Rgya lo tsA ba rdo rje bzang po


རྒྱ་ལོ་ཙཱ་བ་རྡོ་རྗེ་བཟང་པོ་
rgya lo tsA ba rdo rje bzang po

Gya Lotsāwa Dorje Zangpo

Other names
  • གཏེར་སྟོན་རྒྱ་ལོ་ཙཱ་
  • རྡོ་རྗེ་བཟང་པོ་
  • gter ston rgya lo tsA
  • rdo rje bzang po
Dates
Birth:   11th Century
Place of birth:   'dzum lang
About

Religious Affiliations
Nyingma

Is emanation of
Gyalse Lhaje · Sangye Lama
Links
BDRC Link
https://www.tbrc.org/#!rid=P6944
Wiki Pages
Tertön Gyatsa Information from the Rinchen Terdzö
[edit]

The full Tertön Gyatsa text can be found at the following page: Volume 1 (ཀ), 341-765, 1a1-213a4.

Name in Gyatsa: རྒྱ་ལོ་ཙཱ་བ་རྡོ་རྗེ་བཟང་པོ་ (rgya lo tsA ba rdo rje bzang po)

Page #s for bio of this person: 408 to 409

Folio #s for bio of this person: 34b6 to 35a5

བལ་བོད་མཚམས་ནགས་མེ་ཤོར་མི་མང་ཚིག༔ པཱུརྞ་རྫ་རིར་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང༔ གཏེར་སྟོན་རྒྱ་ལོ་ཙཱ་ཞེས་བྱ་བ་འབྱུང༔ ཞེས་པའི་གཏེར་སྟོན་རྒྱ་ལོ་ཙཱ་ནི། སངས་རྒྱས་བླ་མའི་ཡང་སྲིད་དེ་མ་ཐག་པ་བལ་བོད་མཚམས་ཀྱི་འཛུམ་ལང་དུ་རྒྱའི་རིགས་སུ་འཁྲུངས། འཕྲལ་སྐད་མཁྱེན་པས་ལོ་ཙཱར་ཐོགས། མཚན་དངོས་རྡོ་རྗེ་བཟང་པོ་ཡིན། རྟེན་སྔགས་བཙུན། རྗེ་མར་པ་དང་དུས་མཚུངས། པཱུརྞ་རྫ་རི་སོགས་ནས་བླ་མ་བསྟན་གཉིས་སྐོར་གསུམ་སོགས་བཀའ་འདུས་སྙིང་པོའི་སྐོར། མན་ངག་ལམ་རིམ། སྙིང་དུམ། རྩ་གནས་རབ་དབྱེ། ཆུང་དཔྱད་པདྨ་གཅེས་ཕྲེང་ལ་སོགས་པའི་གཏེར་ཁ་མང་པོ་བཏོན་པར་བཤད། འོན་ཀྱང་ཐོག་སྔས་པས་ད་ལྟ་དཔེ་ལུང་གི་རྒྱུན་སོགས་མི་སྣང་ནའང་། གོང་དུ་སྨོས་པ་ལྟར་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པར་ཡེ་ཤེས་མཁའ་འགྲོས་གཏེར་དཔེ་དངོས་སུ་བསྩལ་པ་ལྟར། བླ་མ་བསྟན་གཉིས་སྐོར་གསུམ་ཟབ་ཏིག་མཐོང་བ་རང་གྲོལ་གྱི་གཞུང་ལེའུ་བརྒྱད་པ་ངོ་མཚར་ཅན་གཏན་ལ་ཕབ་ཅིང་བདག་ཅག་ལའང་སྨིན་གྲོལ་བཀའ་དྲིན་བསྩལ་པ་ལྟར་གཏེར་མཛོད་རིན་པོ་ཆེར་བཞུགས།

bal bod mtshams nags me shor mi mang tshig:_pUr+Na rdza rir sbas pa'i gter kha 'di:_mi bzhag 'don pa'i rtags de bstan nas 'byung:_gter ston rgya lo tsA zhes bya ba 'byung:_zhes pa'i gter ston rgya lo tsA ni/_sangs rgyas bla ma'i yang srid de ma thag pa bal bod mtshams kyi 'dzum lang du rgya'i rigs su 'khrungs/_'phral skad mkhyen pas lo tsAr thogs/_mtshan dngos rdo rje bzang po yin/_rten sngags btsun/_rje mar pa dang dus mtshungs/_pUr+Na rdza ri sogs nas bla ma bstan gnyis skor gsum sogs bka' 'dus snying po'i skor/_man ngag lam rim/_snying dum/_rtsa gnas rab dbye/_chung dpyad pad+ma gces phreng la sogs pa'i gter kha mang po bton par bshad/_'on kyang thog sngas pas da lta dpe lung gi rgyun sogs mi snang na'ang /_gong du smos pa ltar bka' babs bdun ldan pad+ma 'od gsal mdo sngags gling par ye shes mkha' 'gros gter dpe dngos su bstsal pa ltar/_bla ma bstan gnyis skor gsum zab tig mthong ba rang grol gyi gzhung le'u brgyad pa ngo mtshar can gtan la phab cing bdag cag la'ang smin grol bka' drin bstsal pa ltar gter mdzod rin po cher bzhugs


List of Cycles Associated with this Person

  1. Bla ma bstan gnyis skor gsum (4 of 4 Texts)

List of Works in the Rinchen Terdzö

  1. བླ་མ་སྐུ་གསུམ་བདེ་གཤེགས་འདུས་པའི་ཟབ་ཏིག་མཐོང་བ་རང་གྲོལ་བཞུགས་སོ༔ བླ་མ་བསྟན་གཉིས་སྐོར་གསུམ་གྱི་སྙིང་པོ་ (Vol. 6, Text 11)
  2. བླ་མ་བསྟན་གཉིས་སྐོར་གསུམ་གྱི་སྙིང་པོ་ཟབ་ཏིག་མཐོང་བ་རང་གྲོལ་གྱི་སྤྲོས་མེད་སྒྲུབ་པའི་ཕྲིན་ལས་ (Vol. 6, Text 12)
  3. བླ་མ་བསྟན་གཉིས་སྐོར་གསུམ་གྱི་སྙིང་པོའི་དོན་དབང་བཀླག་ཆོག་ཏུ་བཀོད་པ་བདུད་རྩིའི་ཐིགས་པ་ (Vol. 6, Text 13)
  4. བླ་མ་བསྟན་གཉིས་སྐོར་གསུམ་གྱི་ཟབ་ཏིག་སྤྲོས་མེད་བསྙེན་པའི་ཉམས་ལེན་གསལ་བར་བྱེད་པ་ཡེ་ཤེས་མེ་ལོང་ (Vol. 6, Text 14)