Difference between revisions of "Terdzo-BI-069"

m (Text replace - "}} = Tibetan Text = " to "}} = Tibetan Text = ")
m (Text replace - "</div> </onlyinclude> = Tsagli = " to "</div></onlyinclude> = Tsagli = ")
Line 20: Line 20:
 
ྈ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ དཔལ་ལྡན་རི་ཁྲོད་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ༔
 
ྈྈྈྈ བདག་འདྲ་པདྨ་འདུད་འདུལ་གྱིས༔ ད་ལྟའི་མཚོ་རྒྱལ་འབྲོག་མི་དང༔ མ་འོངས་སེམས་ཅན་དོན་སླད་དུ༔ རི་ཁྲོད་ལོ་མ་གྱོན་མ་ཡི༔ སྒྲུབ་ཐབས་ཟབ་མོ་འདི་བཞིན་ནོ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་སྔོན་འགྲོའི་རིམ་པ་ནི༔ དུས་ཆེན་ཡར་ངོའི་ཚེས་གྲངས་བཟང་པོ་ལ༔ དབེན་ཞིང་ཡིད་འོངས་གནས་མཆོག་ཏུ༔ བཀྲ་ཤིས་ས་ལ་མ་ངྷལ་ཆག་ཆག་གདབ༔ དེ་སྟེང་མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ དེ་དབུས་པདྨ་ཉི་ཟླའི་གདན༔ དེ་རྒྱབ་ཕྱོགས་བཞིར་པད་འདབ་བཞི༔ མཚམས་བཞིར་པད་ཆུང་བཞི་རེ་དང༔ དེ་རྒྱབ་འཇའ་འོད་མེ་རིས་བསྐོར༔ ཕྱོགས་བཞི་ཕྱོགས་ཚོན་པད་ཤུན་དཀར༔ འཇའ་འོད་སྣ་ལྔ་མེ་རིས་བསྐོར༔ དེ་སྟེང་མན་འཛིལ་ཁྲིའུའི་ཁར༔ བུམ་པ་མཚན་ལྡན་མགུལ་ཆིངས་དཀར་པོ་བྱ༔ གཙང་མའི་ཆུ་ཡིས་སུམ་ཆ་བཀང༔ བུམ་རྫས་ཉེར་ལྔ་གཞུང་བཞིན་ནོ༔ མེ་ཏོག་འབྲས་བུ་ཅན་གྱི་ཤིང་གིས་ཁ་རྒྱན་བྱ༔ གཡས་སུ་གཏོར་སྣོད་གཙང་མའི་ནང༔ གཏོར་མ་ཟླུམ་པོ་དཀར་པོ་བྱ༔ ཕྱོགས་བཞིར་ལྕོག་ཟླུམ་བཞི་ཡིས་བསྐོར༔ དེ་ཡི་མཐའ་མ་སྐྱུ་གུས་བསྐོར༔ རྒྱན་སོགས་ཐམས་ཅད་དཀར་པོ་བྱ༔ སྔོན་འགྲོ་བཅའ་གཞིའི་ལེའུ་སྟེ་དང་པོ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རང་ཉིད་ཁྲུས་བྱ༔ གོས་དཀར་པོ་གྱོན༔ བདེ་བའི་གདན་ལ་འདུག་ལ༔ སྐྱབས་འགྲོ་སེམས་བསྐྱེད་བྱ་བ་ནི༔ ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཅི་སྲིད་སྙིང་པོ་བྱང་ཆུབ་མ་ཐོབ་བར༔ སྐྱབས་གནས་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི་འོ༔ དེ་ནས་སེམས་བསྐྱེད་པ་ནི༔ ཁམས་གསུམ་སྐྱེ་གནས་བཞིའི་བསྡུས་སེམས་ཅན་རྣམས༔ ནད་གདོན་ཚེ་ལ་བར་ཆད་ཀུན་ཞི་ཞིང༔ ནད་འཇོམས་ལྷ་ཡི་གོ་འཕང་ཐོབ་བྱའི་ཕྱིར༔ དཔལ་ལྡན་རི་ཁྲོད་མའི་བསྒོམ་བཟླས་ལ་འཇུག་པར་བགྱི་འོ༔ སེམས་བསྐྱེད་པའི་ལེའུ་སྟེ་གཉིས་པའོ༔ དེ་ནས་ཡན་ལག་བཅུ་པ་ནི༔ ཨོཾ་ཨཱཿཧཱུྃ༔ བླ་མ་རིག་འཛིན་མཁའ་འགྲོའི་ཚོགས༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ མྱ་ངན་མི་འདའ་འགྲོ་བའི་དཔལ་གྱུར་བཞུགས༔ སྒོ་གསུམ་མི་དགེའི་ལས་གྱུར་མཐོལ་ཞིང་བཤགས༔ འཁོར་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བགྱི་འོ༔ ཡན་ལག་བཅུ་པའི་མཆོད་འབུལ་གྱི་ལེའུ་སྟེ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གཞལ་ཡས་ཁང་གི་ལྷ་བསྐྱེད་ནི༔ པཾ༔ པཾ་ལས་པདྨ་གནམ་ལྕགས་ལས་གྲུབ་པའི༔ ནག་ལ་རྔམས་བརྗིད་གཞལ་ཡས་ཁང་གི་དབུས༔ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ པདྨ་ཉི་ཟླ་བདུད་བཞིའི་སྟེང༔ རང་རིག་སྐད་ཅིག་དྲན་རྫོགས་སུ༔ པཾ་ཡིག་ལྗང་གུའི་འཕྲོ་འདུ་ལས༔ འཕགས་མཆོད་སེམས་ཅན་ཐམས་ཅད་ཀྱི༔ ཉོན་མོངས་ནད་རིགས་ཀུན་འཇོམས་ཤིང༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ བདག་ཉིད་རི་ཁྲོད་ལོ་མ་ཅན་གྱི་མཁའ་འགྲོ་མ༔ སྐུ་མདོག་ལྗང་གུ་ཞལ་གསུམ་ཕྱག་དྲུག་མ༔ དབུས་ལྗང་གཡས་དཀར་གཡོན་དམར་ཞལ༔ ཅུང་ཟད་ཁྲོ་ཞིང་སྒེག་པའི་ཉམས༔ སྤྱན་གསུམ་རབ་བསྒྲད་དབུ་སྐྲ་གྱེན་བརྫེས་ཤིང༔ གཡས་གསུམ་རྡོ་རྗེ་དགྲ་སཏྭ་མདའ༔ གཡོན་གསུམ་སྡིགས་མཛུབ་ཞགས་པ་ཤིང༔ ཞབས་བཞི་འདོར་ཐབས་བདུད་བཞི་བརྫིས༔ དཔག་བསམ་ཤིང་ལོ་རས་དཀར་སྐུ་སྟོད་གཡོགས༔ གསུས་འཕྱང་སྐུ་སྨད་སྟག་ཤམ་གསོལ༔ ཕྱག་གདུབ་ཞབས་གདུབ་དོ་ཤལ་ཀུན༔ རཏྣ་དང་ནི་ཤིང་གི་འབྲས་བུས་བརྒྱན༔ བསྐལ་པའི་མེ་ཕུང་ཀློང་དུ་བཞུགས༔ དེ་ལྟར་གསལ་བའི་གནས་གསུམ་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ ཕྱོགས་དུས་སངས་རྒྱས་མ་ལུས་ཀུན༔ དཔལ་ལྡན་རི་ཁྲོད་མ་ཡི་རྣམ་པར་སྤྱན་འདྲེན་ནོ༔ ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་ས་པ་རི་ཝཱ་ར་ས་མ་ཡ་ཛཿཛ༔ གཞལ་ཡས་ལྷ་བསྐྱེད་པའི་ལེའུ་སྟེ་བཞི་པའོ༔ དེ་ནས་སྤྱན་འདྲེན་པ་ནི༔ ཨོཾ༔ ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུ་སྤྲུལ་མ༔ རི་ཁྲོད་ལོ་མ་གྱོན་མ་འཁོར་དང་བཅས༔ འགྲོ་བའི་ནད་རྣམས་མ་ལུས་འཇོམས་མཛད་ཕྱིར༔ མ་ཐོགས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་པརྞ་ཤ་ཝ་རཱི་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ སྤྱན་འདྲེན་གྱི་ལེའུ་སྟེ་ལྔ་པའོ༔ དེ་ནས་ཕྱག་འཚལ་བ་ནི༔ ཨོཾ༔ ཆོས་སྐུ་ཀུན་ཏུ་བཟང་མོའི་ཆོ་རོལ་ལས༔ ལོངས་སྐུ་དཔལ་ལྡན་རི་ཁྲོད་མཁའ་འགྲོ་མ༔ གང་འདུལ་ཐབས་ཀྱིས་སྤྲུལ་སྐུས་གཞན་དོན་མཛད༔ སྐུ་གསུམ་ལྷུན་གྲུབ་མ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཕྱག་འཚལ་གྱི་ལེའུ་སྟེ་དྲུག་པའོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཨོཾ་པརྞ་ཤ་ཝ་རཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད༔ སྟོང་གསུམ་འདིའམ་གཞན་དག་ཐམས་ཅད་ན༔ ག་པུར་ཛཱ་ཏི་སྙིང་ཞོ་ཤ་ལ་སོགས༔ ཉོན་མོངས་ནད་འཇོམས་སྨན་གྱི་རིགས་རྣམས་ཀུན༔ དཔལ་ལྡན་རི་ཁྲོད་ལོ་མ་ཅན་ལ་འབུལ༔ ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང༔ ཚེ་ཡི་ཉོན་མོངས་ནད་རིགས་ཞི་བར་མཛོད༔ ཨོཾ་པརྞ་ཤ་ཝ་རཱི་ས་པ་རི་ཝཱ་ར་མ་ཧཱ་པཉྩ་པཱུ་ཙ་ཨཱཿཧཱུྃ༔ མཆོད་པ་འབུལ་བའི་ལེའུ་སྟེ་བདུན་པའོ༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་སྤྲུལ་པའི་ལྷ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གྱུར་མ༔ དཔལ་ལྡན་རི་ཁྲོད་ལོ་མ་གྱོན་མ་ནི༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་འགྱིང་བག་ཅན༔ ཉོན་མོངས་ནད་འཇོམས་མ་ལ་ཕྱག་འཚལ་བསྟོད༔ དར་དཀར་ཤིང་ལོ་སྟག་ཤམ་ན་བཟའ་གསོལ༔ ཞབས་བཞིས་བདུད་བཞི་མནན་ཅིང་ཁྲོ་ཚུལ་ལྡན༔ རང་རྟགས་རྒྱན་དང་ཕྱག་མཚན་སྣ་ཚོགས་ཐོགས༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་འཇོམས་མཛད་ལྷ༔ བདུད་འདུལ་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ འགྲོ་མགོན་ལྷ་མོ་ནད་རྣམས་འཇོམས་མཛད་མ༔ ཁྱེད་ལ་མཆོད་བསྟོད་ཕྲིན་ལས་བཅོལ་བ་ནི༔ རྣལ་འབྱོར་བདག་ཅག་མི་ནོར་འཁོར་བཅས་ལ༔ གློ་བུར་རིམས་ནད་ཀྲེ་ཏ་པར་པ་ཏ༔ ལྟག་ཚད་སྙིང་གཟེར་དམར་ཡམས་ལ་སོགས་པའི༔ འགོ་བའི་ནད་རྣམས་མ་ལུས་ཞི་བར་མཛོད༔ ཞི་མཛད་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ བསྟོད་པའི་ལེའུ་སྟེ་བརྒྱད་པའོ༔ ཨོཾ་པི་ཤཱ་ཙི་པརྞ་ཤ་བ་རཱི་སརྦ་ཨུ་པ་དྲ་བེ་པྲ་ཤ་མ་ནི་སྭཱ་ཧཱ༔ རྗེས་སྤྱོད་བསྔོ་བ་སྨོན་ལམ་ལ་སོགས་སྤྱི་མཐུན་བྱའོ༔ རྫོགས་རིམ་ཆོས་ཉིད་སྟོང་པའི་ངང་ལ་བཞག༔ འགྲོ་ལ་སྙིང་རྗེ་ཚད་མེད་བསྒོམ༔ པདྨའི་ཐུགས་བཅུད་ཁྱད་པར་ཅན༔ ཉམས་སུ་བླངས་པའི་སྐལ་ལྡན་ཀུན༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང༔ གདོན་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཁྱད་པར་འགོ་བའི་ནད་ཀྱིས་མི་ཚུགས་འགྱུར༔ འདི་ཉིད་སྒྲུབ་པའི་ས་ཕྱོགས་དེར༔ མི་ནད་ཕྱུགས་ནད་ཐམས་ཅད་ཀུན༔ མྱུར་དུ་ཞི་བར་ཐེ་ཚོམ་མེད༔ མཐར་ཐུག་འབྲས་བུ་ཚེ་འདི་ལ༔ བདེ་ཆེན་གནས་སུ་ངེས་པར་སྐྱེ༔ ཨེ་མ་ནད་ཀུན་འཇོམས་པའི་མན་ངག་འདི༔ བདག་འདྲ་ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་ཀྱིས༔ ཙིཏྟའི་ཁྲག་ཕྱུང་ལག་མཐིལ་བཀོད་པ་འདི༔ ད་ལྟ་མཚོ་རྒྱལ་འབྲོག་མི་གཉིས་ལ་བསྟན༔ ད་ལྟ་སྤེལ་བའི་གནས་མེད་པས༔ ཉམས་སུ་ལོངས་ལ་གཏེར་དུ་སྦོས༔ དུས་ངན་སྙིགས་མའི་སེམས་ཅན་ལ༔ འགྲོ་དོན་དཔག་མེད་འབྱུང་བར་འགྱུར༔ མ་འོངས་སྙིང་གི་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་ལྡན་རི་ཁྲོད་མའི་སྒྲུབ་ཐབས་འདི་ཁོ་ནའོ༔ འདི་ཁོ་ནའོ༔ མ་འོངས་དུས་ངན་སྙིགས་མ་ལྔ་བརྒྱའི་ཚེ༔ ཐེག་ཆེན་བསྟན་པ་དར་ལ་མ་སྨིན་དུས༔ གསང་སྔགས་ཟེར་ཞིང་བཅོས་མའི་ཆོས་ཀྱིས་གང༔ ཆོས་རྣམས་ཐམས་ཅད་ཚོང་དུས་འོ་མ་འདྲ༔ དཔེར་ན་ནས་ལ་ཕུབ་མ་བསྲེས་དང་མཚུངས༔ ལྟར་སྣང་ལེགས་ཀྱང་གྲུབ་རྟགས་ཐོན་མི་མེད༔ གལ་སྲིད་ཐོན་ཀྱང་ཕུགས་སུ་བཀྲ་མི་ཤིས༔ དེ་ཕྱིར་མཁས་འདོད་སྤྲེལ་འདྲའི་སློབ་དཔོན་འགས༔ རྡོ་རྗེའི་ཚིག་རྐང་འདི་རྣམས་ལ༔ བཟོ་བཅོས་མ་བྱེད་པདྨ་རྒྱལ་པོའི་བཀའ༔ རོལ་པ་རྐྱ་བདུན་ཁྱོད་ལ་བཀའ་འདི་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རིག་འཛིན་བདུད་འདུལ་རྡོ་རྗེས། ཚ་བ་སྒྲོ་བྲག་ཅེས་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཨོ་རྒྱན་བསྟན་སྲུང་ངོ་།། །། ྈ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ དཔལ་ལྡན་རི་ཁྲོད་མའི་བུམ་སྒྲུབ་ཉོན་མོངས་ནད་འཇོམས་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈ བདག་འདྲ་པདྨ་བདུད་འདུལ་གྱིས༔ མ་འོངས་ང་ཡི་ཐུགས་སྲས་དོན་ཕྱིར་དུ༔ རྗེ་བཙུན་རི་ཁྲོད་མའི་སྒྲུབ་ཐབས་འདི་བཞིན་ནོ༔ བུམ་པ་དཀར་པོ་འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་ཅིང༔ གཙང་མའི་གོས་ཀྱི་མགུལ་ཆིངས་དཀར་པོ་བྱ༔ དུང་ཆོས་གཟུངས་ཐག་རྡོ་རྗེ་རྣམས་ཀྱིས་ལེགས་པར་བརྒྱན་བྱས་ལ༔ ག་པུར་གྱིས་གཙོར་བྱས་པའི་བུམ་རྫས་རྣམས་སྤྱི་ལྟར་གསག༔ ཡོལ་བ་བླ་བྲེ་རྒྱལ་མཚན་སོགས༔ གཞན་ཡང་དཀོན་མཆོག་གི་རྟེན་རྣམས་ལེགས་པར་བཀྲམ༔ གཞན་ཡང་མཆོད་པའི་བྱེ་བྲག་ཐམས་ཅད་བཤམ༔ རྡོར་དྲིལ་དང་ཏིང་ཤག་རྣམས་བཞག་ལ༔ བདག་མདུན་རྣམས་སྔོན་དུ་སོང་བས༔ བུམ་པ་བསང་སྦྱང་བྱ༔ བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ༔ ཞབས་ཞུམ་པ་ལྟོ་བ་ལྡིར་བ༔ མགྲིན་པ་ཕྲ་བ་ཁ་གཡེལ་བ༔ ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བར་གྱུར་པ་ལ༔ པད་ཉིའི་གདན་ལ་རྗེ་བཙུན་མ་གཞུང་ལྟར་བསྐྱེད་ཅིང་བཟླས་པ་ལ་འབད་དོ༔ མངོན་རྟོགས་ནི༔ མདུན་གྱི་དལ་མི་དམིགས་པ་སྟོང་པའི་ངང་ལས༔ པཾ་ཡིག་ལྗང་གུའི་འཕྲོ་འདུ་ལས༔ དོན་གཉིས་བྱས༔ དཔལ་ལྡན་རི་ཁྲོད་ལོ་མ་གྱོན་མ་སྐུ་མདོག་ལྗང་གུ་ཞལ་གསུམ་ཕྱག་དྲུག་མ༔ གཡས་དཀར་གཡོན་དམར་དབུས་ལྗང་ཞལ༔ ཅུང་ཟད་ཁྲོ་ཞིང་བཞད་ཚུལ་ཅན༔ སྤྱན་གསུམ་གསུམ་དང་ལྡན་པ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང༔ ཕྱག་གཡས་གསུམ་རྡོ་རྗེ་དང་དགྲ་སཏྭ་ཤེས་རབ་ཀྱི་མདའ་བསྣམས་པ༔ གཡོན་གསུམ་སྡིགས་མཛུབ་དང་ཞགས་པ་ཤིང་འབྲས་ལོ་མ་ཅན་བསྣམས་པ༔ སྐུ་སྟོད་ལ་དར་དཀར་གྱི་ན་བཟའ་དང་དཔག་བསམ་གྱི་ཤིང་ལོ་གསོལ་བ༔ ཕྱག་ཞབས་ཐམས་ཅད་རིན་པོ་ཆེ་དང་ཤིང་གི་འབྲས་བུས་བརྒྱན་པ༔ གསུས་པ་འཕྱང་ཞིང་སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་གསོལ་བ༔ ཞབས་བཞི་བསྒྲད་ཅིང་ཉོན་མོངས་པའི་བདུད་བཞི་མནན་པ༔ ཡེ་ཤེས་ཀྱི་མེ་རི་མེ་ཕུང་འབར་བའི་ཀློང་དུ་བཞུགས་པའི༔ གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ སྒྲུབ་ཐབས་བཞིན་དུ་རིག་པའི་མདའ་དང་སྦྱར༔ བསྙེན་པ་ལ་འབད་པ་གལ་ཆེའོ༔ བུམ་པའི་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་ཆུ་དང་གཉིས་མེད་དུ་འདྲེས༔ སྨན་གྱི་སྡོང་པོར་གྱུར་ཅིང་ནད་གསོའི་སྨན་གྱི་བཅུད་དུ་གྱུར་པར་བསམ༔ རི་ཁྲོད་ལོ་མ་གྱོན་མའི་ཡང་ཟབ་སྒྲུབ་སྐོར་བཅུད་བསྡུས་འདི༔ མ་འོངས་སེམས་ཅན་དོན་ཕྱིར་དུ༔ བློ་གསལ་འགྲོ་ལ་སྙིང་རྗེ་ཆེ་ལྡན་པ༔ བཀའ་འདི་མ་འོངས་ང་སྤྲུལ་བུ་དང་འཕྲད་པར་ཤོག༔ རོལ་པ་རྐྱ་བདུན་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ གསང་རྒྱ༔ སྦས་རྒྱ༔ ཤིན་ཏུ་གཉན་པས་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རིག་འཛིན་བདུད་འདུལ་རྡོ་རྗེས། ཚ་བ་སྒྲོ་བྲག་ཅེས་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི། ཨོ་རྒྱན་བསྟན་སྲུང་ངོ་།། །། ྈ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ དཔལ་ལྡན་རི་ཁྲོད་ལོ་གྱོན་མའི་དབང་ཆོག་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈ བདག་འདྲ་པདྨ་འོད་འབར་གྱིས༔ མ་འོངས་སེམས་ཅན་དོན་ཕྱིར་དུ༔ གཏེར་ཁ་བྱེ་བ་མང་སྦས་ཀྱང༔ ཀུན་གྱི་ཡང་སྙིང་སྤྲུལ་སྐུ་སྙིང་ཐིག་གི༔ ཆ་རྐྱེན་དཔལ་ལྡན་རི་ཁྲོད་ལོ་མ་ཡི༔ དབང་བསྐུར་ཟབ་མོ་འདི་བཞིན་ནོ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་སྔོན་འགྲོའི་རིམ་པ་འདི་བཞིན་ནོ། ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ གྲལ་དུ་འཁོད་ལ་མ་རྡལ་འབུལ༔ གསོལ་བ་འདེབས་པ་ནི༔ ཨེ་མ་བླ་མ་རིན་པོ་ཆེ༔ སངས་རྒྱས་ཀུན་བདག་རྡོ་རྗེ་འཛིན༔ ཉོན་མོངས་དྲི་མས་རབ་དབེན་ཕྱིར༔ དཔལ་ལྡན་རི་ཁྲོད་མཁའ་འགྲོ་མའི༔ གསང་བའི་དབང་མཆོག་བསྐུར་དུ་གསོལ༔ ཞེས་པས་ཡེ་ཤེས་པ་དབབ་ཅིང༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱེད༔ དངོས་གཞི་དབང་ནི་བུམ་པ་སྤྱི་བོར་བཞག་ལ་འདི་སྐད་དོ༔ ཧཱུྃ་ཧྲཱི༔ བཀྲ་ཤིས་བུམ་པ་མཚན་ལྡན་གཞལ་ཡས་ཁང༔ ཉོན་མོངས་ནད་འཇོམས་བདུད་རྩི་སྨན་མཆོག་འདིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ ཉོན་མོངས་ནད་རིགས་མ་ལུས་རབ་ཞི་ནས༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་ཤོག༔ ཨོཾ་ཨཱཿཧཱུྃ་པརྞ་ཤ་ཝ་རཱི་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ གནས་གསུམ་དུ་བསྐུར་ལ༔ དེ་ནས་བཟླས་ལུང་སྦྱིན༔ རང་ཉིད་དཔལ་ལྡན་རི་ཁྲོད་ལོ་མ་ཅན་གྱི་མཁའ་འགྲོ་མར་གསལ་བའི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ པཾ་ཡིག་ལྗང་གུའི་མཐའ་སྐོར་དུ༔ སྔགས་ཕྲེང་ལས་འོད་ཟེར་འགལ་མེ་ལྟ་བུར་འཁོར༔ སློབ་དཔོན་གྱི་ཞལ་ནས་ཐོན་སློབ་མའི་སྙིང་གའི་སྔགས་ཕྲེང་ལ་ཐིམ་པར་བསམ་ལ༔ བཟླས་ལུང་སྦྱིན༔ ཕྲེང་བ་ལག་ཏུ་གཏད་ལ་འདི་སྐད་དོ༔ གསལ་ཆ་མ་འགགས་ཡི་དམ་ལྷ་ཡི་དབང༔ གསང་སྔགས་སྙིང་པོ་འུར་ཏིར་སིང་སྒྲ་སྒྲོག༔ སྔགས་བཟླས་ཆུ་རྒྱུན་ཅི་བཞིན་དུ༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ རྩ་སྔགས་བཟླ༔ དབྱངས་ཡིག་དང་ཡེ་དྷརྨཱ་བརྗོད༔ དེ་ནས་མེ་ལོང་སྨན་ལྔ་སིནྡྷུ་རས་བྱུགས་པ་སྙིང་གར་བཞག་ལ༔ ཆོས་དབྱིངས་རྣམ་དག་ཡི་དམ་ལྷ་ཡི་དབང༔ རྟོག་མེད་དབང་མཆོག་བྱང་སེམས་སིནྡྷུ་ར༔ ནད་ཀུན་སེལ་མཛད་པཉྩ་ལྔ་ཡི་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ ཀྲེ་ཏ་པར་པ་ཏ་ལ་སོགས་པ་ཡི༔ ནད་གདོན་མ་ལུས་ཐམས་ཅད་ཀུན་ཞི་ཤོག༔ རྩ་སྔགས་ཤམ་བུར་ཙིཏྟ་སོགས་བརྗོད༔ གཏོར་མ་སྤྱི་བོར་བཞག་ལ༔ ཧཱུྃ༔ ཡེ་ཤེས་ལྔ་ལྡན་དམ་རྫས་བ་ལིང་ཏ༔ སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་ཌཱ་ཀིའི་དབང༔ ཉོན་མོངས་ནད་འཇོམས་མ་ཡི་དབང་བསྐུར་བས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས་རྫོགས་ཤོག༔ རྩ་སྔགས་དང་བ་ལིང་ཏ་སོགས་བྱའོ༔ ཚིག་དབང་ནི༔ ཨེ་མ་ལྟ་བ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཡིན༔ སྒོམ་པ་མི་འགྱུར་མི་ཞིག་དཔྱོད་སྒོམ་བྲལ༔ སྤྱོད་པ་འགགས་མེད་རང་གྲོལ་ཤུགས་འབྱུང་དང༔ དམ་ཚིག་འཕྲིན་ལས་གཞན་དོན་སྣ་ཚོགས་སྤྱོད༔ འབྲས་བུ་རང་གྲོལ་ཡེ་ཤེས་ཀུན་ཏུ་བཟང༔ ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་ཡང༔ ཡི་དམ་ལྷ་ཚོགས་སྐུ་གསུང་ཐུགས་ལ་ཚང༔ རིག་སྟོང་གྲགས་སྟོང་དྲན་སྟོང་སྟོང་པའི་ཚོགས༔ སེམས་བྱུང་སྟོང་གསལ་རང་བྱུང་མ་འགགས་གསལ༔ རྣམ་རྟོག་འགྱུ་དྲན་ངོ་བོ་ཉིད་ཀྱིས་སྟོང༔ ཡེ་ཤེས་ལྷན་ཅིག་སྐྱེས་པས་དགག་སྒྲུབ་མེད༔ རྟག་ཏུ་དེ་ཉིད་ངང་ལ་གནས་པར་མཛོད༔ རྟག་ཏུ་དེ་ཉིད་ངང་ལ་གནས་གྱུར་ན༔ ཚེ་འདིར་སངས་རྒྱས་འགྲུབ་ངེས་སྐལ་ལྡན་ཀུན༔ ཚོགས་འཁོར་བསྐོར༔ རྗེས་ཆོག་སྤྱི་དང་མཐུན་པར་བྱའོ༔ ཨེ་མ་རི་ཁྲོད་ལོ་མ་ཅན་གྱི་མཁའ་འགྲོ་མའི༔ དབང་ཆོག་བདུད་རྩིའི་བུམ་པ་འདི༔ མ་འོངས་ལས་ཅན་བུ་ཡི་དོན་ཕྱིར་དུ༔ མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབས་ལ་གཏེར་དུ་སྦོས༔ རི་ཁྲོད་མ་ཡི་སྒྲུབ་ཐབས་མང་སྦས་ཀྱང༔ དབང་ཆོག་བཅུད་ལྡན་འདི་ལས་མེད༔ བཀའ་འདི་མ་འོངས་ལས་ཅན་བུ་དང་འཕྲད་པར་ཤོག༔ རོལ་པ་རྐྱ་བདུན་ཁྱོད་ལ་བཀའ་འདི་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐལ་མེད་བྱུང་ན་དབང་པོ་སྣུབས༔ མནྟྲ༔ གྷུ་ཧྱ༔ བརྡ་ཐིམ༔ རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རིག་འཛིན་འདུད་འདུལ་རྡོ་རྗེས། ཚ་བ་སྒྲོ་བྲག་ཅེས་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཨོ་རྒྱན་བསྟན་སྲུང་ངོ་། །ཤོག་སེར་བུ་ལས་དུས་མཐའི་བན་སྤྲང་གིས་ཞལ་བཤུས་སོ། །སརྦ་མངྒ་ལཾ། ས་མ་ཡ་ཐ།། །། ྈ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ དཔལ་ལྡན་རི་ཁྲོད་ལོ་མ་ཅན་གྱི་སྲུང་འཁོར་ཡིད་བཞིན་ནོར་བུ་བཞུགས་སོ༔ ྈྈྈ བདག་འདྲ་རིག་འཛིན་པདྨ་བདུད་འདུལ་གྱིས༔ རྗེ་བཙུན་རི་ཁྲོད་མའི་སྲུང་འཁོར་ཟབ་མོ་འདི་བཞིན་ནོ༔ རས་སམ་གྲོ་ཤོག་ལེགས་པོ་ལ༔ མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ དབུས་སུ་པཾ་ཡིག་ཁོག་ཡངས་བྲི༔ དེ་ཡི་ཁོག་པར་རྩ་སྔགས་དང༔ གང་བསྲུང་གི་མིང་དང་སྤེལ་ཚིག་བྲི༔ དེ་ཡི་ཕྱི་རིམ་རྩིབས་བཞི་ལ༔ སྔགས་མགོ་ཕྱིར་བསྟན་སྔགས་ཚན་ཚང་བར་བྲི༔ རྩིབས་མཆན་ལ་ཡང་དེ་བཞིན་ཚང་བར་བྲི༔ དེ་རྒྱབ་མུ་ཁྱུད་ཕྱོགས་བཞིར་རྡོ་རྗེ་བཞི༔ མཚམས་བཞིར་ཆུ་རིས་བྲིའོ༔ དེ་རྒྱབ་མུ་ཁྱུད་ལ་སྔགས་མགོ་གཉིས་སྤྲད་གང་ཤོང་བསྲུང་བྱའི་སྤེལ་ཚིག་སྲུངས་ཤིག་རཀྵ་སོགས་བྲི་བར་བྱའོ༔ དེ་རྒྱབ་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ་བྲི༔ དེའི་ཕྱི་རིམ་མེ་རིས་བསྐོར༔ ཙཀྲ་གུར་གུམ་གྱི་ཁུ་བས་བྲིའོ༔ རྩ་སྔགས་ཀྱིས་རབ་ཏུ་གནས་པར་བྱ༔ བསྒྲུབ་བྱའི་མགུལ་ལམ༔ ཕོའི་དཔུང་པ་གཡས༔ མོའི་གཡོན་དུ་བཏགས་སོ༔ འདི་ཡི་ཡོན་ཏན་བརྗོད་ལས་འདས༔ ཉོན་མོངས་ནད་ལས་གྲོལ་བ་དང༔ ཁྱད་པར་འགོ་བའི་ནད་ཀྱིས་ཚུགས་མི་སྲིད༔ གདོན་བགེགས་གནོད་པས་ཚུགས་མི་འགྱུར༔ མི་དང་མི་མིན་ཉེར་འཚེ་དང༔ ཆེ་འདྲེ་ཆུང་སྲིའི་གནོད་པ་དང༔ རྨི་ལམ་མཚན་མ་ངན་པ་དང༔ བྱད་དང་རྦོད་གཏོང་དལ་ཡམས་དང༔ མདོར་ན་མི་ཕྱུགས་ནོར་ནད་ལ་སོགས་པ༔ བདུད་དང་གཤིན་རྗེ་སྲིན་པོའི་འཇིགས་པ་སོགས༔ དེ་དག་ཀུན་ལས་གྲོལ་བར་འགྱུར༔ སྟག་གཟིག་དོམ་དྲེད་དུག་སྦྲུལ་རྐུན་བུ་སོགས༔ དེ་དག་ཀུན་ལས་སྐྱོབ་པར་འགྱུར༔ མཐོང་ཐོས་འགྲོ་བ་ཀུན་གྱི་ཡིད་དུ་འོང་བར་འགྱུར༔ ཙཀྲ་གཟའ་སྐར་ཚེས་གྲངས་བཟང་པོ་ལ་བྲི་བ་གནད་ཆེ༔ གུ་གུལ་གྱིས་བདུག་ཅིང་བགེགས་བསྐྲད༔ དམ་ཚིག་བསྐྱེད་ཅིང་ཡེ་ཤེས་པ་བསྟིམ༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ རང་སྔགས་ཁྲི་འབུམ་བཟླས་ཤིང་ཙཀྲ་ལ་ཕུ་བཏབ༔ གཡོགས་སེར་པོ་བྱ༔ མི་ནག་ལ་མགུལ་དུ་བཏགས༔ ལོ་རེ་བཞིན་དུ་རབ་གནས་བསྐྱར༔ སྐྱེ་དམན་དང་དུད་འགྲོ་ལ་བསྲུང་ན༔ པཾ་ཁོག་སྔགས་ཚར་གཅིག་གི་མཐར་འདི་ལྟར་བྲིའོ༔ ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་སརྦ་ཨུ་པ་པྲ་ཤ་མ་ནི་སྭཱ་ཧཱ༔ གང་བསྲུང་གི་མིང་དང་རཀྵ་བྲིའོ༔ རྟེན་འབྲེལ་སྙིང་པོ་བརྒྱ་རྩས་རབ་གནས་བྱའོ༔ གཞན་ལ་མེད་པའི་ཁྱད་ཆོས་འདི༔ བུད་མེད་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ བཀའ་འདི་རོལ་པ་རྐྱ་བདུན་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་སྙིང་གི་བུ་དང་འཕྲད་པར་ཤོག༔ འཕྲད་ནས་འགྲོ་ལ་ཕན་ཐོགས་རྒྱ་ཆེར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེས། ཚ་བ་སྒྲོ་བྲག་ཅེས་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཨོ་རྒྱན་བསྟན་སྲུང་ངོ་། །ཤོག་སེར་བུ་ལས་ཞལ་བཤུས་པའི་ཡི་གེ་ནི། དུས་མཐའི་བན་སྤྲང་དྷརྨ་སཱ་ག་རའོ། །ཅི་སྲིད་འཇིག་རྟེན་བསྐལ་པ་མ་སྟོངས་བར། དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ། །སརྦ་ཛ་ག་ཏཾ།། །། ྈ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ དཔལ་ལྡན་རི་ཁྲོད་མའི་མེ་མཆོད་ཕྲིན་ལས་མྱུར་འགྲུབ་མ་བཞུགས་སོ༔ ྈྈྈ བདག་འདྲ་པདྨ་བདུད་འདུལ་གྱིས༔ དཔལ་ལྡན་རི་ཁྲོད་མའི་མེ་མཆོད་འདི་བཞིན་ནོ༔ མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབས་ལ་གཏེར་དུ་སྦོས༔ མ་འོངས་ཚེ་ན་འགྲོ་དོན་དཔག་མེད་འབྱུང༔ ཤར་གྱི་ཕྱོགས་ནས་ས་བླངས་ལ་མ་རྡལ་མདའ་གང་བྱ༔ ད་ལ་སྒྲུབ་བཞུང་བཞིན་བྲི་བར་བྱ༔ ཙནྡན་དཀར་པོ་དང་ལོ་མ་ཅན་གྱི་ཤིང་ལ༔ ཞི་བའི་ཐབ་ཁུང་ཟླུམ་པོར་བརྩིགས༔ ཞི་བའི་སྦྱིན་སྲེག་ཐམས་ཅད་སྤྱི་ལྟར་གསོག༔ མེ་ལྷ་བླ་མ་ལྟར་དུ་བསྐྱེད༔ མེ་ལྷའི་ལྟོ་བར་རྗེ་བཙུན་མ་བསྐྱེད་ཅིང༔ སྤྱན་འདྲེན་མཆོད་བསྟོད་གཞུང་བཞིན་བྱ༔ བསྲེག་རྫས་འབུལ་ཞིང༔ ནད་གདོན་སྡིག་སྒྲིབ་ཞི་བའི་ཕྲིན་ལས་བཅོལ༔ རྩ་སྔགས་ཤམ་བུར་གང་འདོད་ཁ་ལོ་བསྒྱུར༔ ཉེས་བྱས་བཤགས༔ ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༔ ཡེ་ཤེས་པ་གཤེགས༔ དམ་ཚིག་པ་རང་ལ་བསྡུ༔ སྨོན་ལམ་བཏབ་ཅིང་ཤིས་པ་བརྗོད༔ འདི་བགྱིས་ཡོན་ཏན་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ འགལ་རྐྱེན་བཀྲ་མི་ཤིས་ཀུན་ཞི༔ བཞི་བརྒྱ་རྩ་བཞིའི་ནད་ལ་སོགས༔ མི་ནད་ནོར་ནད་ཐམས་ཅད་རྒྱུན་ཆད་འགྱུར༔ མ་འོངས་རིག་འཛིན་པདྨའི་ཐུགས་ཀྱི་སྲས༔ བདུད་འདུལ་རྡོ་རྗེ་རྩལ་དང་འཕྲད་པར་ཤོག༔ རོལ་པ་རྐྱ་བདུན་ཁྱོད་ཀྱིས་བཀའ་འདི་ཐུབ་པར་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་བདུད་འདུལ་རྡོ་རྗེས་ཚ་བ་སྒྲོ་བྲག་ཅེས་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཨོ་རྒྱན་བསྟན་སྲུང་ངོ་།། །། ༈ རྗེ་བཙུན་ཤ་ཝ་རི་པའི་དམིགས་འབྱེད་གསལ་བའི་མེ་ལོང་ཞེས་བྱ་བ་གཏེར་སྟོན་རང་གིས་སྦྱར་བ་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ རྗེ་བཙུན་ཤ་བ་རི་པ་ཡི། མ་ནོར་དམིགས་པའི་འཕྲོ་འདུ་འདི་བཞིན་བཀོད། །པད་འབྱུང་མཁའ་འགྲོའི་ཚོགས་ཀྱིས་གནང་བར་ཞུ། །ནོར་འཁྲུལ་བྱུང་ན་ཆོས་ཉིད་ཀློང་དུ་བཟོད་པར་གསོལ། །དེ་ཡང་བསྐྱེད་རིམ་ལ་ཡང་རིམ་བསྐྱེད། ཐོལ་བསྐྱེད་སྐད་ཅིག་དྲན་རྫོགས་བསྐྱེད། །དབང་པོའི་ཡུལ་དང་སོ་སོའི་གཞུང་མཐུན་ལ། །ད་ལན་འདི་ནི་སྒྲུབ་ཐབས་དང་མཐུན་པར། །སྟོང་པའི་ངང་རྩལ་སྙིང་རྗེའི་ངང་ཉིད་ལས། །རང་རིག་འགག་མེད་པཾ་ཡིག་རིག་པའི་རྩལ། ཁ་དོག་ལྗང་གུ་འོད་འཕྲོས་འཕགས་པ་མཆོད། །ཚུར་འདུས་སེམས་ཅན་རྣམས་ཀྱི་ལས་སྒྲིབ་སྦྱངས། །སྐད་ཅིག་དྲན་རྫོགས་རིག་པའི་རང་མདངས་ཙམ། །ཆུ་ལས་ཉ་འཕར་ལྟ་བུ་ཡིས། །སྣང་སྟོང་ཆུ་ཟླ་འཇའ་ཚོན་ལྟ་བུར་བསྐྱེད། །ཨ་འཐས་སྒོམ་ན་གཤིན་རྗེ་སྲིན་པོའི་རིགས་སུ་གོལ། །ཞེན་འཛིན་བྲལ་བ་ཆུ་ཟླ་འཇའ་ཚོན་བཞིན། །རིག་པའི་མདངས་ཙམ་བསྒོམ་པ་གུ་རུ་པདྨའི་བཀའ། ཁོ་བོས་མ་ནོར་ཉམས་ལེན་ཡི་གེར་བཀོད། །སྐལ་ལྡན་ལས་ཅན་བུ་ཡིས་ཉམས་ལེན་དེ་ལྟར་མཛོད། ༈ །རང་ཉིད་རི་ཁྲོད་ལོ་མར་གསལ་བ་ཡི། །སྙིང་གར་སྐྱེ་མེད་ཉི་མའི་སྟེང་། །འགག་མེད་རིག་པ་པཾ་ཡིག་བཀོད། །རང་རྩལ་སྔགས་ཕྲེང་ལྗང་གུ་ལས། །འོད་ཟེར་དམར་པོ་འགལ་མེ་ལྟ་བུར་འཁོར། །མདུན་བསྐྱེད་རང་འདྲའི་སེམས་དཔའི་ཐུགས་ཀར་ཕོག །མདུན་གྱི་སེམས་དཔའི་ཐུགས་དམ་རྒྱུད་བསྐུལ་ནས། །སེམས་དཔའི་ཐུགས་ཀར་སྔགས་ལས་འོད་འཕྲོས་པས། །ཕྱོགས་དུས་རྒྱལ་བ་རྣམས་ལ་མཆོད་པ་ཕུལ། །རྒྱལ་བའི་བྱིན་རླབས་ནུས་སྟོབས་མ་ལུས་པ། །འོད་ཟེར་ཚུར་འདུས་མདུན་བསྐྱེད་སེམས་དཔའ་ཉིད་ལ་ཐིམ། །དབུགས་རྔུབ་ཚེ་ན་འོད་ཟེར་ཚུར་འདུས་བདག་ལ་ཐིམ། །དབུགས་ཉིད་ཕར་འཕྲོས་མདུན་བསྐྱེད་ཐུགས་རྒྱུད་བསྐུལ། །ཚུར་རྔུབ་བྱིན་རླབས་དངོས་གྲུབ་རང་ལ་བསྡུ། །དེ་ལྟར་དབུགས་ཀྱི་འཕྲོ་འདུ་རྣམས། །འོད་ཟེར་སྤྲོ་བསྡུ་དག་ལ་དམིགས། །བུམ་པ་ལ་ཡང་དེ་བཞིན་བྱ། །བུམ་པའི་ལྷ་ཚོགས་བ་སྤུའི་བུ་ག་ནས། །བདུད་རྩིའི་རྒྱུན་བྱུང་བུམ་པ་གང་བར་བསམ།  སླར་ཡང་བུམ་པའི་ལྷ་ཚོགས་འོད་ཞུ་ནས། །འཁྱག་པ་ཆུ་རུ་ཞུ་བ་ལྟར། །བུམ་པའི་ཆུ་དང་གཉིས་མེད་འདྲེས་ནས་ནི། །བདུད་རྩིའི་རྒྱ་མཚོ་སྨན་གྱི་སྡོང་པོ་འགྲོ་ཀུན་ནད་གསོ་བའི་བཅུད་དུ་གྱུར་པར་དམིགས་ལ། བརྗོད་བྲལ་ངང་ལ་བཞག །ཐུན་བསྡུ་ཁར། རྗེ་བཙུན་ཤ་ཝ་རི་པའི་དཀྱིལ་འཁོར་འདི་ལ། བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས། ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ། བརྟན་པར་བཞུགས་སུ་གསོལ། བཞུགས་ནས་སེམས་ཅན་ཐམས་ཅད་ལ། མགོན་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ་ལོ། །འདོད་པའི་དོན་ལ་གསོལ་བ་གདབ། ཨཱ་ལི་ཀཱ་ལི་ཡི་གེ་བརྒྱ་པ་ཡེ་དྷརྨཱ་ལ་སོགས་བརྗོད། དེ་ནས་དབང་བཞི་འདིར་བླང་། གཞུང་ནས་བསྡུ་རིམ་སྤྱི་ལྟར་བྱ་གསུང་འདུག་པས། བསྔོ་བ་སྨོན་ལམ་ནི། ན་མོ་བདག་གིས་རྗེ་བཙུན་ཤ་ཝ་རི་པ་ཡི། །སྐུ་ཡི་རྡོ་རྗེ་ཆུ་ཟླ་ལྟར་གསལ་མཐུས། །འགྲོ་ཀུན་བདག་འཛིན་འཁྲུལ་པ་རབ་ཞི་ནས། །སྐུ་ཡི་རྡོ་རྗེ་དུས་འདིར་འགྲུབ་པར་ཤོག །གསལ་ཆ་འགག་མེད་ལྷ་སྔགས་མཐར་ཕྱིན་མཐུས། །སྒྲ་གྲགས་བདེན་འཛིན་འཁྲུལ་པ་ཞིག་ནས་ཀྱང་། །འགག་མེད་གསུང་གི་རྡོ་རྗེ་འགྲུབ་པར་ཤོག །མཐའ་བྲལ་ཟག་མེད་ཏིང་འཛིན་འདི་བསྒོམས་པས། །མ་རིག་གློ་བུར་དྲི་མའི་འཁྲུལ་ཞིག་ནས། །འཁྲུལ་མེད་ཐུགས་ཀྱི་རྡོ་རྗེ་འགྲུབ་པར་ཤོག །བསྐྱེད་རྫོགས་སྔགས་བཟླས་འདི་ཡི་དགེ་ཚོགས་ཀྱིས། །སྐྱེ་འགྲོ་བདེ་ལྡན་ནད་མུག་འཁྲུགས་ཞི་ཞིང་། །འགྲོ་ཀུན་ཕྱམ་གཅིག་རྫོགས་པའི་སངས་རྒྱས་ནས། །ཚེ་གཅིག་བུདྡྷ་འཁོར་བ་དོང་སྤྲུགས་ཤོག །སླར་ཡང་བསྡུ་བའི་རིམ་པ་ནི། བརྗོད་བྲལ་དབྱིངས་རིག་མ་བུ་འདྲེས། །སླར་ཡང་འོད་ཕུང་འཇའ་ལྟར་ཡལ། །གདོད་མའི་ཁྱབ་གདལ་དེ་ངང་བཞག །རྗེ་བཙུན་ཤ་བ་རི་པའི་དམིགས་པའི་དམིགས་འབྱེད་འདི་ཡང་། ལྷོ་ལྡེམ་གཤིས་ཀྱི་སྔགས་བཙུན་ཨོ་རྒྱན་རིག་འཛིན་གྱིས་བསྐུལ་བའི་ངོར། བདག་འདྲ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རིག་འཛིན་བདུད་འདུལ་རྡོ་རྗེས་སྤུ་སྟོད་བདེ་ཆེན་ཐང་དུ་སྦྱར་བའི་ཡི་གེའི་རིག་བྱེད་ཨོ་རྒྱན་བསྟན་སྲུང་ངོ་།། །། ༁ྃ༔ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ དཔལ་ལྡན་རི་ཁྲོད་མའི་བརྒྱུད་པའི་གསོལ་འདེབས་བདུད་རྩི་སྨན་མཆོག་བཞུགས་སོ༔ ཨོཾ་ཨཱཿཧཱུྃ༔ རང་རིག་ཀ་དག་ཀུན་བཟང་རྡོ་རྗེ་སེམས༔ མ་བཅོས་རང་གསལ་དགའ་རབ་ཤྲཱི་སེང༔ ཅིར་སྣང་ལྷུན་གྲུབ་པད་འབྱུང་མཚོ་རྒྱལ་ལ༔ རང་རིག་གཉུག་མའི་ངང་ནས་གསོལ་བ་འདེབས༔ སྐྱེ་མེད་དབང་ཐོབ་སྲིད་མཚོ་སྒྲོལ་བར་ཤོག༔ རིག་རྩལ་དབང་ཐོབ་འབྲོག་བན་བདུད་འདུལ་གླིང༔ རང་རིག་སྤང་ཐོབ་བྲལ་བ་ནོར་བུའི་མཚན༔ གཉིས་མེད་གཅིག་འདྲེས་རྩ་བའི་བླ་མ་ལ༔ རང་རིག་རང་གསལ་ངང་ནས་གསོལ་བ་འདེབས༔ གཉིས་མེད་ཡེ་རྫོགས་ཆེན་པོར་བྱིན་གྱིས་རློབས༔ སྣང་བའི་ངོ་བོ་རྗེ་བཙུན་ཤ་ཝ་རི༔ སྟོང་གསལ་འཛིན་མེད་རང་གསལ་ཡི་དམ་ལྷ༔ ཟུང་འཇུག་བླ་སྒྲུབ་ཡེ་ཤེས་ལྔ་ལྡན་ལ༔ སྐུ་ལྔ་ལྷུན་གྲུབ་ངང་ནས་གསོལ་བ་འདེབས༔ བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས༔ བསྐྱེད་རྫོགས་ཟུང་འབྲེལ་འདི་ཡི་དགེ་ཚོགས་ཀྱིས༔ བདག་གཞན་འགྲོ་དྲུག་སེམས་ཅན་མ་ལུས་པ༔ ཉོན་མོངས་དུག་ལྔའི་གཅོང་ནད་ཞི་བ་དང༔ སྐྱེ་འགྲོ་བདེ་ལྡན་སངས་རྒྱས་ལམ་སྦྱོར་ནས༔ ལྷུན་གྲུབ་གདོད་མའི་མགོན་མཆོག་ཐོབ་པར་ཤོག༔ ཅེས་རྗེ་བཙུན་ཤ་བ་རི་པའི་གསོལ་འདེབས་དུག་ལྔའི་ནད་སེལ་འདི་ཡང་ལྷོ་ལྡེམ་གཤིས་ཀྱི་སྔགས་བཙུན་ཨོ་རྒྱན་རིག་འཛིན་གྱིས་རི་ཁྲོད་མའི་གསོལ་འདེབས་དོན་ཉམས་ཐོག་ནས་སྦྱར་བ་ཉོན་མོངས་ནད་ལས་ཐར་བ་ཞིག་དགོས་ཞེས་བསྐུལ་བའི་ངོར། དུས་མཐའི་གཏེར་རྫུན་པ་རིག་འཛིན་བདུད་འདུལ་རྡོ་རྗེས། སྤུ་སྟོད་བདེ་ཆེན་ཐང་གི་མཚམས་ཁང་དུ་ཁྱབ་བརྡལ་གྱི་ངང་ནས་སྦྱར་བའོ། །ཡི་གེ་པ་ནི་དུས་མཐའི་བན་སྤྲང་དམ་ཆོས་རྒྱ་མཚོའོ། །སརྦ་མངྒ་ལཾ།། །།
 
</div>
+
</div></onlyinclude>
 
</onlyinclude>
 
= Tsagli =
 
= Tsagli =
 
TSAGLI image gallery goes here
 
TSAGLI image gallery goes here

Revision as of 12:01, 30 June 2015

This page is under construction. Check back later for updated content.

དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ དཔལ་ལྡན་རི་ཁྲོད་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་

dam chos sprul sku snying thig las:_dpal ldan ri khrod ma'i sgrub thabs dngos grub kun 'byung

by  བདུད་འདུལ་རྡོ་རྗེ་ (Dudul Dorje)
revealed by  བདུད་འདུལ་རྡོ་རྗེ་ (Dudul Dorje)
in cycle  དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ (Dam chos sprul sku snying thig)
Volume 45 (བི) / Pages 839-858 / Folios 1a1 to 10b6

[edit]

ྈ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ དཔལ་ལྡན་རི་ཁྲོད་མའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ༔ ྈྈྈྈ བདག་འདྲ་པདྨ་འདུད་འདུལ་གྱིས༔ ད་ལྟའི་མཚོ་རྒྱལ་འབྲོག་མི་དང༔ མ་འོངས་སེམས་ཅན་དོན་སླད་དུ༔ རི་ཁྲོད་ལོ་མ་གྱོན་མ་ཡི༔ སྒྲུབ་ཐབས་ཟབ་མོ་འདི་བཞིན་ནོ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་སྔོན་འགྲོའི་རིམ་པ་ནི༔ དུས་ཆེན་ཡར་ངོའི་ཚེས་གྲངས་བཟང་པོ་ལ༔ དབེན་ཞིང་ཡིད་འོངས་གནས་མཆོག་ཏུ༔ བཀྲ་ཤིས་ས་ལ་མ་ངྷལ་ཆག་ཆག་གདབ༔ དེ་སྟེང་མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ དེ་དབུས་པདྨ་ཉི་ཟླའི་གདན༔ དེ་རྒྱབ་ཕྱོགས་བཞིར་པད་འདབ་བཞི༔ མཚམས་བཞིར་པད་ཆུང་བཞི་རེ་དང༔ དེ་རྒྱབ་འཇའ་འོད་མེ་རིས་བསྐོར༔ ཕྱོགས་བཞི་ཕྱོགས་ཚོན་པད་ཤུན་དཀར༔ འཇའ་འོད་སྣ་ལྔ་མེ་རིས་བསྐོར༔ དེ་སྟེང་མན་འཛིལ་ཁྲིའུའི་ཁར༔ བུམ་པ་མཚན་ལྡན་མགུལ་ཆིངས་དཀར་པོ་བྱ༔ གཙང་མའི་ཆུ་ཡིས་སུམ་ཆ་བཀང༔ བུམ་རྫས་ཉེར་ལྔ་གཞུང་བཞིན་ནོ༔ མེ་ཏོག་འབྲས་བུ་ཅན་གྱི་ཤིང་གིས་ཁ་རྒྱན་བྱ༔ གཡས་སུ་གཏོར་སྣོད་གཙང་མའི་ནང༔ གཏོར་མ་ཟླུམ་པོ་དཀར་པོ་བྱ༔ ཕྱོགས་བཞིར་ལྕོག་ཟླུམ་བཞི་ཡིས་བསྐོར༔ དེ་ཡི་མཐའ་མ་སྐྱུ་གུས་བསྐོར༔ རྒྱན་སོགས་ཐམས་ཅད་དཀར་པོ་བྱ༔ སྔོན་འགྲོ་བཅའ་གཞིའི་ལེའུ་སྟེ་དང་པོ་འོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རང་ཉིད་ཁྲུས་བྱ༔ གོས་དཀར་པོ་གྱོན༔ བདེ་བའི་གདན་ལ་འདུག་ལ༔ སྐྱབས་འགྲོ་སེམས་བསྐྱེད་བྱ་བ་ནི༔ ཨོཾ་ཨཱཿཧཱུྃ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ ཅི་སྲིད་སྙིང་པོ་བྱང་ཆུབ་མ་ཐོབ་བར༔ སྐྱབས་གནས་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆི་འོ༔ དེ་ནས་སེམས་བསྐྱེད་པ་ནི༔ ཁམས་གསུམ་སྐྱེ་གནས་བཞིའི་བསྡུས་སེམས་ཅན་རྣམས༔ ནད་གདོན་ཚེ་ལ་བར་ཆད་ཀུན་ཞི་ཞིང༔ ནད་འཇོམས་ལྷ་ཡི་གོ་འཕང་ཐོབ་བྱའི་ཕྱིར༔ དཔལ་ལྡན་རི་ཁྲོད་མའི་བསྒོམ་བཟླས་ལ་འཇུག་པར་བགྱི་འོ༔ སེམས་བསྐྱེད་པའི་ལེའུ་སྟེ་གཉིས་པའོ༔ དེ་ནས་ཡན་ལག་བཅུ་པ་ནི༔ ཨོཾ་ཨཱཿཧཱུྃ༔ བླ་མ་རིག་འཛིན་མཁའ་འགྲོའི་ཚོགས༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ མྱ་ངན་མི་འདའ་འགྲོ་བའི་དཔལ་གྱུར་བཞུགས༔ སྒོ་གསུམ་མི་དགེའི་ལས་གྱུར་མཐོལ་ཞིང་བཤགས༔ འཁོར་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བགྱི་འོ༔ ཡན་ལག་བཅུ་པའི་མཆོད་འབུལ་གྱི་ལེའུ་སྟེ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་གཞལ་ཡས་ཁང་གི་ལྷ་བསྐྱེད་ནི༔ པཾ༔ པཾ་ལས་པདྨ་གནམ་ལྕགས་ལས་གྲུབ་པའི༔ ནག་ལ་རྔམས་བརྗིད་གཞལ་ཡས་ཁང་གི་དབུས༔ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས༔ པདྨ་ཉི་ཟླ་བདུད་བཞིའི་སྟེང༔ རང་རིག་སྐད་ཅིག་དྲན་རྫོགས་སུ༔ པཾ་ཡིག་ལྗང་གུའི་འཕྲོ་འདུ་ལས༔ འཕགས་མཆོད་སེམས་ཅན་ཐམས་ཅད་ཀྱི༔ ཉོན་མོངས་ནད་རིགས་ཀུན་འཇོམས་ཤིང༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ བདག་ཉིད་རི་ཁྲོད་ལོ་མ་ཅན་གྱི་མཁའ་འགྲོ་མ༔ སྐུ་མདོག་ལྗང་གུ་ཞལ་གསུམ་ཕྱག་དྲུག་མ༔ དབུས་ལྗང་གཡས་དཀར་གཡོན་དམར་ཞལ༔ ཅུང་ཟད་ཁྲོ་ཞིང་སྒེག་པའི་ཉམས༔ སྤྱན་གསུམ་རབ་བསྒྲད་དབུ་སྐྲ་གྱེན་བརྫེས་ཤིང༔ གཡས་གསུམ་རྡོ་རྗེ་དགྲ་སཏྭ་མདའ༔ གཡོན་གསུམ་སྡིགས་མཛུབ་ཞགས་པ་ཤིང༔ ཞབས་བཞི་འདོར་ཐབས་བདུད་བཞི་བརྫིས༔ དཔག་བསམ་ཤིང་ལོ་རས་དཀར་སྐུ་སྟོད་གཡོགས༔ གསུས་འཕྱང་སྐུ་སྨད་སྟག་ཤམ་གསོལ༔ ཕྱག་གདུབ་ཞབས་གདུབ་དོ་ཤལ་ཀུན༔ རཏྣ་དང་ནི་ཤིང་གི་འབྲས་བུས་བརྒྱན༔ བསྐལ་པའི་མེ་ཕུང་ཀློང་དུ་བཞུགས༔ དེ་ལྟར་གསལ་བའི་གནས་གསུམ་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ ཕྱོགས་དུས་སངས་རྒྱས་མ་ལུས་ཀུན༔ དཔལ་ལྡན་རི་ཁྲོད་མ་ཡི་རྣམ་པར་སྤྱན་འདྲེན་ནོ༔ ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་ས་པ་རི་ཝཱ་ར་ས་མ་ཡ་ཛཿཛ༔ གཞལ་ཡས་ལྷ་བསྐྱེད་པའི་ལེའུ་སྟེ་བཞི་པའོ༔ དེ་ནས་སྤྱན་འདྲེན་པ་ནི༔ ཨོཾ༔ ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུ་སྤྲུལ་མ༔ རི་ཁྲོད་ལོ་མ་གྱོན་མ་འཁོར་དང་བཅས༔ འགྲོ་བའི་ནད་རྣམས་མ་ལུས་འཇོམས་མཛད་ཕྱིར༔ མ་ཐོགས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་པརྞ་ཤ་ཝ་རཱི་ས་མ་ཡ་ཛཿཛ༔ ཛཿཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡ་སཏྭཾ༔ སྤྱན་འདྲེན་གྱི་ལེའུ་སྟེ་ལྔ་པའོ༔ དེ་ནས་ཕྱག་འཚལ་བ་ནི༔ ཨོཾ༔ ཆོས་སྐུ་ཀུན་ཏུ་བཟང་མོའི་ཆོ་རོལ་ལས༔ ལོངས་སྐུ་དཔལ་ལྡན་རི་ཁྲོད་མཁའ་འགྲོ་མ༔ གང་འདུལ་ཐབས་ཀྱིས་སྤྲུལ་སྐུས་གཞན་དོན་མཛད༔ སྐུ་གསུམ་ལྷུན་གྲུབ་མ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཕྱག་འཚལ་གྱི་ལེའུ་སྟེ་དྲུག་པའོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཨོཾ་པརྞ་ཤ་ཝ་རཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད༔ སྟོང་གསུམ་འདིའམ་གཞན་དག་ཐམས་ཅད་ན༔ ག་པུར་ཛཱ་ཏི་སྙིང་ཞོ་ཤ་ལ་སོགས༔ ཉོན་མོངས་ནད་འཇོམས་སྨན་གྱི་རིགས་རྣམས་ཀུན༔ དཔལ་ལྡན་རི་ཁྲོད་ལོ་མ་ཅན་ལ་འབུལ༔ ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང༔ ཚེ་ཡི་ཉོན་མོངས་ནད་རིགས་ཞི་བར་མཛོད༔ ཨོཾ་པརྞ་ཤ་ཝ་རཱི་ས་པ་རི་ཝཱ་ར་མ་ཧཱ་པཉྩ་པཱུ་ཙ་ཨཱཿཧཱུྃ༔ མཆོད་པ་འབུལ་བའི་ལེའུ་སྟེ་བདུན་པའོ༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་སྤྲུལ་པའི་ལྷ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གྱུར་མ༔ དཔལ་ལྡན་རི་ཁྲོད་ལོ་མ་གྱོན་མ་ནི༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་འགྱིང་བག་ཅན༔ ཉོན་མོངས་ནད་འཇོམས་མ་ལ་ཕྱག་འཚལ་བསྟོད༔ དར་དཀར་ཤིང་ལོ་སྟག་ཤམ་ན་བཟའ་གསོལ༔ ཞབས་བཞིས་བདུད་བཞི་མནན་ཅིང་ཁྲོ་ཚུལ་ལྡན༔ རང་རྟགས་རྒྱན་དང་ཕྱག་མཚན་སྣ་ཚོགས་ཐོགས༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་འཇོམས་མཛད་ལྷ༔ བདུད་འདུལ་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ འགྲོ་མགོན་ལྷ་མོ་ནད་རྣམས་འཇོམས་མཛད་མ༔ ཁྱེད་ལ་མཆོད་བསྟོད་ཕྲིན་ལས་བཅོལ་བ་ནི༔ རྣལ་འབྱོར་བདག་ཅག་མི་ནོར་འཁོར་བཅས་ལ༔ གློ་བུར་རིམས་ནད་ཀྲེ་ཏ་པར་པ་ཏ༔ ལྟག་ཚད་སྙིང་གཟེར་དམར་ཡམས་ལ་སོགས་པའི༔ འགོ་བའི་ནད་རྣམས་མ་ལུས་ཞི་བར་མཛོད༔ ཞི་མཛད་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ བསྟོད་པའི་ལེའུ་སྟེ་བརྒྱད་པའོ༔ ཨོཾ་པི་ཤཱ་ཙི་པརྞ་ཤ་བ་རཱི་སརྦ་ཨུ་པ་དྲ་བེ་པྲ་ཤ་མ་ནི་སྭཱ་ཧཱ༔ རྗེས་སྤྱོད་བསྔོ་བ་སྨོན་ལམ་ལ་སོགས་སྤྱི་མཐུན་བྱའོ༔ རྫོགས་རིམ་ཆོས་ཉིད་སྟོང་པའི་ངང་ལ་བཞག༔ འགྲོ་ལ་སྙིང་རྗེ་ཚད་མེད་བསྒོམ༔ པདྨའི་ཐུགས་བཅུད་ཁྱད་པར་ཅན༔ ཉམས་སུ་བླངས་པའི་སྐལ་ལྡན་ཀུན༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་དང༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང༔ གདོན་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ཁྱད་པར་འགོ་བའི་ནད་ཀྱིས་མི་ཚུགས་འགྱུར༔ འདི་ཉིད་སྒྲུབ་པའི་ས་ཕྱོགས་དེར༔ མི་ནད་ཕྱུགས་ནད་ཐམས་ཅད་ཀུན༔ མྱུར་དུ་ཞི་བར་ཐེ་ཚོམ་མེད༔ མཐར་ཐུག་འབྲས་བུ་ཚེ་འདི་ལ༔ བདེ་ཆེན་གནས་སུ་ངེས་པར་སྐྱེ༔ ཨེ་མ་ནད་ཀུན་འཇོམས་པའི་མན་ངག་འདི༔ བདག་འདྲ་ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་ཀྱིས༔ ཙིཏྟའི་ཁྲག་ཕྱུང་ལག་མཐིལ་བཀོད་པ་འདི༔ ད་ལྟ་མཚོ་རྒྱལ་འབྲོག་མི་གཉིས་ལ་བསྟན༔ ད་ལྟ་སྤེལ་བའི་གནས་མེད་པས༔ ཉམས་སུ་ལོངས་ལ་གཏེར་དུ་སྦོས༔ དུས་ངན་སྙིགས་མའི་སེམས་ཅན་ལ༔ འགྲོ་དོན་དཔག་མེད་འབྱུང་བར་འགྱུར༔ མ་འོངས་སྙིང་གི་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཔལ་ལྡན་རི་ཁྲོད་མའི་སྒྲུབ་ཐབས་འདི་ཁོ་ནའོ༔ འདི་ཁོ་ནའོ༔ མ་འོངས་དུས་ངན་སྙིགས་མ་ལྔ་བརྒྱའི་ཚེ༔ ཐེག་ཆེན་བསྟན་པ་དར་ལ་མ་སྨིན་དུས༔ གསང་སྔགས་ཟེར་ཞིང་བཅོས་མའི་ཆོས་ཀྱིས་གང༔ ཆོས་རྣམས་ཐམས་ཅད་ཚོང་དུས་འོ་མ་འདྲ༔ དཔེར་ན་ནས་ལ་ཕུབ་མ་བསྲེས་དང་མཚུངས༔ ལྟར་སྣང་ལེགས་ཀྱང་གྲུབ་རྟགས་ཐོན་མི་མེད༔ གལ་སྲིད་ཐོན་ཀྱང་ཕུགས་སུ་བཀྲ་མི་ཤིས༔ དེ་ཕྱིར་མཁས་འདོད་སྤྲེལ་འདྲའི་སློབ་དཔོན་འགས༔ རྡོ་རྗེའི་ཚིག་རྐང་འདི་རྣམས་ལ༔ བཟོ་བཅོས་མ་བྱེད་པདྨ་རྒྱལ་པོའི་བཀའ༔ རོལ་པ་རྐྱ་བདུན་ཁྱོད་ལ་བཀའ་འདི་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རིག་འཛིན་བདུད་འདུལ་རྡོ་རྗེས། ཚ་བ་སྒྲོ་བྲག་ཅེས་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཨོ་རྒྱན་བསྟན་སྲུང་ངོ་།། །། ྈ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ དཔལ་ལྡན་རི་ཁྲོད་མའི་བུམ་སྒྲུབ་ཉོན་མོངས་ནད་འཇོམས་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈྈ བདག་འདྲ་པདྨ་བདུད་འདུལ་གྱིས༔ མ་འོངས་ང་ཡི་ཐུགས་སྲས་དོན་ཕྱིར་དུ༔ རྗེ་བཙུན་རི་ཁྲོད་མའི་སྒྲུབ་ཐབས་འདི་བཞིན་ནོ༔ བུམ་པ་དཀར་པོ་འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན་ཅིང༔ གཙང་མའི་གོས་ཀྱི་མགུལ་ཆིངས་དཀར་པོ་བྱ༔ དུང་ཆོས་གཟུངས་ཐག་རྡོ་རྗེ་རྣམས་ཀྱིས་ལེགས་པར་བརྒྱན་བྱས་ལ༔ ག་པུར་གྱིས་གཙོར་བྱས་པའི་བུམ་རྫས་རྣམས་སྤྱི་ལྟར་གསག༔ ཡོལ་བ་བླ་བྲེ་རྒྱལ་མཚན་སོགས༔ གཞན་ཡང་དཀོན་མཆོག་གི་རྟེན་རྣམས་ལེགས་པར་བཀྲམ༔ གཞན་ཡང་མཆོད་པའི་བྱེ་བྲག་ཐམས་ཅད་བཤམ༔ རྡོར་དྲིལ་དང་ཏིང་ཤག་རྣམས་བཞག་ལ༔ བདག་མདུན་རྣམས་སྔོན་དུ་སོང་བས༔ བུམ་པ་བསང་སྦྱང་བྱ༔ བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ༔ ཞབས་ཞུམ་པ་ལྟོ་བ་ལྡིར་བ༔ མགྲིན་པ་ཕྲ་བ་ཁ་གཡེལ་བ༔ ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བར་གྱུར་པ་ལ༔ པད་ཉིའི་གདན་ལ་རྗེ་བཙུན་མ་གཞུང་ལྟར་བསྐྱེད་ཅིང་བཟླས་པ་ལ་འབད་དོ༔ མངོན་རྟོགས་ནི༔ མདུན་གྱི་དལ་མི་དམིགས་པ་སྟོང་པའི་ངང་ལས༔ པཾ་ཡིག་ལྗང་གུའི་འཕྲོ་འདུ་ལས༔ དོན་གཉིས་བྱས༔ དཔལ་ལྡན་རི་ཁྲོད་ལོ་མ་གྱོན་མ་སྐུ་མདོག་ལྗང་གུ་ཞལ་གསུམ་ཕྱག་དྲུག་མ༔ གཡས་དཀར་གཡོན་དམར་དབུས་ལྗང་ཞལ༔ ཅུང་ཟད་ཁྲོ་ཞིང་བཞད་ཚུལ་ཅན༔ སྤྱན་གསུམ་གསུམ་དང་ལྡན་པ༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང༔ ཕྱག་གཡས་གསུམ་རྡོ་རྗེ་དང་དགྲ་སཏྭ་ཤེས་རབ་ཀྱི་མདའ་བསྣམས་པ༔ གཡོན་གསུམ་སྡིགས་མཛུབ་དང་ཞགས་པ་ཤིང་འབྲས་ལོ་མ་ཅན་བསྣམས་པ༔ སྐུ་སྟོད་ལ་དར་དཀར་གྱི་ན་བཟའ་དང་དཔག་བསམ་གྱི་ཤིང་ལོ་གསོལ་བ༔ ཕྱག་ཞབས་ཐམས་ཅད་རིན་པོ་ཆེ་དང་ཤིང་གི་འབྲས་བུས་བརྒྱན་པ༔ གསུས་པ་འཕྱང་ཞིང་སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་གསོལ་བ༔ ཞབས་བཞི་བསྒྲད་ཅིང་ཉོན་མོངས་པའི་བདུད་བཞི་མནན་པ༔ ཡེ་ཤེས་ཀྱི་མེ་རི་མེ་ཕུང་འབར་བའི་ཀློང་དུ་བཞུགས་པའི༔ གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ སྒྲུབ་ཐབས་བཞིན་དུ་རིག་པའི་མདའ་དང་སྦྱར༔ བསྙེན་པ་ལ་འབད་པ་གལ་ཆེའོ༔ བུམ་པའི་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་ཆུ་དང་གཉིས་མེད་དུ་འདྲེས༔ སྨན་གྱི་སྡོང་པོར་གྱུར་ཅིང་ནད་གསོའི་སྨན་གྱི་བཅུད་དུ་གྱུར་པར་བསམ༔ རི་ཁྲོད་ལོ་མ་གྱོན་མའི་ཡང་ཟབ་སྒྲུབ་སྐོར་བཅུད་བསྡུས་འདི༔ མ་འོངས་སེམས་ཅན་དོན་ཕྱིར་དུ༔ བློ་གསལ་འགྲོ་ལ་སྙིང་རྗེ་ཆེ་ལྡན་པ༔ བཀའ་འདི་མ་འོངས་ང་སྤྲུལ་བུ་དང་འཕྲད་པར་ཤོག༔ རོལ་པ་རྐྱ་བདུན་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ གསང་རྒྱ༔ སྦས་རྒྱ༔ ཤིན་ཏུ་གཉན་པས་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རིག་འཛིན་བདུད་འདུལ་རྡོ་རྗེས། ཚ་བ་སྒྲོ་བྲག་ཅེས་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི། ཨོ་རྒྱན་བསྟན་སྲུང་ངོ་།། །། ྈ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ དཔལ་ལྡན་རི་ཁྲོད་ལོ་གྱོན་མའི་དབང་ཆོག་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ༔ ྈྈྈྈྈྈྈ བདག་འདྲ་པདྨ་འོད་འབར་གྱིས༔ མ་འོངས་སེམས་ཅན་དོན་ཕྱིར་དུ༔ གཏེར་ཁ་བྱེ་བ་མང་སྦས་ཀྱང༔ ཀུན་གྱི་ཡང་སྙིང་སྤྲུལ་སྐུ་སྙིང་ཐིག་གི༔ ཆ་རྐྱེན་དཔལ་ལྡན་རི་ཁྲོད་ལོ་མ་ཡི༔ དབང་བསྐུར་ཟབ་མོ་འདི་བཞིན་ནོ༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་སྔོན་འགྲོའི་རིམ་པ་འདི་བཞིན་ནོ། ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ གྲལ་དུ་འཁོད་ལ་མ་རྡལ་འབུལ༔ གསོལ་བ་འདེབས་པ་ནི༔ ཨེ་མ་བླ་མ་རིན་པོ་ཆེ༔ སངས་རྒྱས་ཀུན་བདག་རྡོ་རྗེ་འཛིན༔ ཉོན་མོངས་དྲི་མས་རབ་དབེན་ཕྱིར༔ དཔལ་ལྡན་རི་ཁྲོད་མཁའ་འགྲོ་མའི༔ གསང་བའི་དབང་མཆོག་བསྐུར་དུ་གསོལ༔ ཞེས་པས་ཡེ་ཤེས་པ་དབབ་ཅིང༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱེད༔ དངོས་གཞི་དབང་ནི་བུམ་པ་སྤྱི་བོར་བཞག་ལ་འདི་སྐད་དོ༔ ཧཱུྃ་ཧྲཱི༔ བཀྲ་ཤིས་བུམ་པ་མཚན་ལྡན་གཞལ་ཡས་ཁང༔ ཉོན་མོངས་ནད་འཇོམས་བདུད་རྩི་སྨན་མཆོག་འདིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ ཉོན་མོངས་ནད་རིགས་མ་ལུས་རབ་ཞི་ནས༔ ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་ཤོག༔ ཨོཾ་ཨཱཿཧཱུྃ་པརྞ་ཤ་ཝ་རཱི་པཉྩ་ཨ་མྲྀཏ་ཨ་བྷི་ཥིཉྩ་ཧཱུྃ༔ གནས་གསུམ་དུ་བསྐུར་ལ༔ དེ་ནས་བཟླས་ལུང་སྦྱིན༔ རང་ཉིད་དཔལ་ལྡན་རི་ཁྲོད་ལོ་མ་ཅན་གྱི་མཁའ་འགྲོ་མར་གསལ་བའི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ པཾ་ཡིག་ལྗང་གུའི་མཐའ་སྐོར་དུ༔ སྔགས་ཕྲེང་ལས་འོད་ཟེར་འགལ་མེ་ལྟ་བུར་འཁོར༔ སློབ་དཔོན་གྱི་ཞལ་ནས་ཐོན་སློབ་མའི་སྙིང་གའི་སྔགས་ཕྲེང་ལ་ཐིམ་པར་བསམ་ལ༔ བཟླས་ལུང་སྦྱིན༔ ཕྲེང་བ་ལག་ཏུ་གཏད་ལ་འདི་སྐད་དོ༔ གསལ་ཆ་མ་འགགས་ཡི་དམ་ལྷ་ཡི་དབང༔ གསང་སྔགས་སྙིང་པོ་འུར་ཏིར་སིང་སྒྲ་སྒྲོག༔ སྔགས་བཟླས་ཆུ་རྒྱུན་ཅི་བཞིན་དུ༔ སྐལ་ལྡན་བུ་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ རྩ་སྔགས་བཟླ༔ དབྱངས་ཡིག་དང་ཡེ་དྷརྨཱ་བརྗོད༔ དེ་ནས་མེ་ལོང་སྨན་ལྔ་སིནྡྷུ་རས་བྱུགས་པ་སྙིང་གར་བཞག་ལ༔ ཆོས་དབྱིངས་རྣམ་དག་ཡི་དམ་ལྷ་ཡི་དབང༔ རྟོག་མེད་དབང་མཆོག་བྱང་སེམས་སིནྡྷུ་ར༔ ནད་ཀུན་སེལ་མཛད་པཉྩ་ལྔ་ཡི་དབང༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་བས༔ ཀྲེ་ཏ་པར་པ་ཏ་ལ་སོགས་པ་ཡི༔ ནད་གདོན་མ་ལུས་ཐམས་ཅད་ཀུན་ཞི་ཤོག༔ རྩ་སྔགས་ཤམ་བུར་ཙིཏྟ་སོགས་བརྗོད༔ གཏོར་མ་སྤྱི་བོར་བཞག་ལ༔ ཧཱུྃ༔ ཡེ་ཤེས་ལྔ་ལྡན་དམ་རྫས་བ་ལིང་ཏ༔ སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་ཌཱ་ཀིའི་དབང༔ ཉོན་མོངས་ནད་འཇོམས་མ་ཡི་དབང་བསྐུར་བས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་ཡོངས་རྫོགས་ཤོག༔ རྩ་སྔགས་དང་བ་ལིང་ཏ་སོགས་བྱའོ༔ ཚིག་དབང་ནི༔ ཨེ་མ་ལྟ་བ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཡིན༔ སྒོམ་པ་མི་འགྱུར་མི་ཞིག་དཔྱོད་སྒོམ་བྲལ༔ སྤྱོད་པ་འགགས་མེད་རང་གྲོལ་ཤུགས་འབྱུང་དང༔ དམ་ཚིག་འཕྲིན་ལས་གཞན་དོན་སྣ་ཚོགས་སྤྱོད༔ འབྲས་བུ་རང་གྲོལ་ཡེ་ཤེས་ཀུན་ཏུ་བཟང༔ ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་ཡང༔ ཡི་དམ་ལྷ་ཚོགས་སྐུ་གསུང་ཐུགས་ལ་ཚང༔ རིག་སྟོང་གྲགས་སྟོང་དྲན་སྟོང་སྟོང་པའི་ཚོགས༔ སེམས་བྱུང་སྟོང་གསལ་རང་བྱུང་མ་འགགས་གསལ༔ རྣམ་རྟོག་འགྱུ་དྲན་ངོ་བོ་ཉིད་ཀྱིས་སྟོང༔ ཡེ་ཤེས་ལྷན་ཅིག་སྐྱེས་པས་དགག་སྒྲུབ་མེད༔ རྟག་ཏུ་དེ་ཉིད་ངང་ལ་གནས་པར་མཛོད༔ རྟག་ཏུ་དེ་ཉིད་ངང་ལ་གནས་གྱུར་ན༔ ཚེ་འདིར་སངས་རྒྱས་འགྲུབ་ངེས་སྐལ་ལྡན་ཀུན༔ ཚོགས་འཁོར་བསྐོར༔ རྗེས་ཆོག་སྤྱི་དང་མཐུན་པར་བྱའོ༔ ཨེ་མ་རི་ཁྲོད་ལོ་མ་ཅན་གྱི་མཁའ་འགྲོ་མའི༔ དབང་ཆོག་བདུད་རྩིའི་བུམ་པ་འདི༔ མ་འོངས་ལས་ཅན་བུ་ཡི་དོན་ཕྱིར་དུ༔ མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབས་ལ་གཏེར་དུ་སྦོས༔ རི་ཁྲོད་མ་ཡི་སྒྲུབ་ཐབས་མང་སྦས་ཀྱང༔ དབང་ཆོག་བཅུད་ལྡན་འདི་ལས་མེད༔ བཀའ་འདི་མ་འོངས་ལས་ཅན་བུ་དང་འཕྲད་པར་ཤོག༔ རོལ་པ་རྐྱ་བདུན་ཁྱོད་ལ་བཀའ་འདི་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྐལ་མེད་བྱུང་ན་དབང་པོ་སྣུབས༔ མནྟྲ༔ གྷུ་ཧྱ༔ བརྡ་ཐིམ༔ རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རིག་འཛིན་འདུད་འདུལ་རྡོ་རྗེས། ཚ་བ་སྒྲོ་བྲག་ཅེས་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཨོ་རྒྱན་བསྟན་སྲུང་ངོ་། །ཤོག་སེར་བུ་ལས་དུས་མཐའི་བན་སྤྲང་གིས་ཞལ་བཤུས་སོ། །སརྦ་མངྒ་ལཾ། ས་མ་ཡ་ཐ།། །། ྈ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ དཔལ་ལྡན་རི་ཁྲོད་ལོ་མ་ཅན་གྱི་སྲུང་འཁོར་ཡིད་བཞིན་ནོར་བུ་བཞུགས་སོ༔ ྈྈྈ བདག་འདྲ་རིག་འཛིན་པདྨ་བདུད་འདུལ་གྱིས༔ རྗེ་བཙུན་རི་ཁྲོད་མའི་སྲུང་འཁོར་ཟབ་མོ་འདི་བཞིན་ནོ༔ རས་སམ་གྲོ་ཤོག་ལེགས་པོ་ལ༔ མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ དབུས་སུ་པཾ་ཡིག་ཁོག་ཡངས་བྲི༔ དེ་ཡི་ཁོག་པར་རྩ་སྔགས་དང༔ གང་བསྲུང་གི་མིང་དང་སྤེལ་ཚིག་བྲི༔ དེ་ཡི་ཕྱི་རིམ་རྩིབས་བཞི་ལ༔ སྔགས་མགོ་ཕྱིར་བསྟན་སྔགས་ཚན་ཚང་བར་བྲི༔ རྩིབས་མཆན་ལ་ཡང་དེ་བཞིན་ཚང་བར་བྲི༔ དེ་རྒྱབ་མུ་ཁྱུད་ཕྱོགས་བཞིར་རྡོ་རྗེ་བཞི༔ མཚམས་བཞིར་ཆུ་རིས་བྲིའོ༔ དེ་རྒྱབ་མུ་ཁྱུད་ལ་སྔགས་མགོ་གཉིས་སྤྲད་གང་ཤོང་བསྲུང་བྱའི་སྤེལ་ཚིག་སྲུངས་ཤིག་རཀྵ་སོགས་བྲི་བར་བྱའོ༔ དེ་རྒྱབ་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ་བྲི༔ དེའི་ཕྱི་རིམ་མེ་རིས་བསྐོར༔ ཙཀྲ་གུར་གུམ་གྱི་ཁུ་བས་བྲིའོ༔ རྩ་སྔགས་ཀྱིས་རབ་ཏུ་གནས་པར་བྱ༔ བསྒྲུབ་བྱའི་མགུལ་ལམ༔ ཕོའི་དཔུང་པ་གཡས༔ མོའི་གཡོན་དུ་བཏགས་སོ༔ འདི་ཡི་ཡོན་ཏན་བརྗོད་ལས་འདས༔ ཉོན་མོངས་ནད་ལས་གྲོལ་བ་དང༔ ཁྱད་པར་འགོ་བའི་ནད་ཀྱིས་ཚུགས་མི་སྲིད༔ གདོན་བགེགས་གནོད་པས་ཚུགས་མི་འགྱུར༔ མི་དང་མི་མིན་ཉེར་འཚེ་དང༔ ཆེ་འདྲེ་ཆུང་སྲིའི་གནོད་པ་དང༔ རྨི་ལམ་མཚན་མ་ངན་པ་དང༔ བྱད་དང་རྦོད་གཏོང་དལ་ཡམས་དང༔ མདོར་ན་མི་ཕྱུགས་ནོར་ནད་ལ་སོགས་པ༔ བདུད་དང་གཤིན་རྗེ་སྲིན་པོའི་འཇིགས་པ་སོགས༔ དེ་དག་ཀུན་ལས་གྲོལ་བར་འགྱུར༔ སྟག་གཟིག་དོམ་དྲེད་དུག་སྦྲུལ་རྐུན་བུ་སོགས༔ དེ་དག་ཀུན་ལས་སྐྱོབ་པར་འགྱུར༔ མཐོང་ཐོས་འགྲོ་བ་ཀུན་གྱི་ཡིད་དུ་འོང་བར་འགྱུར༔ ཙཀྲ་གཟའ་སྐར་ཚེས་གྲངས་བཟང་པོ་ལ་བྲི་བ་གནད་ཆེ༔ གུ་གུལ་གྱིས་བདུག་ཅིང་བགེགས་བསྐྲད༔ དམ་ཚིག་བསྐྱེད་ཅིང་ཡེ་ཤེས་པ་བསྟིམ༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ རང་སྔགས་ཁྲི་འབུམ་བཟླས་ཤིང་ཙཀྲ་ལ་ཕུ་བཏབ༔ གཡོགས་སེར་པོ་བྱ༔ མི་ནག་ལ་མགུལ་དུ་བཏགས༔ ལོ་རེ་བཞིན་དུ་རབ་གནས་བསྐྱར༔ སྐྱེ་དམན་དང་དུད་འགྲོ་ལ་བསྲུང་ན༔ པཾ་ཁོག་སྔགས་ཚར་གཅིག་གི་མཐར་འདི་ལྟར་བྲིའོ༔ ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རཱི་སརྦ་ཨུ་པ་པྲ་ཤ་མ་ནི་སྭཱ་ཧཱ༔ གང་བསྲུང་གི་མིང་དང་རཀྵ་བྲིའོ༔ རྟེན་འབྲེལ་སྙིང་པོ་བརྒྱ་རྩས་རབ་གནས་བྱའོ༔ གཞན་ལ་མེད་པའི་ཁྱད་ཆོས་འདི༔ བུད་མེད་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ བཀའ་འདི་རོལ་པ་རྐྱ་བདུན་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་སྙིང་གི་བུ་དང་འཕྲད་པར་ཤོག༔ འཕྲད་ནས་འགྲོ་ལ་ཕན་ཐོགས་རྒྱ་ཆེར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེས། ཚ་བ་སྒྲོ་བྲག་ཅེས་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཨོ་རྒྱན་བསྟན་སྲུང་ངོ་། །ཤོག་སེར་བུ་ལས་ཞལ་བཤུས་པའི་ཡི་གེ་ནི། དུས་མཐའི་བན་སྤྲང་དྷརྨ་སཱ་ག་རའོ། །ཅི་སྲིད་འཇིག་རྟེན་བསྐལ་པ་མ་སྟོངས་བར། དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ། །སརྦ་ཛ་ག་ཏཾ།། །། ྈ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ དཔལ་ལྡན་རི་ཁྲོད་མའི་མེ་མཆོད་ཕྲིན་ལས་མྱུར་འགྲུབ་མ་བཞུགས་སོ༔ ྈྈྈ བདག་འདྲ་པདྨ་བདུད་འདུལ་གྱིས༔ དཔལ་ལྡན་རི་ཁྲོད་མའི་མེ་མཆོད་འདི་བཞིན་ནོ༔ མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབས་ལ་གཏེར་དུ་སྦོས༔ མ་འོངས་ཚེ་ན་འགྲོ་དོན་དཔག་མེད་འབྱུང༔ ཤར་གྱི་ཕྱོགས་ནས་ས་བླངས་ལ་མ་རྡལ་མདའ་གང་བྱ༔ ད་ལ་སྒྲུབ་བཞུང་བཞིན་བྲི་བར་བྱ༔ ཙནྡན་དཀར་པོ་དང་ལོ་མ་ཅན་གྱི་ཤིང་ལ༔ ཞི་བའི་ཐབ་ཁུང་ཟླུམ་པོར་བརྩིགས༔ ཞི་བའི་སྦྱིན་སྲེག་ཐམས་ཅད་སྤྱི་ལྟར་གསོག༔ མེ་ལྷ་བླ་མ་ལྟར་དུ་བསྐྱེད༔ མེ་ལྷའི་ལྟོ་བར་རྗེ་བཙུན་མ་བསྐྱེད་ཅིང༔ སྤྱན་འདྲེན་མཆོད་བསྟོད་གཞུང་བཞིན་བྱ༔ བསྲེག་རྫས་འབུལ་ཞིང༔ ནད་གདོན་སྡིག་སྒྲིབ་ཞི་བའི་ཕྲིན་ལས་བཅོལ༔ རྩ་སྔགས་ཤམ་བུར་གང་འདོད་ཁ་ལོ་བསྒྱུར༔ ཉེས་བྱས་བཤགས༔ ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༔ ཡེ་ཤེས་པ་གཤེགས༔ དམ་ཚིག་པ་རང་ལ་བསྡུ༔ སྨོན་ལམ་བཏབ་ཅིང་ཤིས་པ་བརྗོད༔ འདི་བགྱིས་ཡོན་ཏན་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག༔ འགལ་རྐྱེན་བཀྲ་མི་ཤིས་ཀུན་ཞི༔ བཞི་བརྒྱ་རྩ་བཞིའི་ནད་ལ་སོགས༔ མི་ནད་ནོར་ནད་ཐམས་ཅད་རྒྱུན་ཆད་འགྱུར༔ མ་འོངས་རིག་འཛིན་པདྨའི་ཐུགས་ཀྱི་སྲས༔ བདུད་འདུལ་རྡོ་རྗེ་རྩལ་དང་འཕྲད་པར་ཤོག༔ རོལ་པ་རྐྱ་བདུན་ཁྱོད་ཀྱིས་བཀའ་འདི་ཐུབ་པར་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་བདུད་འདུལ་རྡོ་རྗེས་ཚ་བ་སྒྲོ་བྲག་ཅེས་ཙིཏྟ་གནམ་ལངས་འདྲ་བའི་མགུལ་ནས་གདན་དྲངས་པའོ། །ཤོག་སེར་ངོས་ནས་དག་པར་ཕབ་པའི་ཡི་གེ་པ་ནི་ཨོ་རྒྱན་བསྟན་སྲུང་ངོ་།། །། ༈ རྗེ་བཙུན་ཤ་ཝ་རི་པའི་དམིགས་འབྱེད་གསལ་བའི་མེ་ལོང་ཞེས་བྱ་བ་གཏེར་སྟོན་རང་གིས་སྦྱར་བ་བཞུགས་སོ། །གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ རྗེ་བཙུན་ཤ་བ་རི་པ་ཡི། མ་ནོར་དམིགས་པའི་འཕྲོ་འདུ་འདི་བཞིན་བཀོད། །པད་འབྱུང་མཁའ་འགྲོའི་ཚོགས་ཀྱིས་གནང་བར་ཞུ། །ནོར་འཁྲུལ་བྱུང་ན་ཆོས་ཉིད་ཀློང་དུ་བཟོད་པར་གསོལ། །དེ་ཡང་བསྐྱེད་རིམ་ལ་ཡང་རིམ་བསྐྱེད། ཐོལ་བསྐྱེད་སྐད་ཅིག་དྲན་རྫོགས་བསྐྱེད། །དབང་པོའི་ཡུལ་དང་སོ་སོའི་གཞུང་མཐུན་ལ། །ད་ལན་འདི་ནི་སྒྲུབ་ཐབས་དང་མཐུན་པར། །སྟོང་པའི་ངང་རྩལ་སྙིང་རྗེའི་ངང་ཉིད་ལས། །རང་རིག་འགག་མེད་པཾ་ཡིག་རིག་པའི་རྩལ། ཁ་དོག་ལྗང་གུ་འོད་འཕྲོས་འཕགས་པ་མཆོད། །ཚུར་འདུས་སེམས་ཅན་རྣམས་ཀྱི་ལས་སྒྲིབ་སྦྱངས། །སྐད་ཅིག་དྲན་རྫོགས་རིག་པའི་རང་མདངས་ཙམ། །ཆུ་ལས་ཉ་འཕར་ལྟ་བུ་ཡིས། །སྣང་སྟོང་ཆུ་ཟླ་འཇའ་ཚོན་ལྟ་བུར་བསྐྱེད། །ཨ་འཐས་སྒོམ་ན་གཤིན་རྗེ་སྲིན་པོའི་རིགས་སུ་གོལ། །ཞེན་འཛིན་བྲལ་བ་ཆུ་ཟླ་འཇའ་ཚོན་བཞིན། །རིག་པའི་མདངས་ཙམ་བསྒོམ་པ་གུ་རུ་པདྨའི་བཀའ། ཁོ་བོས་མ་ནོར་ཉམས་ལེན་ཡི་གེར་བཀོད། །སྐལ་ལྡན་ལས་ཅན་བུ་ཡིས་ཉམས་ལེན་དེ་ལྟར་མཛོད། ༈ །རང་ཉིད་རི་ཁྲོད་ལོ་མར་གསལ་བ་ཡི། །སྙིང་གར་སྐྱེ་མེད་ཉི་མའི་སྟེང་། །འགག་མེད་རིག་པ་པཾ་ཡིག་བཀོད། །རང་རྩལ་སྔགས་ཕྲེང་ལྗང་གུ་ལས། །འོད་ཟེར་དམར་པོ་འགལ་མེ་ལྟ་བུར་འཁོར། །མདུན་བསྐྱེད་རང་འདྲའི་སེམས་དཔའི་ཐུགས་ཀར་ཕོག །མདུན་གྱི་སེམས་དཔའི་ཐུགས་དམ་རྒྱུད་བསྐུལ་ནས། །སེམས་དཔའི་ཐུགས་ཀར་སྔགས་ལས་འོད་འཕྲོས་པས། །ཕྱོགས་དུས་རྒྱལ་བ་རྣམས་ལ་མཆོད་པ་ཕུལ། །རྒྱལ་བའི་བྱིན་རླབས་ནུས་སྟོབས་མ་ལུས་པ། །འོད་ཟེར་ཚུར་འདུས་མདུན་བསྐྱེད་སེམས་དཔའ་ཉིད་ལ་ཐིམ། །དབུགས་རྔུབ་ཚེ་ན་འོད་ཟེར་ཚུར་འདུས་བདག་ལ་ཐིམ། །དབུགས་ཉིད་ཕར་འཕྲོས་མདུན་བསྐྱེད་ཐུགས་རྒྱུད་བསྐུལ། །ཚུར་རྔུབ་བྱིན་རླབས་དངོས་གྲུབ་རང་ལ་བསྡུ། །དེ་ལྟར་དབུགས་ཀྱི་འཕྲོ་འདུ་རྣམས། །འོད་ཟེར་སྤྲོ་བསྡུ་དག་ལ་དམིགས། །བུམ་པ་ལ་ཡང་དེ་བཞིན་བྱ། །བུམ་པའི་ལྷ་ཚོགས་བ་སྤུའི་བུ་ག་ནས། །བདུད་རྩིའི་རྒྱུན་བྱུང་བུམ་པ་གང་བར་བསམ། སླར་ཡང་བུམ་པའི་ལྷ་ཚོགས་འོད་ཞུ་ནས། །འཁྱག་པ་ཆུ་རུ་ཞུ་བ་ལྟར། །བུམ་པའི་ཆུ་དང་གཉིས་མེད་འདྲེས་ནས་ནི། །བདུད་རྩིའི་རྒྱ་མཚོ་སྨན་གྱི་སྡོང་པོ་འགྲོ་ཀུན་ནད་གསོ་བའི་བཅུད་དུ་གྱུར་པར་དམིགས་ལ། བརྗོད་བྲལ་ངང་ལ་བཞག །ཐུན་བསྡུ་ཁར། རྗེ་བཙུན་ཤ་ཝ་རི་པའི་དཀྱིལ་འཁོར་འདི་ལ། བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས། ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ། བརྟན་པར་བཞུགས་སུ་གསོལ། བཞུགས་ནས་སེམས་ཅན་ཐམས་ཅད་ལ། མགོན་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ་ལོ། །འདོད་པའི་དོན་ལ་གསོལ་བ་གདབ། ཨཱ་ལི་ཀཱ་ལི་ཡི་གེ་བརྒྱ་པ་ཡེ་དྷརྨཱ་ལ་སོགས་བརྗོད། དེ་ནས་དབང་བཞི་འདིར་བླང་། གཞུང་ནས་བསྡུ་རིམ་སྤྱི་ལྟར་བྱ་གསུང་འདུག་པས། བསྔོ་བ་སྨོན་ལམ་ནི། ན་མོ་བདག་གིས་རྗེ་བཙུན་ཤ་ཝ་རི་པ་ཡི། །སྐུ་ཡི་རྡོ་རྗེ་ཆུ་ཟླ་ལྟར་གསལ་མཐུས། །འགྲོ་ཀུན་བདག་འཛིན་འཁྲུལ་པ་རབ་ཞི་ནས། །སྐུ་ཡི་རྡོ་རྗེ་དུས་འདིར་འགྲུབ་པར་ཤོག །གསལ་ཆ་འགག་མེད་ལྷ་སྔགས་མཐར་ཕྱིན་མཐུས། །སྒྲ་གྲགས་བདེན་འཛིན་འཁྲུལ་པ་ཞིག་ནས་ཀྱང་། །འགག་མེད་གསུང་གི་རྡོ་རྗེ་འགྲུབ་པར་ཤོག །མཐའ་བྲལ་ཟག་མེད་ཏིང་འཛིན་འདི་བསྒོམས་པས། །མ་རིག་གློ་བུར་དྲི་མའི་འཁྲུལ་ཞིག་ནས། །འཁྲུལ་མེད་ཐུགས་ཀྱི་རྡོ་རྗེ་འགྲུབ་པར་ཤོག །བསྐྱེད་རྫོགས་སྔགས་བཟླས་འདི་ཡི་དགེ་ཚོགས་ཀྱིས། །སྐྱེ་འགྲོ་བདེ་ལྡན་ནད་མུག་འཁྲུགས་ཞི་ཞིང་། །འགྲོ་ཀུན་ཕྱམ་གཅིག་རྫོགས་པའི་སངས་རྒྱས་ནས། །ཚེ་གཅིག་བུདྡྷ་འཁོར་བ་དོང་སྤྲུགས་ཤོག །སླར་ཡང་བསྡུ་བའི་རིམ་པ་ནི། བརྗོད་བྲལ་དབྱིངས་རིག་མ་བུ་འདྲེས། །སླར་ཡང་འོད་ཕུང་འཇའ་ལྟར་ཡལ། །གདོད་མའི་ཁྱབ་གདལ་དེ་ངང་བཞག །རྗེ་བཙུན་ཤ་བ་རི་པའི་དམིགས་པའི་དམིགས་འབྱེད་འདི་ཡང་། ལྷོ་ལྡེམ་གཤིས་ཀྱི་སྔགས་བཙུན་ཨོ་རྒྱན་རིག་འཛིན་གྱིས་བསྐུལ་བའི་ངོར། བདག་འདྲ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རིག་འཛིན་བདུད་འདུལ་རྡོ་རྗེས་སྤུ་སྟོད་བདེ་ཆེན་ཐང་དུ་སྦྱར་བའི་ཡི་གེའི་རིག་བྱེད་ཨོ་རྒྱན་བསྟན་སྲུང་ངོ་།། །། ༁ྃ༔ དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ལས༔ དཔལ་ལྡན་རི་ཁྲོད་མའི་བརྒྱུད་པའི་གསོལ་འདེབས་བདུད་རྩི་སྨན་མཆོག་བཞུགས་སོ༔ ཨོཾ་ཨཱཿཧཱུྃ༔ རང་རིག་ཀ་དག་ཀུན་བཟང་རྡོ་རྗེ་སེམས༔ མ་བཅོས་རང་གསལ་དགའ་རབ་ཤྲཱི་སེང༔ ཅིར་སྣང་ལྷུན་གྲུབ་པད་འབྱུང་མཚོ་རྒྱལ་ལ༔ རང་རིག་གཉུག་མའི་ངང་ནས་གསོལ་བ་འདེབས༔ སྐྱེ་མེད་དབང་ཐོབ་སྲིད་མཚོ་སྒྲོལ་བར་ཤོག༔ རིག་རྩལ་དབང་ཐོབ་འབྲོག་བན་བདུད་འདུལ་གླིང༔ རང་རིག་སྤང་ཐོབ་བྲལ་བ་ནོར་བུའི་མཚན༔ གཉིས་མེད་གཅིག་འདྲེས་རྩ་བའི་བླ་མ་ལ༔ རང་རིག་རང་གསལ་ངང་ནས་གསོལ་བ་འདེབས༔ གཉིས་མེད་ཡེ་རྫོགས་ཆེན་པོར་བྱིན་གྱིས་རློབས༔ སྣང་བའི་ངོ་བོ་རྗེ་བཙུན་ཤ་ཝ་རི༔ སྟོང་གསལ་འཛིན་མེད་རང་གསལ་ཡི་དམ་ལྷ༔ ཟུང་འཇུག་བླ་སྒྲུབ་ཡེ་ཤེས་ལྔ་ལྡན་ལ༔ སྐུ་ལྔ་ལྷུན་གྲུབ་ངང་ནས་གསོལ་བ་འདེབས༔ བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས༔ བསྐྱེད་རྫོགས་ཟུང་འབྲེལ་འདི་ཡི་དགེ་ཚོགས་ཀྱིས༔ བདག་གཞན་འགྲོ་དྲུག་སེམས་ཅན་མ་ལུས་པ༔ ཉོན་མོངས་དུག་ལྔའི་གཅོང་ནད་ཞི་བ་དང༔ སྐྱེ་འགྲོ་བདེ་ལྡན་སངས་རྒྱས་ལམ་སྦྱོར་ནས༔ ལྷུན་གྲུབ་གདོད་མའི་མགོན་མཆོག་ཐོབ་པར་ཤོག༔ ཅེས་རྗེ་བཙུན་ཤ་བ་རི་པའི་གསོལ་འདེབས་དུག་ལྔའི་ནད་སེལ་འདི་ཡང་ལྷོ་ལྡེམ་གཤིས་ཀྱི་སྔགས་བཙུན་ཨོ་རྒྱན་རིག་འཛིན་གྱིས་རི་ཁྲོད་མའི་གསོལ་འདེབས་དོན་ཉམས་ཐོག་ནས་སྦྱར་བ་ཉོན་མོངས་ནད་ལས་ཐར་བ་ཞིག་དགོས་ཞེས་བསྐུལ་བའི་ངོར། དུས་མཐའི་གཏེར་རྫུན་པ་རིག་འཛིན་བདུད་འདུལ་རྡོ་རྗེས། སྤུ་སྟོད་བདེ་ཆེན་ཐང་གི་མཚམས་ཁང་དུ་ཁྱབ་བརྡལ་གྱི་ངང་ནས་སྦྱར་བའོ། །ཡི་གེ་པ་ནི་དུས་མཐའི་བན་སྤྲང་དམ་ཆོས་རྒྱ་མཚོའོ། །སརྦ་མངྒ་ལཾ།། །།

TSAGLI image gallery goes here

Footnotes[edit]

Other Information[edit]

Disclaimer: This text comes from the Shechen Edition of the Rinchen Terdzö. Thanks go to Phil Battos for automation of uploading all the unicode Tibetan texts. The text was converted from TibetDoc and may have some small mistakes introduced as a result. If you notice any mistakes or inconsistencies in the text or anywhere on this website, please don't hesitate to contact the Tsadra Research Department (research at tsadra).