་ལོ་ལ། །གསོལ་བ་འདེབས་སོ་བདེ་ཆེན་མཆོག་ཐོབ་མཛོད། །གཏེར་འབྱིན་གྲུབ་བརྒྱའི་གཙུག་རྒྱན་མཆོག་གྱུར་གླིང་། །མཁྱེན་བརྩེའི་དབང་པོ་པདྨ་གར་གྱི་དབང་། །ཚེ་དབང་རྒྱ་མཚོ་འཇམ་མགོན་དྷརྨའི་མཚན། །གསོལ་བ་འདེབས་སོྎ རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །ཡེ་ཤེས་ཀློང་དགུའི་ཌཱ་ཀི་དམ་ཅན་དང་། །བཀའ་གཏེར་ཆོས་སྲུང་རྩ་གསུམ་དཀྱིལ་འཁོར་ལྷར། །གསོལ་བ་འདེབས་སོ་བདེ་ཆེན་མཆོག་ཐོབ་མཛོད། །དད་དང་ངེས་འབྱུང་སྙིང་རྗེའི་གཞི་བཟུང་སྟེ། །སྨིན་གྲོལ་རིམ་པས་རྡོ་རྗེའི་ལམ་མཐར་སོན། །སྐུ་བཞི་དབྱེར་མེད་བླ་མ་བདེ་བ་ཆེའི། །རྡོ་རྗེ་བཞིའི་དབྱིངས་མངོན་པར་བྱང་ཆུབ་ཤོག །ཅེས་པའང་ལྷ་རི་འབྲས་ལྗོང་སྤྲུལ་པའི་སྦས་གནས་ནས་རིན་ཆེན་གཏེར་མཛོད་ཆེན་པོའི་དབང་ལུང་འཆད་པའི་སྐབས་དད་པའི་བློ་ཡིས་མཚམས་སྦྱར་ཏེ་རྙིང་བཙུན་མངྒ་ལའི་མིང་གིས་བྲིས་ཤིང་གསོལ་བ་བཏབ་པ་བླ་མ་བདེ་བ་ཆེན་པོའི་བྱིན་རླབས་ཀྱི་བདུད་རྩི་སྙིང་ལ་་སིམས་པའི་དཔལ་དུ་གྱུར་ཅིག། །།